གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།

གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།

གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།

གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།

སྟོད་ཆ། བར་ཆ། སྨད་ཆ།
གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག།
གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པའི་ཡ་གྱལ་ཐེག་ཆེན་གསང་སྔགས་ཀྱི་གཏེར་སྟོན་ཆེན་མོ་གུ་རུ་ཆོས་དབང་ནི་། ཡབ་སྔགས་འཆང་སྤང་སྟོན་གྲུབ་པའི་སྙིང་པོ་དང་ཡུམ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲིས་སུ་སྤྱི་ལོ་ ༡༢༡༢ ལོར་ལྷོ་བྲག་ལ་ཡག་ཏུ་འཁྲུངས་པ་ཡིན། གདུང་སྲས་བླ་མ་པདྨ་ཚེ་དབང་རིན་པོ་ཆེས་ཕྱོགས་སྒྲིག་བྱས་པའི་གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས་ཞེས་པའི་དེབ་ཕྲེང་གསུམ་གྱི་སྟོད་ཆར་གུ་རུ་ཆོས་དབང་གི་སྐུའི་རྣམ་ཐར་སྐབས་བརྒྱད་མ་དང་གསུང་གི་རྣམ་ཐར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་ཐར། གུ་རུ་ཆོས་དབང་གི་རྣམ་ཐར་བཀའ་རྒྱ་བརྒྱད་མ་བཅས་ཡོད། དེབ་ཕྲེར་གཉིས་པར་གུ་རུ་ཆོས་དབང་གི་རྣམ་ཐར་རྣལ་ལམ་མ་དང་། ཞལ་གདམས། བསླབ་བྱ། མགུར་མ། སྨོན་ལམ་སོགས་ཕྱོགས་བསྒྲིགས་བྱས་ཡོད། དེབ་ཕྲེང་གསུམ་པར་གཏེར་ཁ་བཅོ་བརྒྱད་ཀྱི་རྣམ་གྲངས་གསལ་བའི་རྣམ་ཐར་དང་། ཆོས་དབང་གི་སྒྲུབ་ཐབས། སྤྲིང་ཡིག ཞུ་ལན། གཟུགས་སྔགས་ཟབ་མོ་རྣམས་ཕྱོགས་སྒྲིག་བྱས་ཡོད་པས་ཀུན་གྱི་གཟིགས་པར་འཚལ།
History
རིན་ཆེན་གཏེར་མཛོད་ཆེན་མོའི་ཐོབ་ཡིག་གཏེར་གྱི་བུམ་པ།
གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།
གནས་བཤད་བཀའ་སློབ་ཕྱོགས་བསྒྲིགས།
གསང་སྔགས་སྔ་འགྱུར་གྱི་བརྒལ་ལན་ཕྱོགས་བསྒྲིགས།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར།
༈ གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་ལོ་རྒྱུས།
Image
མ་ཎི་འཁོར་ལོའི་བྱུང་བ་དང་ཕན་ཡོན།
གཏེར་ཆེན་མི་འགྱུར་རྡོ་རྗེའི་རྣམ་ཐར།
ཀརྨ་པ་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར།