བོད་སྐད།

• 139 •

Featured image for “དྭགས་པོའི་བླ་རྣལ་དང་ཚོགས་མཆོད།”

དྭགས་པོའི་བླ་རྣལ་དང་ཚོགས་མཆོད།

EPUB PDF

མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་མོ། ཆོས་རྒྱལ་དྭགས་པོ་ལྷ་རྗེའི་བླ་སྒྲུབ་འདི་ནི་མཁན་ཆེན་ཟླ་བཟང་སྐུ་ཕྲེང་དང་པོ། ངེས་དོན་བསྟན་པ་རབ་རྒྱས་ཀྱི་དག་སྣང་ལས་བྱུང་བའི་དགོངས་པ་གཞིར་བཞག །འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་རྒྱས་བསྡུས་འཚམས་པའི་ཕྱོགས་བསྒྲིགས་མཛད་པ་ཡིན་ལ། ལྷན་ཐབས་ཚོགས་མཆོད་དེ་ནི་ཀརྨ་ཆགས་མེད་སྐུ་ཕྲེང་ལྔ་པས་མཛད་པ་ཡིན། ད་རེས་ 2022 ལོའི་མར་རྔོག་དབྱར་ཆོས་ཆེན་མོ་དེ་དྭགས་པོ་རིན་པོ་ཆེའི་དུས་མཆོད་དང་སྟབས་འགྲིག་པས། རྒྱལ་དབང་བཅུ་བདུན་པ་ཆེན་པོས་རྒྱ་བལ་འབྲུག་གསུམ་གྱི་ཀར་དགོན་རྣམས་ནས་བླ་སྒྲུབ་འདི་ཉིད་ཀྱི་སྒོ་ནས་ཚོགས་མཆོད་འབུལ་དགོས་པའི་བཀའ་ཕེབས་དོན་ལྟར། གུས་འབངས་དམ་ཆོས་བང་མཛོད་ནས་སྒྲུབ་པའི་མཆོད་པར་དམིགས་ཏེ་འཕྲུལ་དེབ་ཏུ་པར་སྐྲུན་ཞུས་པ་དགེའོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན།”

བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན།

EPUB PDF PDF PECHA

བླ་སྒྲུབ་འདི་ནི་ཐོག་མར་མཚུར་གྲྭ་ལྷ་ཕྲུག་ནས་བསྐུལ་མ་ཞུས་པ་དང་། དེ་རྗེས་དཔལ་ལྡན་དུས་གསུམ་མཁྱེན་པ་སྐུ་བལྟམས་ནས་ལོ་ངོ་དགུ་བརྒྱ་འཁོར་བའི་དུས་དྲན་ཀྱི་ཉེེར་མཁོའི་སླད། ཀཾ་ཚང་དགོན་སྡེ་སྤྱི་མགྲིན་ནས་གསོལ་འདེབས་ཞུས་དོན་ལྟར། རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ལྗགས་རྩོམ་མཛད་པ་ཡིན། དེའང་བླ་སྒྲུབ་འདིའི་མཛད་བྱང་དུ་རྒྱལ་དབང་མཆོག་ནས་ “དམ་པ་གོང་མ་རྣམས་ཀྱི་གསུང་དཀྱུས་སུ་བྱས་ཤིང་། ལྷན་ཐབས་རྣམས་ཀྱང་སྐྱབས་རྗེ་ཡབ་སྲས་རྣམས་ཀྱིས་ལྗགས་རྩོམ་ལྷད་མེད་པས་བརྒྱན་ཏེ་ཡིག་ཆུང་ཕྲན་བུ་དང་སྡོམ་གསུམ་བསྔོ་བགྲང་ཙམ་ལས་བདག་རང་གི་རྨོངས་རྩོམ་བགྱི་བ་ཆེས་ཉུང་བར་བགྱིས་ཏེ་བཀུར་བསྟི་བགྱིད་པ་ལགས་” ཞེས་གསུངས་པ་ལྟར་རྒྱལ་བ་ཡབ་སྲས་རྣམས་ཀྱི་གསུང་དྲི་མ་མེད་པ་རྣམས་གཅིག་ཏུ་བསྡུས་པའི་བླ་སྒྲུབ་གཞན་ལས་ཁྱད་པར་དུ་འཕགས་པ། དཔལ་ལྡན་དུས་གསུམ་མཁྱེན་པའི་དུས་མཆོད་ནམ་ཡིན་ལ་འདོན་ན་བྱིན་རླབས་ཆེ་བ་ཞིག་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།”

གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།

སྟོད་ཆ། བར་ཆ། སྨད་ཆ།

EPUB 1 EPUB 2 EPUB 3 PDF 1 PDF 2 PDF 3

གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པའི་ཡ་གྱལ་ཐེག་ཆེན་གསང་སྔགས་ཀྱི་གཏེར་སྟོན་ཆེན་མོ་གུ་རུ་ཆོས་དབང་ནི་། ཡབ་སྔགས་འཆང་སྤང་སྟོན་གྲུབ་པའི་སྙིང་པོ་དང་ཡུམ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲིས་སུ་སྤྱི་ལོ་ ༡༢༡༢ ལོར་ལྷོ་བྲག་ལ་ཡག་ཏུ་འཁྲུངས་པ་ཡིན། གདུང་སྲས་བླ་མ་པདྨ་ཚེ་དབང་རིན་པོ་ཆེས་ཕྱོགས་སྒྲིག་བྱས་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས་ཞེས་པའི་དེབ་ཕྲེང་གསུམ་གྱི་སྟོད་ཆར་གུ་རུ་ཆོས་དབང་གི་སྐུའི་རྣམ་ཐར་སྐབས་བརྒྱད་མ་དང་གསུང་གི་རྣམ་ཐར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་ཐར། གུ་རུ་ཆོས་དབང་གི་རྣམ་ཐར་བཀའ་རྒྱ་བརྒྱད་མ་བཅས་ཡོད། དེབ་ཕྲེར་གཉིས་པར་གུ་རུ་ཆོས་དབང་གི་རྣམ་ཐར་རྣལ་ལམ་མ་དང་། ཞལ་གདམས། བསླབ་བྱ། མགུར་མ། སྨོན་ལམ་སོགས་ཕྱོགས་བསྒྲིགས་བྱས་ཡོད། དེབ་ཕྲེང་གསུམ་པར་གཏེར་ཁ་བཅོ་བརྒྱད་ཀྱི་རྣམ་གྲངས་གསལ་བའི་རྣམ་ཐར་དང་། ཆོས་དབང་གི་སྒྲུབ་ཐབས། སྤྲིང་ཡིག ཞུ་ལན། གཟུགས་སྔགས་ཟབ་མོ་རྣམས་ཕྱོགས་སྒྲིག་བྱས་ཡོད་པས་ཀུན་གྱི་གཟིགས་པར་འཚལ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་བཙུམ་གྱི་དངོས་བྱུང་ལོ་རྒྱུས།”

སྦས་ཡུལ་བཙུམ་གྱི་དངོས་བྱུང་ལོ་རྒྱུས།

༈ གཏེར་ཆེན་གུ་རུ་ཆོས་དབང་གི་བརྒྱུད་པ་སྔགས་བླ་བྲང་དང་འབྲེལ་བའི་སྦས་ཡུལ་བཙུམ་གྱི་དངོས་བྱུང་ལོ་རྒྱུས་ཡིག་རྙིང་དང་བཅས་པ་མེས་པོའི་ཞལ་ལུང་།

EPUB PDF

དེབ་འདིར་དགེ་བཤེས་དྲང་སྲོད་རྣམ་རྒྱལ་གྱིས་སྤྱིར་བཏང་སྦས་ཡུལ་བཙུམ་གྱི་སྣོད་བཅུད་ཀུན་གྱི་བྱུང་རབས་རྣམས་ཁ་གསལ་བཀོད་ཡོད་པ་དང་ལྷག་པར་དུ་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་བརྒྱུད་སྔགས་བླ་བྲང་གི་ཡིག་རྙིང་དག་དང་འབྲེལ་ཡོད་ཡིག་ཆ་དག་ལ་ཉམས་ཞིབ་ཡག་པོ་བྱས་ནས་བྲིས་པའི་བཙུམ་གྱི་ལོ་རྒྱུས་ཁུངས་ལྡན་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྒྲོལ་མའི་རྒྱུན་ཁྱེར་འགྲེལ་བ།”

སྒྲོལ་མའི་རྒྱུན་ཁྱེར་འགྲེལ་བ།

EPUB PDF

རྗེ་བཙུན་སྒྲོལ་མ་ནི། འཕགས་བོད་ཀུན་ན་ཡོངས་སུ་གྲགས་པའི་ཡི་དམ་གྱི་ལྷ་རྩ་ཆེན་ཡིན་ཞིང་། རྩེ་གཅིག་གུས་པས་གསོལ་བ་བཏབ་ན། རྐྱེན་ངན་ཞི་བ་དང་། བསམ་དོན་གྲུབ་པའི་ལོ་རྒྱུས་ཆེས་མང་ལ། གསོལ་བ་འདེབས་བྱེད་ཀྱི་ཆོ་ག་ཡང་ཆ་ལག་ཚང་བ་ཡིན་པ་གང་ཞིག་ལ། ཚིག་དོན་ཇི་བཞིན་གོ་བ་ནི། གལ་ཧ་ཅང་ཆེ་བ་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཞེ་སྡང་གི་རྒུན་འབྲུམ།”

