བོད་སྐད་འཕྲུལ་དེབ་ཡོངས་རྫོགས།

• 130 •

Featured image for “ཁྲི་མངའ་གསོལ་གྱི་ཆོ་ག །”

ཁྲི་མངའ་གསོལ་གྱི་ཆོ་ག །

EPUB PDF

སྐྱེས་ཆེན་དམ་པའི་ཡང་སྲིད་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི་ཆོ་ག་ཕན་བདེ་ཉིན་མོར་བྱེད་པའི་སྣང་བ་ཞེས་པ་འདི་ནི་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོས་མཛད་པའི་གསུང་རྩོམ་གལ་ཆེ་བ་ཞིག་ཡིན་ཅིང་། དེ་ཡང་བོད་ལ་སྤྲུལ་སྐུའི་ལམ་ལུགས་ས་དགེ་བཀའ་རྙིང་ཐམས་ཅད་ལ་མ་ཁྱབ་པ་མེད་ཀྱང་། ཁྲི་མངའ་གསོལ་གྱི་ཆོ་ག་རང་རྐང་ཚུགས་པ་ནི་ཤིན་ཏུ་དཀོན། ལྷག་པར་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་ནི་ལོ་རྒྱུས་ཐོག་སྤྲུལ་སྐུའི་འབྱུང་ཁུངས་སུ་གྱུར་ཀྱང་སྤྲུལ་སྐུ་ཁྲི་འདོན་གྱི་ཆོ་ག་ནི་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཟིན་བྲིས་ལྟ་བུ་ཞིག་ལས་ཕལ་ཆེར་མི་སྣང་། དེར་བརྟེན་ལོ་འདིར་འབོ་དཀར་རིན་པོ་ཆེའི་ཡང་སྲིད་ཁྲི་ལ་མངའ་གསོལ་བའི་དོན་དུ་དགོས་མཁོ་ཆེ་བར་བརྟེན། འབོ་དཀར་མཁན་རིན་པོ་ཆེ་སོགས་ཀྱིས་བསྐུལ་མ་ཞུས་པ་ལྟར་༧རྒྱལ་དབང་བཅུ་བདུན་པས་བོད་ཀྱི་ཡིག་ཚང་རྣམས་ལས་རྒྱལ་པོ་མངའ་གསོལ་དང་། བརྟན་བཞུགས་ཀྱི་ཆོ་ག །ཁྲི་མངའ་གསོལ་གྱི་ཆོ་ག གཞན་ཡང་ཁྲི་མངའ་གསོལ་དང་འབྲེལ་བའི་གནས་ཚུལ་གསལ་བའི་རྣམ་ཐར་སོགས་འབྲེལ་ཡོད་ཀྱི་ཡིག་ཆ་ཐམས་ཅད་ལ་གཟིགས་རྟོག་མཛད་ནས། སྲོལ་རྒྱུན་གྱི་ཕྱག་བཞེས་དང་དེང་དུས་ཀྱི་དགོས་པ་གཉིས་ཀ་དང་མཐུན་པ། གཙོ་བོ་མདོ་ལུགས་ཀྱི་གནས་བརྟན་ཕྱག་མཆོད་ལ་སྦྱར་བའི་ཆོ་ག་རྒྱས་བསྡུས་འཚམས་ལ་ཚིག་དོན་རྨད་དུ་བྱུང་བ་འདི་ཉིད་མཛད། འདི་ནི་ལོ་རྒྱུས་རང་བཞིན་གྱི་གསུང་རྩོམ་ཡིན་ཅིང་། འབྱུང་འགྱུར་བསྟན་བདག་བླ་སྤྲུལ་མང་པོའི་ཡང་སྲིད་ངོས་འཛིན་དང་མངའ་གསོལ་བགྱི་བའི་སྐབས་དགོས་མཁོ་ཆེ་བའི་ཕྱིར་ད་རེས་ང་ཚོས་འཕྲུལ་དེབ་ཏུ་བཟོས་ནས་འགྲེམས་སྤེལ་ཞུས་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཀར་ལུགས་སྒྲོལ་མ་མཎྜལ་གྱི་ཆོ་ག །”

ཀར་ལུགས་སྒྲོལ་མ་མཎྜལ་གྱི་ཆོ་ག །

EPUB PDF

རྗེ་བཙུན་འཕགས་མ་སྒྲོལ་མ་ནི་རྒྱ་བོད་གཉིས་ཀར་འགྲོ་དོན་དང་འཕྲིན་ལས་ཆེ་ཤོས་ཀྱི་ལྷ་མོ་དེ་ཡིན་ལ། དེ་ཉིད་ལ་མཎྜལ་བཞི་ཆོག་བྱེད་པའང་རྗེ་བཙུན་སྒྲོལ་མ་སྒྲུབ་པའི་ཆོ་ག་དམིགས་བསལ་ཞིག་གོ །ལུགས་དེ་གཙོ་བོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བོད་དུ་དར་འཕེལ་བྱུང་བ་ལ། དེ་ལ་ཀམ་ཚང་ལུགས་དང་། སྣར་ཐང་ལུགས་དང་། ས་སྐྱའི་ལུགས་གསུམ་ཡོད་པར་གྲགས། བར་སྐབས་ཤིག་ནས་ཀམ་ཚང་གི་རྗེས་འཇུག་རྣམས་ཀྱིས་ཆོས་རྗེ་དུས་གསུམ་མཁྱེན་པ་ནས་བརྒྱུད་པའི་རང་ལུགས་དམིགས་བསལ་བ་ཞིག་ཡོད་པ་ཤེས་མཁན་ཙམ་ཡང་ཕལ་ཆེར་མེད་པར་གྱུར། ཀར་ལུགས་སྒྲོལ་མ་མཎྜལ་བཞི་ཆོག་གི་རྩ་བའི་ཡིག་ཆ་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པ་དེ་ཡིན་པ་ལ། དེ་ཉིད་མ་དཔེ་མི་གསལ་བ་དང་། ཚིག་སྣ་བསྡུས་དྲགས་པ། ཆོ་གའི་འགྲོས་ཞལ་གསལ་པོ་མེད་པ། གོང་འོག་མང་དུ་དཀྲུག་དགོས་པ་སོགས་ཀྱིས་ཐེངས་འདིར་༧རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་ནས་མཁའ་སྤྱོད་དབང་པོའི་གསུང་དེ་སོར་བཞག་གིས་ཀར་ལུགས་སྒྲོལ་མ་མཎྜལ་གྱི་ཆོ་ག་སྲིད་ཞིའི་དཔལ་ཡོན་འགུག་པའི་ལྕགས་ཀྱུ་ཞེས་པ་འདི་མཛད། འདི་ནི་རང་ལུགས་ཐུན་མོང་མ་ཡིན་པ་དེ་ཡིན་པ། ཆོ་གའི་ཡན་ལག་ཐམས་ཅད་ཚང་བ། ཞལ་ཤིན་ཏུ་གསལ་བ། ཁུངས་ལུང་རྒྱུ་མཚན་རྣམས་ཞིབ་ཕྲ་འཁོད་པ་སོགས་ཀྱིས་ཚིག་དོན་གཉིས་ཀ་ནས་རྨད་དུ་བྱུང་བ་ཞིག་ཡིན་པས་ང་ཚོས་ད་རེས་འདིར་འཕྲུལ་དེབ་ཀྱི་ལམ་ནས་པར་བསྐྲུན་ཞུས་པ་ལགས་ན། བརྒྱུད་པ་འདིར་ཞུགས་པའི་སྤྱི་སྒེར་ཐམས་ཅད་ཀྱིས་རང་བསྟན་རང་གཅེས་ཀྱི་ཚུལ་དུ་ཐུགས་སྣང་དང་ཉམས་བཞེས་གནང་བར་ཞུ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་ཙུམ་གྱི་གཞས་ཚིག་ཕྱོགས་བསྡེབས་དྲི་ཟའི་གླུ་དབྱངས།”

སྦས་ཡུལ་ཙུམ་གྱི་གཞས་ཚིག་ཕྱོགས་བསྡེབས་དྲི་ཟའི་གླུ་དབྱངས།

EPUB PDF

དཔེ་དེབ་འདིའི་ནང་དུ་སྦས་ཡུལ་ཙུམ་ཚོ་བཅུ་གསུམ་གྱི་གླུ་གཞས་རྣམས་ཕྱོགས་གཅིག་ཏུ་སྡེབ་ནས་ཕྱོགས་སྒྲིག་བྱེད་ཡོད། སྤྱིར་མི་རིགས་སོ་སོ་མུ་མཐུད་དེ་གནས་དགོས་ན་ངེས་པར་དུ་མི་རིགས་རང་ཉིད་ཀྱི་སྐད་རིགས་དང་རིག་གཞུང་། དེ་བཞིན་ཆོས་ལུགས་རྣམས་སྲུང་སྐྱོབ་བྱ་དགོས་པ་ཡིན། རིག་གཞུང་ལའང་མི་འདྲ་བ་སྣ་ཚོགས་ཡོད་པ་ལས་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གླུ་གཞས་རྣམས་ནི་རིག་གཞུང་གི་ཤིན་ཏུ་གལ་ཆེ་བའི་ཆ་ཤས་ཞིག་ཡིན། ཙུམ་པ་རྣམས་ལ་མེས་པོ་རྣམས་ནས་བརྒྱུད་པའི་ཐུན་མོངས་མ་ཡིན་པའི་སྔོན་གླུ་དུ་མ་ཞིག་ཡོད་པས། དེ་དག་རྣམས་མི་ཉམས་གོང་འཕེལ་དང་། ལྷག་པར་དུ་མ་འོངས་པར་ན་གཞོན་ཕོ་མོ་རྣམས་སོ་སོའི་སྲོལ་རྒྱུན་གླུ་གཞས་རྣམས་ཡིད་ལ་འཛིན་བདེ་བའི་ཆེད་དུ་དམིགས་ནས་ཕྱོགས་བསྡེབས་བྱས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དུས་མཁྱེན་ཐུགས་དམ་སྒྲོལ་མ་ལྷ་ལྔའི་ཆོ་ག །”

