བདེ་ཆེན་གྱི་གར་མཁན། • Dancer of Great Bliss • 大樂舞者

Image

བདེ་ཆེན་གྱི་གར་མཁན། • Dancer of Great Bliss • 大樂舞者

མཁན་པོ་ཚུལ་ཁྲིམས་རྒྱ་མཚོའི་མཛད་རྣམ་སྙིང་བསྡུས། • Tsultrim Gyamtso Rinpoche • 竹清嘉措仁波切
ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ། རྒྱལ་དབང་བཅུ་བདུན་པ། ཏཱ་ཡི་སི་ཏུ་རིན་པོ་ཆེ་བཅུ་གཉིས་པ། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་བཞི་པ། རྒྱལ་ཚབ་བཅུ་རིན་པོ་ཆེ་གཉིས་པ། དཔའ་བོ་རིན་པོ་ཆེ་བཅུ་གཅིག རྫོགས་ཆེན་དཔོན་སློབ་རིན་པོ་ཆེ། Tsültrim Gyamtso Rinpoche, 17th Karmapa Ogyen Trinley Dorje, 12th Tai Situ Rinpoche, 4th Jamgon Kongtrul Rinpoche, 12th Gyaltsab Rinpoche, 11th Pawo Rinpoche, Dzogchen Ponlop Rinpoche 竹清嘉措仁波切, 第十七世大寶法王, 第十二世大司徒仁波切, 第四世蔣貢康楚仁波切, 第十二世嘉察仁波切, 第十一世巴沃仁波切, 竹慶本樂仁波切
འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ཉིན་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་ངོ་བོ། བསྟན་འགྲོའི་དོན་དུ་མིའི་གཟུགས་སུ་བསྟན་པ། ༸རྒྱལ་དབང་ཀརྨ་པ་ཞེས་ས་གསུམ་ན་སྙན་པར་གྲགས་པ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་ནོར། གང་དེའི་སྐུ་ཕྲེང་ན་རིམ་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པ། གངས་ཅན་བོད་ཀྱི་ཡུལ་དུ་མཚན་དཔེའི་མེ་ཏོག་བཞད་ནས་བགྲང་བྱ་བརྒྱ་ཕྲག་དགུ་ཟིན་ཅིང་། བསྟན་པ་དར་རྒྱས་གནས་པ་དང་། འགྲོ་ལ་བདེ་སྐྱིད་འབྱུང་བ། ཉམས་རྟོགས་ཡོན་ཏན་སྐྱེ་བ། བསོད་ནམས་ཀྱི་ཚོགས་རྫོགས་པ་ལ། མཚན་ཉིད་དང་ལྡན་པའི་བླ་མ་རྗེས་སུ་དྲན་པས་མཆོད་པ་ལས་ལྷག་པ་མེད་པའི་ཕྱིར་ན། དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁོངས་སུ་གཏོགས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་རྣམས་མཉམ་རུབ་ཀྱིས་འཛམ་གླིང་གི་ས་གནས་གང་སར། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ལས་རིམ་སྔ་རྗེས་དུ་མ་སྤེལ། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོའི་ཆ་ཤས་སུ། མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་བརྟན་བཞུགས་རྒྱས་པ་དང་སྐུ་པར་ལྷན་བསྡེབས་ཀྱི་མཛད་རྣམ་བརྙན་དེབ་བདེ་ཆེན་གྱི་གར་མཁན་ཞེས་ཕྱོགས་སྒྲིག་པར་བསྐྲུན་ཞུས་པ་དེ་དག་འཛམ་གླིང་ཤར་ནུབ་ཀྱི་རྗེས་འཇུག་སློབ་འབངས་དང་ཞིབ་འཇུག་པ་དག་གི་སླད་དུ་དེང་དུས་ཀྱི་ཆ་འཕྲིན་ལ་བརྟེན་ནས་ང་ཚོས་ད་ལན་འཕྲུལ་དེབ་ཏུ་བཟོས་པ་ཡིན།
སྡེ་ཚན་གཅིག་པ།
Wspaniały XVI Karmapa
བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།
Karmapa: 900 Anni
སྣང་མཛད་ཉི་མའི་དཀྱིལ་འཁོར། • The Illuminating Orb of the Sun • 光明日輪
གསང་སྔགས་སྔ་འགྱུར་གྱི་བརྒལ་ལན་ཕྱོགས་བསྒྲིགས།
Two Autobiographical Praises
ཕྱག་ཆེན་རྒྱ་གཞུང་གི་སྨིན་གྲོལ་ཐོབ་ཡིག །
Amrita of Eloquence
ཨ་ཕོ་དགའ་དགའི་ངོ་མཚར་བའི་མཛད་རྣམ།
Le Premier Karmapa