ཞེ་སྡང་གི་རྒུན་འབྲུམ།

The Grapes of Wrath

PDF

“ཞེ་སྡང་གི་རྒུན་འབྲུམ་”ཞེས་པ་འདི་ནི་དངོས་ཡོད་རིང་ལུགས་པའི་བརྩམས་སྒྲུང་ཞིག་སྟེ་ཨ་རིའི་རྩོམ་པ་པོ་ཇོན་ སི་ཋེན་བྷེག་ལགས་ཀྱིས་བརྩམས་ཤིང་ ༡༩༣༩ ལོར་པར་སྐྲུན་བྱས་པ་རེད། འདི་ནི་ཨ་མེ་རི་ཀའི་མུ་གེ་ཆེན་པོའི་དུས་སྐབས་ (༡༩༢༩ – ༡༩༣༩) ལ་གཞི་བཅོལ་ཡོད་ཅིང་། དེབ་འདིས་ས་ཞིང་བོགས་མར་བླངས་པའི་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་ཚང་དེ་བརྗོད་གཞིར་བཟུང་ནས། དུས་སྐབས་དེའི་གྲངས་ལས་འདས་པའི་ཁྱིམ་ཚང་གཞན་རྣམས་དང་འདྲ་བར། དཔལ་འབྱོར་གྱི་དཀའ་ངལ་དང་། ཐན་པ། དེ་བཞིན་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བ་ལ་བརྟེན་ནས་རང་གི་འཚོ་ཐབས་ལ་དོ་ཕོག་ཐེབས་པའི་ཁྱིམ་ཚང་ཞིག་ཨོག་ལ་ཧོ་མའི་མངའ་སྡེར་ཡོད་པའི་རང་ཁྱིམ་ནས་བསྐྲད་པའི་སྐོར་བརྗོད་ཡོད། ལས་ཀ་དང་ས་ཞིང་། གོ་སྐབས་འཚོལ་བའི་བརྒྱུད་རིམ་འོག་ནས་ཁྱིམ་ཚང་འདི་ཁ་ལི་ཧྥོར་ནེ་ཡ་མངའ་སྡེ་ལ་སྤོར་ཞིང་། ལམ་བར་ནས་རང་གི་ཁྱིམ་མིའི་འབྲེལ་བ་དང་ཆེ་མཐོང་དམ་འཛིན་བྱེད་བཞིན་དུའང་སྔར་ལས་ལྷག་པའི་དཀའ་སྡུག་དང་། མཐོང་ཆུང་། གོད་ཆག་བཅས་བརྒྱུད་ཡོད་པ་རེད། “ཆེས་གྲགས་ཆེན་གྱི་ཨ་མེ་རི་ཀའི་བརྩམས་སྒྲུང་”ཞེས་ཡང་ཡང་བསྔགས་བརྗོད་བྱས་པའི་ “ཞེ་སྡང་གི་རྒུན་འབྲུམ་”ལ་ཨ་མེ་རི་ཀའི་རྒྱལ་ཡོངས་དཔེ་དེབ་བྱ་དགའ་དང་། བརྩམས་སྒྲུང་ཁྲོད་ཀྱི་ “ཕུལ་ལི་ཟར་ རྟགས་མ་”ཞེས་པའི་བྱ་དགའ་ཐོབ་ཡོད་ལ། སྐད་ཡིག་བཅུ་ཕྲག་མང་པོའི་ནང་ཕབ་བསྒྱུར་བྱས་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བཤེས་པའི་སྤྲིང་ཡིག་ཕལ་སྐད་དུ་བཀྲལ་བ་བློ་དམན་འཇུག་པའི་སྒོ།”

བཤེས་པའི་སྤྲིང་ཡིག་ཕལ་སྐད་དུ་བཀྲལ་བ་བློ་དམན་འཇུག་པའི་སྒོ།

EPUB PDF

སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེས་གསུངས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིངས་ཡིག་གི་འགྲེལ་པ་ཕལ་སྐད་དུ་བཀྲལ་བ་བློ་དམན་འཇུག་པའི་སྒོ་འདི་ཉིད། དམ་པའི་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་གནང་མཁན་དང་། བློ་གསར་བ་རྣམས་ལ་གོ་བདེ་ཞིང་ཕན་འདོགས་ཆེ་བར་བརྟེན། ད་ལམ་༼ebooks༽གྱི་སྟེང་གཟིགས་བདེ་བའི་ཆེད་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གསང་སྔགས་སྔ་འགྱུར་གྱི་བརྒལ་ལན་ཕྱོགས་བསྒྲིགས། དེབ་དང་པོ།”

གསང་སྔགས་སྔ་འགྱུར་གྱི་བརྒལ་ལན་ཕྱོགས་བསྒྲིགས། དེབ་དང་པོ།

རྗེ་ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེ། དཔའ་བོ་གཙུག་ལག་ཕྲེང་བ།