དུས་མཁྱེན་ཐུགས་དམ་སྒྲོལ་མ་ལྷ་ལྔའི་ཆོ་ག །

EPUB PDF

རྒྱ་གར་གྱི་སློབ་དཔོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་རྗེ་བཙུན་སྒྲོལ་མའི་ཆོས་སྐོར་ཐམས་ཅད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་ཅིང་། དེ་ཉིད་ཀྱི་ཐུགས་དམ་དུ་གྲགས་པའི་སྒྲོལ་མ་ལྷ་ལྔ་རྒྱ་གར་གྱི་གྲུབ་ཆེན་དངུལ་ཆུ་བཻ་རོ་ནས་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ལ་བཀའ་བབས་པས། དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ནང་གི་སྒྲོལ་མ་ལྷ་ལྔ་ཞེས་ཡོངས་སུ་གྲགས། དེ་ཉིད་དགེ་ལྡན་པ་དང་། ས་སྐྱ་པ་སོགས་ཆོས་བརྒྱུད་གཞན་གྱི་མཁས་པ་རྣམས་ཀྱིས་ཀྱང་གསན་བཞེས་མཛད་ཅིང་སྒྲུབ་ཐབས་ཕྱོགས་བསྒྲིགས་རྣམས་སུ་འཇུག་གནང་མཛད་པ་སོགས་ཀྱིས་ཤིན་ཏུ་ནས་གལ་ཆེ། འོན་ཀྱང་བར་སྐབས་ཕྱི་ནང་གི་རྐྱེན་དུ་མ་ལ་བརྟེན་ནས་བཀའ་བརྒྱུད་ཀྱི་བསྟན་པ་ཤིན་ཏུ་ཉག་ཕྲ་བར་གྱུར་པས། ༧སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཀམ་ཚང་གི་རྗེས་འཇུག་འགའ་ལ་དུས་མཁྱེན་གྱི་ཐུགས་དམ་ལྔ་ཚན་ལྔ་པོ་གང་དག་ཡིན་མིན་བཀའ་འདྲི་གནང་བར་ལན་མ་ཕོག་པའི་ཚུལ་རྗེ་ཉིད་ཀྱི་རང་རྣམ་དུ་གསལ། ༧རྒྱལ་མཆོག་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་རྒྱ་གར་དུ་ཆིབས་ཞལ་བསྒྱུར་རྗེས་རྔོག་དཀྱིལ་བདུན་གཙོ་བོར་གྱུར་པའི་བཀའ་བརྒྱུད་པའི་ཆོས་དང་མན་ངག་མང་པོ་བསྐྱར་གསོ་དང་དར་སྤེལ་གནང་བའི་ཕྲིན་ལས་ཀྱི་ཆ་ཤས་སུ། ད་རེས་དུས་མཁྱེན་གྱི་ཐུགས་དམ་སྒྲོལ་མ་ལྷ་ལྔའི་སྒྲུབ་དཀྱིལ་ཀྱི་ཆོ་ག་རིན་ཆེན་གཡུ་ཡི་ལྗོན་པ་ཞེས་བྱ་བ་འདི་ནི་༧རྒྱལ་དབང་མཆོག་ནས་སྒྲོལ་མའི་རྒྱུད་དང་རྒྱ་གཞུང་གལ་ཆེན་ཡོད་དོ་ཅོག་ལ་གཟིགས་རྟོག་མཛད་ཅིང་། ལྷག་པར་སྒྲོལ་མ་ལྷ་ལྔ་དང་འབྲེལ་བའི་རྒྱ་གཞུང་དང་བོད་གཞུང་རྣམས་ལ་སྲོལ་རྒྱུན་ལྟར་བསྐྱེད་རྫོགས་ཀྱི་མན་ངག་རྩད་གཅོད་དང་། ཕྱག་བཞེས་ཕྲ་མོ་ལའང་དག་ཐེར། དེང་རབས་ལྟར་ཚིག་དོན་རེ་རེའི་ཁུངས་ལུང་རྩད་ཞིབ་གནང་ནས་མཛད་པ་ཞིག་ཡིན་པས། འདི་ནི་སྒྲོལ་མའི་ཆོ་ག་ཞིབ་ཚགས་ཤོས་དང་། ལྷག་པར་སྒྲོལ་མ་ལྷ་ལྔའི་ཡིག་ཆ་རྒྱས་ཤོས་དང་། ལེགས་ཤོས་ལྟ་བུ་ཡིན་པ་བཤད་མ་དགོས་པར་མཐོང་བས། ང་ཚོས་ཐེངས་འདིར་འཕྲུལ་དེབ་ཏུ་བཞེངས་ནས་སྤེལ་བ་ཡིན་པས་དོན་གཉེར་ཅན་རྣམས་ཀྱིས་འདི་ཉིད་ཀྱི་སྒོ་ནས་བསྙེན་སྒྲུབ་ལས་གསུམ་དང་། དཀྱིལ་འཁོར་སྒྲུབ་མཆོད་སོགས་ཚུལ་བཞིན་དུ་མཛད་དེ་༧རྒྱལ་དབང་མཆོག་གིས་བསྟན་འགྲོའི་དོན་དུ་སྐུ་ངལ་འོ་བརྒྱལ་དཔག་མེད་མཛད་པ་རྣམས་ཆུད་ཟོས་སུ་མི་གཏོང་བའི་རེ་བ་ཞུའོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ནེ་པཱལ་གྱི་ལོ་རྒྱུས་མདོར་བསྡུས།”

ནེ་པཱལ་གྱི་ལོ་རྒྱུས་མདོར་བསྡུས།

EPUB PDF

དེབ་འདིའི་ནང་ནེ་པཱལ་གྱི་རྒྱལ་རབས་ལོ་རྒྱུས་དང་།  དེ་བཞིན་ནང་པའི་གནས་བཤད་བོད་ལ་མ་གྲགས་པ་ནེ་པཱལ་རང་གི་ལོ་རྒྱུས་ནང་གསལ་བའི་དོན་གནད་ཆེ་བ་རྣམས་བསྡུས་ནས་བྲིས་ཡོད།  སྤྱིར་བོད་སྐད་དུ་ནང་པའི་གནས་ཡིག་དང་བླ་མ་རྣམས་ཀྱི་རྣམ་ཐར་འབྲེལ་བའི་ལམ་ཡིག་ཙམ་ལས་རྒྱལ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ནི་མཇལ་རྒྱུ་ཆེས་དཀོན་པས་སྒྱུར་རྩོམ་བྱས་པ་ཞིག་ཡིན། འདི་ནི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “༧རྒྱལ་དབང་བཅུ་བདུན་པའི་བླ་སྒྲུབ་དང་གསོལ་འདེབས། དེ་གཉིས་ཀྱི་འགྲེལ་པ་བཅས།”

༧རྒྱལ་དབང་བཅུ་བདུན་པའི་བླ་སྒྲུབ་དང་གསོལ་འདེབས། དེ་གཉིས་ཀྱི་འགྲེལ་པ་བཅས།

Extended Edition

EPUB PDF

༧སྐྱབས་རྗེ་རྡོར་སློབ་བསྟན་དགའ་རིན་པོ་ཆེ་སྐུ་ཕྲེང་གསུམ་པས་མཛད་པའི་༧རྒྱལ་དབང་བཅུ་བདུན་པའི་བླ་སྒྲུབ་ཤིན་ཏུ་བསྡུས་པ་འདི་ནི།༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་སྒྲུབ་པའི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ཚིག་ཉུང་ཞིང་དོན་འདུས་པའི་རྒྱུན་ཁྱེར་འཁྱེར་བདེ་ཞིག་ཡིན་ལ། དེའང་ཐོག་མར་༧རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་སྐུ་ཉིད་ཀྱི་བླ་སྒྲུབ་བསྡུས་པ་ཞིག་མཛད་རོགས་གྱིས་ཞེས་གསུང་སྐུལ་ལན་མང་ཞུས་ཀྱང་། ག་ལེར་བལྟ་འོང་གསུངས་བ་ཙམ་ལས་མ་གནང་། ཕྱིས་༧སྐྱབས་རྗེ་རིན་པོ་ཆེ་ཉིད་ཀྱིས་དད་མོས་རྩེ་གཅིག་གིས་གསོལ་བ་བཏབ་སྟེ་བླ་སྒྲུབ་བསྡུས་པ་འདི་བརྩམས་ནས་༧རྒྱལ་དབང་མཆོག་ལ་ཕྲན་གྱིས་འདི་འདྲ་ཞིག་བྲིས་པའི་སྟེང་ནས་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་བྱས་ན་འཐད་དམ་ཞེས་གཟིགས་འབུལ་ཞུས་པས། ཚིག་འདི་བཞིན་བཏོན་ཏེ་ཉམས་ལེན་བྱས་པས་ཆོག་ཅེས་བཀའི་གནང་བ་དང་བྱིན་རླབས་ཐོབ་པ་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །”

ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །

EPUB PDF

རྒྱལ་བ་གཉིས་པ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་དགོངས་གཏེར་དུ་གྲགས་པའི་རྩ་གསུམ་དྲིལ་སྒྲུབ་བམ་ཚེ་དཔག་མེད་རྫུན་སྤོང་བའི་ཆོ་ག་ནི་གང་ཟག་གི་སྒོ་ནས་བོད་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱི་ཐོག་མ་དང་མཁས་གྲུབ་གཉིས་ལྡན་འགྲན་ཟླ་དང་བྲལ་བ་ཆོས་རྗེ་རང་བྱུང་རྡོ་རྗེ་ལས་བྱུང་ཞིང་། ཆོས་ཀྱི་དབང་དུ་བྱས་ན་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བླ་མ་དང་། ཡི་དམ་དང་། མཁའ་འགྲོ། ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་རྣམས་ལྷ་གཅིག་གི་ངོ་བོར་འདུས་པ་ཙམ་དུ་མ་ཟད་རྒྱུད་སྡེ་བཞི་ཀའི་གོ་ཆོད་པར་ཡང་གྲགས་པ་དང་། འདི་ཉིད་འགྲོ་མགོན་བཀའ་བརྒྱུད་པའི་བརྒྱུད་པ་ལས་བྱུང་བའི་ཚེ་སྒྲུབ་ཀྱི་ཆོ་ག་ལོ་རྒྱུས་རིང་ཞིང་འགྲོ་དོན་ཆེས་ཆེ་བ་ཞིག་ཡིན་པ་དང་། ཡང་སྒོས་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཕྱོགས་འདིར་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱི་སྐབས་སུ་ཚེ་སྒྲུབ་ཀྱི་ཆོ་ག་འཕྲིན་ལས་ཆེ་ཤོས་དེ་ཡིན་པར་གསལ་ནའང་། བར་སྐབས་ཤིག་ཏུ་རྙིང་ལུགས་ཀྱི་ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་གཙོ་བོ་དར་ནས་ཆོ་ག་འདིའི་བརྒྱུད་པ་མིང་ཙམ་དུ་འགྱུར་ཉེན་ཆེ་བར་གྱུར།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྒྱལ་བའི་རྒྱལ་ཚབ་གཽ་ཤྲཱི་ཆེན་པོའི་བླ་མཆོད་ཡེ་ཤེས་སྤྲིན་ཕུང་།”

རྒྱལ་བའི་རྒྱལ་ཚབ་གཽ་ཤྲཱི་ཆེན་པོའི་བླ་མཆོད་ཡེ་ཤེས་སྤྲིན་ཕུང་།

EPUB PDF

རྒྱལ་ཚབ་སྐུ་ཕྲེང་དང་པོ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་བླ་མ་མཆོད་པའི་ཆོ་ག་ཡེ་ཤེས་འོད་ཀྱི་སྤྲིན་ཕུང་ཞེས་བྱ་བ་འདི་ནི་ད་ལྟ་འཚོ་ཞིང་གཞེས་པ་རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་བཅུ་གཉིས་པ་ཆེན་པོས་མཛད་ཅིང་། འདི་ཉིད་གོ་ཤྲི་རིན་པོ་ཆེ་གཙོ་བོར་གྱུར་པའི་རྒྱལ་ཚབ་ན་རིམ་མཆོད་པའི་བླ་མ་མཆོད་པ་གཅིག་པུ་དེ་ཡིན་པ་ཙམ་དུ་མ་ཟད་ཚིག་རྒྱས་ཤིང་སྙན་ལ། དོན་ཟབ་ཅིང་བྱིན་ཆེ་བ་ཞིག་གོ། ད་རེས་གདན་ས་ར་ལང་དཔལ་ཆེན་ཆོས་གླིང་དུ་གོ་ཤྲི་དྲུག་བརྒྱའི་དུས་དྲན་ཚུགས་པ་ན་ཐོག་མར་ཞག་ལྔ་ཡི་རིང་དུ་ཕྱོགས་མཐའ་ཁག་ནས་འདུས་པའི་དགེ་འདུན་པ་རྣམས་པ་ཀྱིས་ཆོ་ག་འདིའི་སྒོ་ནས་བླ་མ་མཆོད་པ་རྒྱས་ཤིང་རྒྱས་པ་ཚུགས་ནས་རྟེན་འབྲེལ་གྱི་སྒོ་འཕར་ལེགས་པར་ཕྱེས་ཡོད་འདུག འདི་ནི་རྒྱལ་ཚབ་བཅུ་གཉིས་པའི་གསུང་རྩོམ་གལ་ཆེ་ཤོས་ཤིག་ཀྱང་ཡིན་པས་ན་ད་རེས་ང་ཚོས་འདིར་འཕྲུལ་དེབ་ཏུ་བཟོས་ནས་དོན་གཉེར་ཅན་རྣམས་ལ་ཆོས་སྦྱིན་གྱི་ཚུལ་དུ་ཕུལ་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཇོོ་བོོ་བཀའ་གདམས་པའི་ཟབ་ཆོས།”

ཇོོ་བོོ་བཀའ་གདམས་པའི་ཟབ་ཆོས།

PDF

སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་རིན་པོ་མཆོག་ནི་མདོ་སྔགས་རབ་འབྱམས་ཀྱི་གཞུང་ལ་ཐོས་བསམ་གྱིས་མཐའ་རྒྱ་བཅད་དེ། དད་བརྩོན་ཤེས་རབ་ལྡན་པའི་གང་ཟག་རྣམས་ལ་ཐོགས་པ་མེད་པར་འཆད་ནུས་པ་དང་། ཡི་དམ་གྱི་ལྷ་སོ་སོའི་དཀྱིིལ་འཁོར་དང་དབང་གི་ཆོ་ག་རེ་རེ་བཞིན་གྱི་ཕྱག་ལེན། རིག་འཛིན་གོང་མ་རྣམས་ནས་བརྒྱུད་པ་དག་ལ་རང་གིས་ངེས་ཏིག་སྦྱངས་ཤིང་གཞན་ལ་ཕྲ་ཞིབ་ནས་འདོམས་ནུས་པ་དང་། བསྙེན་སྒྲུབ་ཕྱོགས་མེད་དུ་བགྱིས་པས་མན་ངག་གི་གནད་གསང་རྣམས་ལ་ངེས་པ་རྙེད་པའི་རྗེ་བླ་མ་མཆོག་གིས་གནས་དུས་གང་སར་འཆད་སྤེལ་གནང་བའི་བཀའ་ཆོས་ཕབ་བཤུ་བགྱིས་པའི་དཔེ་དེབ། ཇོ་བོ་བཀའ་གདམས་པའི་ཟབ་ཆོས། ལམ་མཆོག་རིན་ཆེན་འཕྲེང་བའི་འོད་ཟེར། སྤྱོད་འཇུག་ཤེས་རབ་ལེའུ་སེམས་ཀྱི་ཉི་མ། ཕྱག་རྒྱ་ཆེན་པོའི་མན་ངག །འདི་རྣམས་ཀྱིས་ཁམས་དབང་མོས་པའི་བློ་དང་མཐུན་པར་གདུལ་བྱའི་རྒྱུད་ལ་རྣམ་དཀར་དགེ་ཚོགས་ཀྱི་བྱིན་རླབས་རྒྱུད་ལ་འཇུག་ཅིང་ཕྲིན་ལས་མི་ནུབ་ཕྱོགས་དུས་ཀུན་དུ་དར་རྒྱས་ཡོང་ཆེད་ད་རེས་འཕྲུལ་དེབ་སུ་སྤེལ་བ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ལམ་མཆོག་རིན་ཆེན་ཕྲེང་བའི་འོད་ཟེར།”

ལམ་མཆོག་རིན་ཆེན་ཕྲེང་བའི་འོད་ཟེར།

Featured image for “སྤྱོད་འཇུག་ཤེས་རབ་ལེའུའི་བཀའ་ཁྲིད་སེམས་ཀྱི་ཉི་མ།”

སྤྱོད་འཇུག་ཤེས་རབ་ལེའུའི་བཀའ་ཁྲིད་སེམས་ཀྱི་ཉི་མ།

Featured image for “ཕྱག་རྒྱ་ཆེན་པོའི་མན་ངག །”

ཕྱག་རྒྱ་ཆེན་པོའི་མན་ངག །

Featured image for “བྱིན་རླབས་འོད་ཟེར་འབར་བའི་གྲུ་ཆར།”

