མཐོང་རྒྱུན་གྱི་བང་མཛོད། • Transmission by Seeing • 見傳寶藏

Image

མཐོང་རྒྱུན་གྱི་བང་མཛོད། • Transmission by Seeing • 見傳寶藏

རྡོར་སློབ་བསྟན་དགའ་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས། • Dorlop Tenga Rinpoche • 天噶仁波切
ཁྲ་འགུ་རིན་པོ་ཆེ་དགུ་པ། རྒྱལ་དབང་བཅུ་བདུན་པ། ཏཱ་ཡི་སི་ཏུ་རིན་པོ་ཆེ་བཅུ་གཉིས་པ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བཞི་པ། རྒྱལ་ཚབ་བཅུ་རིན་པོ་ཆེ་གཉིས་པ། དཔའ་བོ་རིན་པོ་ཆེ་བཅུ་གཅིག བསྟན་འཛིན་རྣམ་རྒྱལ། 3rd Tenga Rinpoche, 17th Karmapa Ogyen Trinley Dorje, 12th Tai Situ Rinpoche, 4th Jamgon Kongtrul Rinpoche, 12th Gyaltsab Rinpoche, 11th Pawo Rinpoche, Tendzin Namgyal 第九世創古仁波切, 第十七世大寶法王, 第十二世大司徒仁波切, 第四世蔣貢康楚仁波切, 第十二世嘉察仁波切, 第十一世巴沃仁波切, 丹增南嘉
འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ཉིན་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་ངོ་བོ། བསྟན་འགྲོའི་དོན་དུ་མིའི་གཟུགས་སུ་བསྟན་པ། ༸རྒྱལ་དབང་ཀརྨ་པ་ཞེས་ས་གསུམ་ན་སྙན་པར་གྲགས་པ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་ནོར། གང་དེའི་སྐུ་ཕྲེང་ན་རིམ་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པ། གངས་ཅན་བོད་ཀྱི་ཡུལ་དུ་མཚན་དཔེའི་མེ་ཏོག་བཞད་ནས་བགྲང་བྱ་བརྒྱ་ཕྲག་དགུ་ཟིན་ཅིང་། བསྟན་པ་དར་རྒྱས་གནས་པ་དང་། འགྲོ་ལ་བདེ་སྐྱིད་འབྱུང་བ། ཉམས་རྟོགས་ཡོན་ཏན་སྐྱེ་བ། བསོད་ནམས་ཀྱི་ཚོགས་རྫོགས་པ་ལ། མཚན་ཉིད་དང་ལྡན་པའི་བླ་མ་རྗེས་སུ་དྲན་པས་མཆོད་པ་ལས་ལྷག་པ་མེད་པའི་ཕྱིར་ན། དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁོངས་སུ་གཏོགས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་རྣམས་མཉམ་རུབ་ཀྱིས་འཛམ་གླིང་གི་ས་གནས་གང་སར། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ལས་རིམ་སྔ་རྗེས་དུ་མ་སྤེལ། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོའི་ཆ་ཤས་སུ། བསྟན་དགའ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་དང་སྐུ་པར་ལྷན་བསྡེབས་ཀྱི་མཛད་རྣམ་བརྙན་དེབ་མཐོང་རྒྱུན་གྱི་བང་མཛོད་ཞེས་ཕྱོགས་སྒྲིག་པར་བསྐྲུན་ཞུས་པ་དེ་དག་འཛམ་གླིང་ཤར་ནུབ་ཀྱི་རྗེས་འཇུག་སློབ་འབངས་དང་ཞིབ་འཇུག་པ་དག་གི་སླད་དུ་དེང་དུས་ཀྱི་ཆ་འཕྲིན་ལ་བརྟེན་ནས་ང་ཚོས་ད་ལན་འཕྲུལ་དེབ་ཏུ་བཟོས་པ་ཡིན།
སྡེ་ཚན་གཅིག་པ།
ཨ་ཕོ་དགའ་དགའི་ངོ་མཚར་བའི་མཛད་རྣམ།
རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར།
གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།
The Glory of Dharma • ཆོས་ཀྱི་སྙན་གྲགས།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གཉིས་པ།
གཏེར་ཆེན་མི་འགྱུར་རྡོ་རྗེའི་རྣམ་ཐར།
༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་རང་རྣམ་ཐོར་བུ་ཕྱོགས་བསྡུས།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། དེབ་འཕྲེང་གཉིས་པ།
Image