EPUB PDF

སྔ་འགྱུར་ཐུན་མོང་མ་ཡིན་པའི་རིང་ལུགས་ཆོས་ཁུངས་བཙུན་ལ་བརྒྱུད་པའི་ཆུ་བོ་བར་མ་ཆད་པ། བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་ལ། རང་གི་མིང་ཡང་གསལ་པོར་བཏོན་མ་སྤོབས་ནས་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་མཚན་གཡར་ནས་གསང་སྔགས་རྙིང་མའི་གྲོལ་བ་དྲུག་གི་ཆོས་སྐོར་སོགས་ལ་དགག་པ་བྲིས་པར་སྣང་བ་དེ་དག་ནི། དམ་པའི་ཆོས་ཟབ་མོ་ལ་སྡང་བ་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་སྐུར་བ་འདེབས་པ་དང་། དགེ་འདུན་གྱི་དབྱེན་འབྱེད་སོགས་ཀྱི་ལས་ཚབས་པོ་ཆེར་གྱུར་པས་ཆེས་ཡ་ང་བའི་གནས་སུ་གྱུར། རྗེ་བརྒྱད་པའི་གསུང་མ་ཡིན་པ་ནི། རྗེ་དེའི་ཟླ་བ་ལྟ་བུའི་ཐུགས་སྲས་ཆོས་རྗེ་དཔའ་བོ་གཙུག་ལག་ཕྲེང་བའི་ཞལ་སྔ་ནས། “རྙིང་མ་ལ་སྐྱོན་ཅན་དུ་སྒྲོགས་པའི་སྐྱེ་བོ་གཞན་ཡང་དུ་མ་ཡོད་ཅིང་། ཁྱད་པར་སྙིགས་དུས་ཀྱི་འགྲོ་བ་ཐམས་ཅད་ཀྱི་རེ་གནས་བདག་གི་སྐྱབས་མཆོག་མཚན་བརྗོད་པར་དཀའ་བ་ཀརྨ་པ་མི་བསྐྱོད་ཞབས་ཀྱི་འབྱམས་ཡིག་ཏུ་ཁ་གཡར་བྱས་པ་ཞིག་བྱུང་བས་སྔགས་རྙིང་མ་ལ་མོས་པ་མཐའ་དག་སེམས་འཁྲུགས་ཤིང་མ་དད་པ་སྤེལ་བ་ཞིག་བདུད་ཀྱི་དབང་གིས་བྱུང་བ་ལ་ནི། སྐྱབས་གནས་དམ་པ་ཉིད་ཀྱིས་ལན་རྒྱས་པར་བཀའ་སྩལ་པ་དྲང་པོའི་ས་བོན་ཞེས་བྱ་བ་ངོ་མཚར་རྨད་དུ་བྱུང་བ་ཡོད་པས་དེ་ཉིད་དུ་ལྟོས་ཤིག” ཅེས་འབྱུང་བ་ལྟར། རྗེ་ཀརྨ་པ་ལ་ཁག་གཡར་བའི་རྩོམ་ཡིག་སྤེལ་བ་དེའི་དྭོགས་སེལ་གྱི་ལེགས་བཤད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དྭགས་པོའི་བཀའ་འབུམ་ཐོབ་ཡིག །”

དྭགས་པོའི་བཀའ་འབུམ་ཐོབ་ཡིག །

EPUB PDF

བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་རྣམས་ཀྱི་ཉམས་ལེན་མན་ངག །སྐྱེས་བུ་གསུམ་གྱི་ལམ་རིམ་དང་། ཐབས་ལམ་ནཱ་རོའི་ཆོས་དྲུག །གྲོལ་ལམ་ཕྱག་རྒྱ་ཆེན་པོ་རྣམས། ཆུ་འགོ་གངས་ལ་ཐུག་པ་ནི། དྭགས་པོའི་བཀའ་འབུམ་ཡིན་ཅིང་། བཀའ་འབུམ་གྱི་ཁྲིད་ལུང་རྒྱུན་སྒྲུབ་བརྒྱུད་སོ་སོ་ནས་བར་མ་ཆད་དུ་བརྒྱུད་པ་ལས། ཐོབ་ཡིག་མུ་ཏིག་ཕྲེང་བ་འདི་ནི། ཀརྨ་ཀཾ་ཚང་གི་བླ་མ་རྣམས་ལས་ཇི་ལྟར་བརྒྱུད་པ་གསལ་བར་འཁོད་པ་མེ་ལོང་ལྟ་བུ་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། དེབ་འཕྲེང་གཉིས་པ།”

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། དེབ་འཕྲེང་གཉིས་པ།

ལོ་རྒྱུས་ཡིག་རྙིང་།

EPUB PDF

དེབ་འདིའི་ནང་བལ་བོད་ཀྱི་ས་མཚམས་སུ་གནས་པའི་སྦས་ཡུལ་འཁན་པ་ལུང་ངམ། ཙུམ་ལུང་པའི་ཆགས་ཚུལ། རིམ་གྱིས་རྙེད་ཚུལ། ས་ཡུལ་རྣམས་ཀྱི་མིང་འདོགས་ཚུལ། གཞན་ཡང་གཞི་བདག་རྣམས་ཀྱི་སྐོར། རིགས་རུས་ཀྱི་སྐོར་བཅས་བཞུགས་ཡོད། འདི་ནི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གཉིས་པ།”