བྱིན་རླབས་འོད་ཟེར་འབར་བའི་གྲུ་ཆར།

EPUB PDF

རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ནི་སྐུ་གཟི་བརྗིད་དང་། གསུང་ལུང་བསྟན། ཐུགས་མངོན་པར་ཤེས་པ་བཅས་ཀྱིས་གདུལ་བྱ་མི་རིགས་དང་ཆོས་ལུགས་རིས་སུ་མ་ཆད་པ་འདུལ་ནུས་པའི་བླ་མ་འགྲན་ཟླ་བ་བྲལ་བ་ཞིག་ཡིན་པས་ན། གསོལ་བ་བཏབ་ན་བྱིན་གྱིས་རློབ་མིན་ཐེ་ཚོམ་མི་དགོས་པ་ཞིག་གོ།། དེ་ཉིད་ཀྱི་བླ་མའི་རྣལ་འབྱོར་སྐུ་བཞིའི་མྱུ་གུ་ལ་འགྲེལ་བ་མི་ཉུང་བ་ཡོད་པ་ལས། འདི་ནི་རྒྱལ་མཆོག་བཅུ་དྲུག་པ་ཉིད་ཀྱིས་སྐུ་གསུང་ཐུགས་གསུམ་གྱིས་རྗེས་སུ་བཟུང་ཞིང་བླ་མ་སངས་རྒྱས་དངོས་སུ་གཟིགས་པའི་དད་དམ་ལ་འགྱུར་བ་གཏན་ནས་བྲལ་བ་གོ་ཤྲི་རྒྱལ་ཚབ་བཅུ་གཉིས་པས་མཛད་པས་ན་བྱིན་རླབས་ཆེ་བ་ཙམ་དུ་མ་ཟད་ཚིག་དོན་ཀྱང་ཕུན་སུམ་ཚོགས་པའི་ལེགས་བཤད་ཡིན་པར་གདོན་མི་ཟ་བས་ན་ད་རེས་རྒྱལ་མཆོག་བཅུ་དྲུག་པའི་འདས་མཆོད་ཀྱི་ཉིན་མོ་འདི་རུ་འཕྲུལ་དེབ་བཟོས་ནས་སྤེལ་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་ལོ་རྒྱུས།”

གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་ལོ་རྒྱུས།

EPUB PDF

རྒྱལ་ཚབ་ན་རིམ་ལས་སྐུ་ཕྲེང་དང་པོ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ནི་རྒྱལ་མཆོག་ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན་གྱི་ཐུགས་སྲས་དང་། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོའི་རྩ་བའི་བླ་མ་ཡིན་པས་ན་ཀམ་ཚང་གི་གསེར་ཕྲེང་དུ་ཡང་བཞུགས། དེ་ཉིད་ཀྱི་ལོ་རྒྱུས་རྒྱལ་སྲས་དགྱེས་པའི་མཆོད་སྤྲིན་ཞེས་པ་འདི་ནི་རྩིས་ཆེ་ལེགས་མཐོང་གིས་ཞིབ་འཇུག་གི་ལམ་ནས་བརྩམས་པ་ཞིག་ཡིན་ཅིང་། འདིའི་ནང་དུ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ཙམ་མིན་པར་ཀརྨ་ཀམ་ཚང་དང་འབྲལེ་བའི་སྤྱི་ཡོངས་ཀྱི་ལོ་རྒྱུས་ཀྱི་གལ་གནད་ཀྱང་མི་ཉུང་བ་ཞིག་གསལ་བའི་ཆ་ནས་ད་རེས་རྒྱལ་ཚབ་དྲུག་བརྒྱའི་དུས་དྲན་དང་བསྟུན་ནས་འཕྲུལ་དེབ་བཟོས་ནས་སྤེལ་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་སྐྱིད་མོ་ལུང་བཙུམ་དགོན་པའི་ཞལ་འདོན་ཕྱོགས་བསྒྲིགས།”

སྦས་ཡུལ་སྐྱིད་མོ་ལུང་བཙུམ་དགོན་པའི་ཞལ་འདོན་ཕྱོགས་བསྒྲིགས།

EPUB PDF

“སྦས་ཡུལ་སྐྱིད་མོ་ལུང་བཙུམ་དགོན་པའི་ཞལ་འདོན་ཕྱོགས་སྒྲིག”ཞེས་པ་འདིར་སྤྱིར་བཏང་བཀའ་བསྟན་ལས་བྱུང་བ་དང་། དེ་བཞིན་བཀའ་རྙིང་སྤྱི་ཡོངས་ཀྱི་གསོལ་འདེབས། སྐུ་བསྟོད། གཟུངས་སྔགས། ཤི་གསོན་བསྔོ་བ་སྨོན་ལམ་སོགས་ཕྱོགས་བསྒྲིགས་བྱས་ཡོད་ཀྱང་དམིགས་བསལ་གྱི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གདུང་བརྒྱུད་བཙུམ་སྔགས་བླ་བྲང་དུ་བླ་རབས་ཀུན་གྱིིས་ད་བར་མི་ཉམས་ཉམས་བཞེས་གནང་བཞིན་པ་དང་སྒྲུབ་མཆོད་སྐབས་སུ་ཞལ་འདོན་གནང་བཞིན་པའི་གཏེར་ཆེན་ཉིད་ཀྱི་རྩ་གསུམ་དྲིལ་སྒྲུབ ཚེ་གཟུངས། སྨོན་ལམ། རྒྱུན་གཏོར། གསུར་མཆོད། བསྐང་གསོལ། མར་མེ་སྨོན་ལམ་བཅས་ཆོས་དབང་གཏེར་ཆོས་འགའ་ཕྱོགས་སྒྲིག་བྱས་ནས་སྦས་ཡུལ་བཙུམ་དགོན་པས་པར་བསྐྲུན་ཞུས་ཡོད། དེ་ཡང་སྔོན་གྱི་བླ་རབས་གོང་མས་ཕྱག་གིས་བྲིས་ནས་ཡོད་པ་རྣམས་ཡུན་རིང་སྤྱོད་པས་ཡི་གེ་མི་གསལ་བ་དང་ཤོག་བུ་རལ་བ་སོགས་བྱུང་འདུག་པས་གདུང་སྲས་བླ་མ་པདྨ་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་དཔེ་དེབ་དང་འཕྲུལ་དེབ་ཐོག་པར་བསྐྲུན་ཞུས་པ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཚོགས་ཆོས་མུ་ཏིག་ཕྲེང་བ།”

ཚོགས་ཆོས་མུ་ཏིག་ཕྲེང་བ།

EPUB PDF

བླ་མ་རིིན་པོོ་ཆེེ་ལྷ་རྗེེས་གསུངས་པ་ལ། བླ་མ་བསྒོོམ་ཚུལ་གྱིིས་ཡང་ཡང་ནན་ཏན་བྱས་ནས། རྣམ་ཐར་གཞན་དང་མ་འདྲེེས་པར་བླ་མས་གསུངས་པ་ལས་མ་ཆད་མ་ལྷག་པར། གསུང་སྒྲོོས་གྲུ་བཞིི་ལམ་མོོ་ཡིི་གེེ་བྲིིས། བླ་མའིི་བཀའ་སྲོོལ་མིི་ཅིིག་པ་དང་། མོོས་པ་མེེད་པ་དང་། ཉམས་སུ་མིི་ལེེན་པ་ལ་མིི་སྤེེལ་འཚལ། འདིིའིི་རྒྱུད་པ་ལ་གཉིིས་ཏེེ། སྔགས་དང་བཀའ་གདམས་གཉིིས་ཡིིན། སྔགས་ཀྱིི་རྒྱུད་པ་ནིི། རྡོོ་རྗེེ་འཆང་དང་ཡེེ་ཤེེས་ཀྱིིས་མཁའ་འགྲོོ་མ་གཉིིས་ཀྱིིས་ཏཻཻ་ལོོ་པ་དང་བྲམ་ཟེེ་ཆེེན་པོོ་ལ། དེེས་ནཱ་རོོ་མཻཻ་ཏྲིི། དེེས་མར་པ་ལ། དེེས་མིི་ལ་རས་པ་ལ། དེེས་བླ་མ་ལྷ་རྗེེ་ལའོོ། །བརྒྱུད་པ་ཅིིག་ནིི། ཤཱཀྱ་ཐུབ་པ། བྱམས་པ། ཐོོགས་མེེད། ཞིི་བ་ལྷ། གསེེར་གླིིང་པ། ཨ་ཏིི་ཤ །འབྲོོམ་སྟོོན་པ། སྤྱན་སྔ་བ། རྒྱ་བསྒོོམ། བླ་མ་ལྷ་རྗེེ་རིིན་པོོ་ཆེེ། བླ་མ་བསྒོོམ་ཚུལ། དེེ་ནས་རིིམ་པར་རྒྱུད་པའོོ། །ཚོོགས་ཆོོས་ཆེེན་པོོ་རྫོོགས་སོོ།། །།དགེེའོོ།།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། གསུམ་པ།”

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། གསུམ་པ།

གུར་རིགས་མདོ་ཆེན་གྱི་ལོ་རྒྱུས་པདྨ་རཱ་གའི་ཕྲེང་བ།

EPUB PDF

དེབ་འདིའི་ནང་སྟོད་འབྲུག་མ་བདུན་བཀའ་བརྒྱུད་ཀྱི་བྱུང་བ་དང་། མང་ཡུལ་སྐྱིད་གྲོང་ལ་ལྡེབས་དང་སྦས་ཡུལ་ཙུམ་དུ་གུར་རིགས་མདོ་ཆེན་པའི་བླ་བརྒྱུད་ཀྱི་བྱུང་རིམ་དང་།  ཇར་མ་ནིའི་སློབ་དཔོན་ཆེན་པོ་ཨེརྷཌ་མཆོག་གི་དབྱིན་བསྒྱུར་པདྨ་རཱ་གཱའི་ཕྲེང་བ་དང་། དེ་འབྲེལ་དཔྱད་རྩོམ་རྣམས་བཞུགས་ཡོད། འདི་ནི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པ་ཡིན།

ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པ་ནི། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ཧི་མ་ལ་ཡའི་ནང་གསེས་གྲངས་ཉུང་མི་རིགས་ཙུམ་གྱི་དགེ་འདུན་པ་འགའ་ཞིག་གིས་བཙུགས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། དེ་ཡི་དམིགས་ཡུལ་ནི་ད་ལྟ་བལ་ཡུལ་གྱི་མངའ་ཁུལ་དུ་ཆགས་ཤིང་ཆོས་དང་རིག་གཞུང་གང་ནས་ཀྱང་བོད་དང་ཁ་བྲལ་ཐབས་མེད་པའི་ཧི་མ་ལ་ཡའི་མི་རྒྱུད་རྣམས་ཀྱི་ལོ་རྒྱུས་སོགས་ཡིག་ཆ་སྤྱི་དང་། བྱེ་བྲག་དུ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ཞབས་དངོས་སུ་ བཅགས་ཏེ་ཕུག་རོན་ལྷའི་བུ་མོ་སོགས་མི་མ་ཡིན་པའི་འགྲོ་བའི་དོན་མཛད་པའི་གནས། སྦས་ཡུལ་ཙུམ་གྱི་ལོ་རྒྱུས་སོགས་ཡིག་ཆ་རྣམས་འཚོལ་བསྒྲུབ་དང་ཞིབ་འཇུག་བྱ་བའི་ཆེད་དུ་ཡིན། འདི་ལ་བརྟེན་ནས་བོད་དང་ཧི་མ་ལ་ཡའི་རླབས་ཆེན་གྱི་རིག་གཞུང་ལའང་ཆར་པ་ཆུ་གྲོགས་ལྟ་བུའི་ཞབས་ཏོག་ཕྲན་བུ་ཙམ་ཡོང་བའི་རེ་སྨོན་ཞུ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གསུམ་པ།”