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གཉིས་པ།

ཆོས་རྗེ་སྟོན་པ། མངའ་རིས་པཎ་ཆེན། ཡོལ་མོ་བསྟན་འཛིན་ནོར་བུ། གར་དབང་རྡོ་རྗེ། བསྟན་འཛིན་ནོར་བུ།

EPUB PDF

དེབ་འདིའི་ནང་བལ་བོད་ཀྱི་ས་མཚམས་སུ་གནས་པའི་སྦས་ཡུལ་སྐྱིད་མོ་ལུང་ངམ། ཙུམ་གྱི་ཡུལ་དུ་འཁྲུངས་པའམ། ཞབས་ཀྱིས་བཅག་མྱོང་བའམ། མཛད་འཕྲིན་སྐྱོངས་མྱོང་བའི་སྐྱེས་ཆེན་དམ་པ་ཆོས་རྗེ་སྟོན་པ། མངའ་རིས་པཎ་ཆེན། ཡོལ་མོ་བསྟན་འཛིན་ནོར་བུ། གར་དབང་རྡོ་རྗེ། བསྟན་འཛིན་ནོར་བུ་བཅས་ཀྱི་རྣམ་ཐར་རྣམས་བཞུགས་ཡོད། འདི་ནི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་ལ་བསྟོད་པ་མུ་ཏིག་ཕྲེང་མཛེས།”

བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་ལ་བསྟོད་པ་མུ་ཏིག་ཕྲེང་མཛེས།

JPG PDF

འཕགས་མ་འོད་ཟེར་ཅན་མའི་བསྟོད་པ་འདི་ནི་ཉེ་དུས་༧རྒྱལ་དབང་བཅུ་བདུན་པ་མཆོག་ནས་ལྷ་མོ་འོད་ཟེར་ཅན་མའི་སྟོང་མཆོད་གསར་རྩོམ་གནང་བའི་ནང་དུ་བཞུགས་ཡོད་ཀྱང་། དོན་གཉེར་ཅན་མང་པོའི་ཐུགས་འདུན་ལྟར་༧རྒྱལ་དབང་མཆོག་ནས་བསྟོད་པའི་མཚན་དང་། མཛད་བྱང་གསར་དུ་བཀའ་དྲིན་གསོལ་སྩལ་གྱིས་འདི་ག་དམ་ཆོས་འཕྲུལ་དེབ་ནས་ཟུར་འདོན་པར་སྐྲུན་ཞུས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ལམ་ལ།”

ལམ་ལ།

On the Road

PDF

“ལམ་ལ་”ཞེས་པ་འདི་ནི་ཇག་ ཁེ་རོ་ཨག་ལགས་ཀྱི་བརྩམས་ཆོས་སྙན་གྲགས་ཆེ་ཤོས་དེ་ཡིན། ཁེ་རོ་ཨག་ལགས་ཀྱིས་བརྩམས་སྒྲུང་འདི་ནི་མི་ཚེའི་ནང་དངོས་སུ་འགྲུལ་བཞུད་བྱས་པ་ལ་གཞིར་བཞག་ནས་བྲིས་ཡོད། དེ་ཡང་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གྲངས་ཀྱི་ནང་དུ་རང་གི་བློ་ཉེའི་གྲོགས་པོ་ནིལ་ ཁེ་སེ་ཌེ་སྟེ། བརྩམས་སྒྲུང་གི་ནང་དུ་ཌིན་ མོ་རི་ཡར་ཋི་ཞེས་པའི་མི་སྣར་གྱུར་ཡོད་པ་དེ་དང་ལྷན་དུ་ཨ་མེ་རི་ཀའི་ཤར་ནུབ་ལྷོ་བྱང་དུ་ཐེངས་འགའ་ལ་འགྲུལ་བཞུད་བྱས་པའི་ཉམས་མྱོང་ལ་གཞི་འཛིན་བྱས་ཡོད། གྲོང་ཁྱེར་ནེའུ་ཡོག་ནས་ཌན་ཝར་དང་། སན་ ཧྥ་རན་སི་སི་ཁོ། མེག་སི་ཁོ་གྲོང་ཁྱེར། དེ་བཞིན་ས་ཆ་དེ་དག་གི་བར་ལ་ཆགས་པའི་ཡུལ་གྲུ་ཁག་ནི་“ལམ་ལ་”ཞེས་པའི་བརྩམས་སྒྲུང་འདིའི་ནང་གི་ཕམ་པའི་མི་རབས་ཞེས་པའི་ལྟ་གྲུབ་ཀྱི་མཚོན་བྱེད་གྱུར་ཅིང་། ཐོལ་བྱུང་དང་འཁྱམ་མྱུལ་གྱི་འཚོ་བ་དེར་ཇེ་ཛི་རོལ་དབྱངས་དང་། འཁྲིག་སྤྱོད། ཉལ་ཐ། ཆང་རག་བཅས་ལོངས་སྤྱོད་བྱས་པ་དང་། འགོག་ཏུ་མེད་པའི་ལམ་ལ་བགྲོད་པའི་འདོད་པ་བཅས་ནག་འགྲོས་སུ་བཀོད་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སུམ་ཅུ་པའི་ཚིག་ལེའུར་བྱས་པ།”

སུམ་ཅུ་པའི་ཚིག་ལེའུར་བྱས་པ།

EPUB PDF

༢༠༢༢ ལོ་འགོར་བཀའ་བརྒྱུད་དགུན་ཆོས་འཕར་མ་ཚོགས་པའི་སྐབས་༧རྒྱལ་དབང་བཅུ་བདུན་པ་ཆེན་པོ་ནས་སེམས་ཙམ་སུམ་ཅུ་པའི་ཚིག་ལེའུར་བྱས་པའི་བཀའ་ཆོས་གནང་གཏན་ཁེལ་དོན་ལྟར། འདི་ག་དམ་ཆོས་འཕྲུལ་དེབ་ནས་ཞང་ཡེ་ཤེས་སྡེའི་འགྱུར་སུམ་ཅུ་པ་སྡེ་དགེ་བསྟན་འགྱུར་པར་མ་གཞིར་བཞག་ཐོག་པར་སྐྲུན་ཞུས་ཡོད་པ་དང་། དེ་བཞིན་རྒྱ་ཡིག་ཐོག་ཏུ་ཐང་ཧྱང་ཙང་གི་འགྱུར་དང་། དབྱིན་ཡིག་ཐོག་མཁན་པོ་འདྲེ་བས་ཀརྨ་ཆོས་འཕེལ་ནས་གསར་འགྱུར་མཛད་པ་རྣམས་ཀྱང་ཟུར་དུ་པར་སྐྲུན་ཞུས་ཡོད་ལགས་ན་དོན་གཉེར་ཅན་རྣམས་ལ་ཐུགས་ཕན་གསོས་རེ་ཆེ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དབུ་མ་ཤེས་རབ་ལ་འཇུག་པ།”

དབུ་མ་ཤེས་རབ་ལ་འཇུག་པ།

EPUB PDF

སློབ་དཔོན་ཟླ་བ་གྲགས་པས་མཛད་པ། དབུ་མ་ཤེས་རབ་ལ་འཇུག་པ་ནི། ལྟ་བས་སྤྲོས་པ་གཅོད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བླང་དོར་བྱ་བ། འབྲས་བུས་གཞན་དོན་བྱེད་པ་དག་སྟོན་པ། དབུ་མའི་གཞུང་ཀུན་གྱི་ཟབ་གནད་སྙིང་པོར་དྲིལ་བ་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སུམ་ཅུ་པའི་ཚིག་ལེའུར་བྱས་པའི་ཊཱིཀ་སེམས་དོན་གསལ་བ།”

སུམ་ཅུ་པའི་ཚིག་ལེའུར་བྱས་པའི་ཊཱིཀ་སེམས་དོན་གསལ་བ།

EPUB PDF

སློབ་དཔོན་དབྱིག་གཉེན་གྱི་གསུང་། སུམ་ཅུ་པ་ནི། ཐེག་ཆེན་སེམས་ཙམ་པའི་རྩ་གཞུང་སྟེ། སེམས་སེམས་བྱུང་གི་ངོས་འཛིན་དང་། ཀུན་བརྟགས་གཞན་དབང་ཡོངས་གྲུབ་ཀྱི་ཟབ་གནད་བསྟན་པ་ཡིན་ཕྱིར། ཐོས་བསམ་སྒོམ་པ་ལ་ཞུགས་པ་ཡིན་ནོ་ཅོག་གིས། རྒྱ་གཞུང་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ཤེས་གལ་ཆེ་བ་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཀརྨ་པ་རིག་པའི་རྡོ་རྗེའི་བླ་མའི་རྣལ་འབྱོར་ཆོ་ག །”

ཀརྨ་པ་རིག་པའི་རྡོ་རྗེའི་བླ་མའི་རྣལ་འབྱོར་ཆོ་ག །

EPUB PDF

ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་ནི། ཉམས་དང་རྟོགས་པའི་དབང་ཕྱུག་ཆེན་པོར་གྱུར་པས། སློབ་མའི་རྒྱུད་བྱིན་གྱིས་བརླབ་པར་ནུས་པའི་བླ་མ་མཚན་ཉིད་དང་ལྡན་པ་ཡིན་ཅིང་། བསྟན་པ་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བས། ཁོང་ནི་ནམ་ནམ་ཞར་ཞར་རྗེས་སུ་དྲན་པས་གསོལ་བ་འདེབས་པར་བྱའོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།”

སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།

སྐད་ཅིག་རེ་རེ་དོན་ལྡན་དུ་བསྒྱུར་བའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད།

Don’t Worry, Be Grumpy: Inspiring Stories for Making the Most of Each Moment

EPUB PDF

གྲགས་ཅན་གྱི་རྩོམ་པ་པོ་དང་ནང་པ་སངས་རྒྱས་པའི་བཙུན་པ་ཨ་ཇན་བྷི་རམ་མཆོག་གིས་དཔེ་དེབ་འདིའི་ནང་དུ་དགོད་བྲོ་ཞིང་བློ་སྒོ་འབྱེད་པའི་སྒྲུང་ཐུང་བརྒྱ་དང་བརྒྱད་བརྗོད་ཡོད། “སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།” ཞེས་པའི་དཔེ་དེབ་འདིའི་ནང་གི་སྒྲུང་རྣམས་ནི་ཀློག་པ་པོ་རྒྱ་ཆེན་པོའི་མོས་ཁམས་དང་མཐུན་པར་བྲིས་ཡོད། རྩོམ་པ་པོ་འདིས་རང་ཉིད་དང་རང་གི་སློབ་མའི་མི་ཚེའི་ནང་དུ་བྱུང་བའི་སྒྲུང་རྣམས་བརྗོད་ཡོད་ཅིང་། རྒྱུན་འབྱམས་ཀྱི་གཏམ་དཔེ་དང་ངག་སྒྲོས་རྣམས་ཕྱི་ཅི་ལོག་གི་ཚུལ་དུ་དྲངས་ཏེ་ཀློག་པ་པོ་རྣམས་ལ་མཚར་སྣང་སྐྱེད་པའི་སྒོ་ནས་མི་ཚེའི་ཟུར་སྣེ་མི་འདྲ་བ་ཞིག་ནས་ལྟ་བའི་བློ་སྒོ་ཕྱེ་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྗེ་བཙུན་ངལ་གསོའི་ཟུར་མཆན་མི་བསྐྱོད་ཞལ་ལུང་།”

རྗེ་བཙུན་ངལ་གསོའི་ཟུར་མཆན་མི་བསྐྱོད་ཞལ་ལུང་།

EPUB PDF

བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ཤེས་རབ་ཕུན་ཚོགས་མཆོག་གིས་བརྩམས་གནང་བའི་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་རྗེ་བཙུན་ངལ་གསོའི་ཟུར་མཆན་མི་བསྐྱོད་ཞལ་ལུང་ཞེས་པ་འདི་ཉིད་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་ཆེན་རྗེ་བཙུན་ངལ་གསོ་ལ་བསླབ་སྦྱང་གནང་མཁན་རྣམས་ཀྱི་ཐུགས་ལ་ངེས་བདེ་བ་དང་ཕན་ཐོགས་ཆེན་པོར་འབྱུང་བར་བརྟེན། ད་ལམ་འཕྲུལ་དེབ་(ebook)གི་ཐོག་དཔེ་སྒྲིག་བགྱིས་པ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “འགོས་ལོ་ཙཱ་བས་མཛད་པའི་རྒྱུད་བླ་མའི་འགྲེལ་པ།”

འགོས་ལོ་ཙཱ་བས་མཛད་པའི་རྒྱུད་བླ་མའི་འགྲེལ་པ།

EPUB 1 EPUB 2 PDF 1 PDF 2

རྒྱུད་བླ་མའི་འགྲེལ་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་། • མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས། སྔགས་ཕྱོགས་ཀྱི་གཞུང་ཐུན་མོང་མ་ཡིན་པ་ནི་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ནས་བཟུང་ནང་བརྟག་རྒྱུད་གསུམ་ཞེས་ཡོངས་སུ་གྲགས་པ་ཉིད་དེ། ཀུན་མཁྱེན་རང་བྱུང་ཞབས་ཉིད་ཀྱིས་མཛད་པའི་ཟབ་མོ་ནང་གི་དོན་རང་འགྲེལ་དང་བཅས་པ། སྟོན་པ་བདེ་བར་གཤེགས་པའི་ཞལ་ནས་འབྱུང་བའི་རྒྱུད་བརྟག་པ་གཉིས་པ། རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་རྒྱུད་བླ་མ་བཅས་ཡིན་ཏེ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཤེར་ཕྱིན་འཇིག་རྟེན་གསུམ་སྒྲོན་ལ་འཇུག་པ།”

ཤེར་ཕྱིན་འཇིག་རྟེན་གསུམ་སྒྲོན་ལ་འཇུག་པ།

EPUB PDF

མངོན་རྟོགས་རྒྱན་རྩ་འགྲེལ་གྱི་སྦྱོར་ཊཱིཀ་འཇིག་རྟེན་གསུམ་གྱི་སྒྲོན་མེ་ལ་འཇུག་པ་བཞུགས་སོ། ། • མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས། སྔགས་ཕྱོགས་ཀྱི་གཞུང་ཐུན་མོང་མ་ཡིན་པ་ནི་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ནས་བཟུང་ནང་བརྟག་རྒྱུད་གསུམ་ཞེས་ཡོངས་སུ་གྲགས་པ་ཉིད་དེ། ཀུན་མཁྱེན་རང་བྱུང་ཞབས་ཉིད་ཀྱིས་མཛད་པའི་ཟབ་མོ་ནང་གི་དོན་རང་འགྲེལ་དང་བཅས་པ། སྟོན་པ་བདེ་བར་གཤེགས་པའི་ཞལ་ནས་འབྱུང་བའི་རྒྱུད་བརྟག་པ་གཉིས་པ། རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་རྒྱུད་བླ་མ་བཅས་ཡིན་ཏེ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “མངོན་རྟོགས་རྒྱན་གྱི་འགྲེལ་པ་ཉུང་ངུ་རྣམ་གསལ།”

མངོན་རྟོགས་རྒྱན་གྱི་འགྲེལ་པ་ཉུང་ངུ་རྣམ་གསལ།

EPUB PDF

མངོན་རྟོགས་རྒྱན་གྱི་འགྲེལ་པ་ཉུང་ངུ་རྣམ་གསལ་ཞེས་བྱ་བཞུགས་སོ། ། • མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས། སྔགས་ཕྱོགས་ཀྱི་གཞུང་ཐུན་མོང་མ་ཡིན་པ་ནི་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ནས་བཟུང་ནང་བརྟག་རྒྱུད་གསུམ་ཞེས་ཡོངས་སུ་གྲགས་པ་ཉིད་དེ། ཀུན་མཁྱེན་རང་བྱུང་ཞབས་ཉིད་ཀྱིས་མཛད་པའི་ཟབ་མོ་ནང་གི་དོན་རང་འགྲེལ་དང་བཅས་པ། སྟོན་པ་བདེ་བར་གཤེགས་པའི་ཞལ་ནས་འབྱུང་བའི་རྒྱུད་བརྟག་པ་གཉིས་པ། རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་རྒྱུད་བླ་མ་བཅས་ཡིན་ཏེ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དབུ་མ་ལ་འཇུག་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ།”

དབུ་མ་ལ་འཇུག་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ།

EPUB PDF

རྣམ་པར་དགེ་བའི་དུས་ཀྱི་ཆར་རང་ཅག་ཁ་བ་རི་པའི་བཅུ་ཕྲག་རིག་པའི་གནས་ཀྱི་གསུང་རབ་རྣམས་མ་ཉམས་གོང་འཕེལ་དང་ཉས་པ་སླར་གསོའི་ཆེད་དུ་གཅིག་ལས་དུ་མར་འཕྲུལ་པའི་ཚུལ་གྱིས་དཔེར་སྐྲུན་མཛད་ནས། མི་རབས་ནས་མི་རབས་ཀྱི་བར་དུ་རིག་ གནས་ཀྱི་སྲོལ་རྒྱུན་ནམ་ཡང་ཉམ་པ་མེད་པར་མཐུད་པའི་མུར། དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་གསུང་རབ་རྒྱ་མཚོའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་པ་འདི་ཡང་། བོད་སྔ་རབས་ཀྱི་དབུ་མའི་ལུགས་ཀྱི་བདེན་པ་གཉིས་པོའི་དོན་ཇི་ལྟར་གཏན་ལ་འབེབས་ཚུལ་སོགས་ཤིན་ཏུ་ཟབ་པའི་ཤེས་བྱའི་ཡིན་ལུགས་གསལ་བར་སྟོན་པའི་གཞུང་ལུགས་ཁྱད་དུ་འཕགས་པ་ཞིག་ཡིན་ལ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ནང་ཆོས་ངོ་སྤྲོད་དམ་ཆོས་བདུད་རྩིའི་ཉིང་ཁུ།”

ནང་ཆོས་ངོ་སྤྲོད་དམ་ཆོས་བདུད་རྩིའི་ཉིང་ཁུ།

EPUB PDF

བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ཤེས་རབ་ཕུན་ཚོགས་མཆོག་གིས་བརྩམས་གནང་བའི་ནང་ཆོས་ངོ་སྤྲོད་དམ་ཆོས་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་འདི་ཉིད་ལས་དང་པོ་པས་གོ་བདེ་ཞིང་ཉམས་ལེན་ལ་ཕན་པ་མ་ཟད་ནང་པའི་ཆོས་སྒོར་གསར་ཞུགས་རྣམས་སླ་ཆོས་སུ་མ་སོང་བར་ནང་ཆོས་ཀྱི་གོ་བ་ཟབ་མོ་རྒྱུད་ལ་སྐྱེ་བའི་ཕན་ཐོགས་ཆེན་པོ་བྱུང་ངེས་ལགས་པར་བརྟེན། ད་ལམ་འཕྲུལ་དེབ་ (Ebook) ཀྱི་ཐོག་དཔེ་སྒྲིག་བགྱིས་པ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多