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གསུམ་པ།

ཙུམ་དུ་བྱོན་པའི་སྐྱེས་ཆེན་དམ་རྣམས་ཀྱི་རྣམ་ཐར།

EPUB PDF

དེབ་འདིའི་ནང་བལ་བོད་ཀྱི་ས་མཚམས་སུ་གནས་པའི་སྦས་ཡུལ་སྐྱིད་མོ་ལུང་ངམ་ཙུམ་གྱི་ཡུལ་དུ་འཁྲུངས་པའམ། ཞབས་ཀྱི་བཅག་མྱོང་བའམ། མཛད་འཕྲིན་སྐྱོངས་མྱོང་བའི་སྐྱེས་ཆེན་དམ་པ་ཨོ་རྒྱན་དཔལ་བཟང་། པདྨ་དོན་གྲུབ། པདྨ་དབང་འདུས། པདྨ་ལྷུན་གྲུབ། ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོ་བཅས་ཀྱི་རྣམ་ཐར་རྣམས་བཞུགས་ཡོད། འདི་ནི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སེམས་ཙམ་པའི་ལྟ་གྲུབ་ཉི་ཤུ་པའི་འགྲེལ་པ་སེམས་ཙམ་འཇུག་ངོགས།”

སེམས་ཙམ་པའི་ལྟ་གྲུབ་ཉི་ཤུ་པའི་འགྲེལ་པ་སེམས་ཙམ་འཇུག་ངོགས།

EPUB PDF

༈ ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཉི་ཤུ་པའི་རབ་བྱེད་ཅེས་བྱ་བ་འདི་ནི། ཐེག་ཆེན་སེམས་ཙམ་པའི་ལྟ་གྲུབ་ཀྱི་རྩ་བའི་མདོ། མདོ་སྡེ་དགོངས་འགྲེལ་དང་། མདོ་སྡེ་ས་བཅུ་པ། ལང་ཀར་གཤེགས་པའི་མདོ། དེའི་དགོངས་འགྲེལ་དུ་སེམས་ཙམ་པའི་སློབ་དཔོན་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་སེམས་ཙམ་པའི་ལྟ་གྲུབ་ཀྱི་གཞི་ལམ་འབྲས་བུའི་རྣམ་བཞག་ལུས་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བར་གསལ་བའི་བསྟན་བཅོས་རྣམས་ཀྱི་སྙིང་པོ་སྟེ། གཙོ་བོ་ཕྱི་དོན་འགོག་པ་ལ་ཉི་ཤུ་པའི་རབ་བྱེད་ཅེས་དང་། སྣང་བ་སེམས་སུ་གྲུབ་པ་ལ་སུམ་ཅུ་པའི་རབ་བྱེད་ཅེས་ཡོངས་སུ་གྲགས་པ་ལས། སྐབས་སུ་ཉི་ཤུ་པའི་རབ་བྱེད་ཀྱི་འགྲེལ་པ། སློབ་དཔོན་དཀོན་མཆོག་བསམ་འཕེལ་གྱིས་བརྩམས་པའི་«སེམས་ཙམ་པའི་ལྟ་གྲུབ་ཉི་ཤུ་པའི་འགྲེལ་པ་སེམས་ཙམ་འཇུག་ངོགས་»ཞེས་པ་དེ་ནི་སེམས་ཙམ་བསྟན་པའི་མདོ་དང་། འཕགས་ཡུལ་མཁས་པའི་བསྟན་བཅོས་རྣམས་སུ་ཁུངས་གཏུགས་ནས་རྗོད་བྱེད་ཀྱི་ཚིག་ཉུང་ལ། བརྗོད་བྱ་གནད་འདུས་པོ། དོན་དྲིལ་བ་དེང་དུས་ཀྱི་བཤད་གྲྭའི་སློབ་གཉེར་བ་རྣམས་དང་། སེམས་ཙམ་པའི་ལྟ་གྲུབ་ལ་དོན་གཉེར་ཅན་ཀུན་ལ་ཕན་རླབས་ཆེན་པོ་ཡོད་པ་སྣང་ངོ་།།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གྲུབ་ཆེན་བདེ་ཆེན་རང་གྲོལ་གྱི་བླ་མའི་རྣལ་འབྱོར་དང་ཞལ་གདམས་གཅེས་བཏུས།”

གྲུབ་ཆེན་བདེ་ཆེན་རང་གྲོལ་གྱི་བླ་མའི་རྣལ་འབྱོར་དང་ཞལ་གདམས་གཅེས་བཏུས།

EPUB PDF

འདིར་མཁན་ཆེན་བླ་མ་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་གི་བརྩེ་བ་སྙིང་རྗེ་ཆེན་པོས་འཛམ་གླིང་ཤར་ནུབ་ཀྱི་སློབ་ཚོགས་སྐལ་ལྡན་དུ་མར་ལོ་མང་རྒྱུན་རིང་དུ་བསྩལ་བའི་མདོ་སྔགས་རིག་པའི་གཞུང་ལུགས་རྣམས་ཀྱི་དགོངས་འགྲེལ་དང་སྒོམ་ཁྲིད། ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་མན་ངག་དམར་ཁྲིད། ཁྱད་པར་ཐོལ་བྱུང་རྡོ་རྗེའི་མགུར་གླུ་ཞལ་གདམས་ཀྱི་རིམ་པ་མཐའ་ཡས་པ་ཞིག་བཞུགས་ཡོད་པའི་ནང་ནས། འདིར་མཚོན་བྱེད་ཙམ་དུ་ཟབ་མོའི་ཞལ་གདམས་འགའ་ཞིག་གཅེས་བཏུས་བྱས་པ་སྟེ། རང་ལ་དྲན་པའི་བསྐུལ་མ་དང་གཞན་མོས་ལྡན་འགའ་ཞིག་ལའང་ཕན་པའི་སྨོན་སེམས་གྱི་སྒོ་ནས་འགྲེམ་སྤེལ་ཞུས་པའོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སློབ་དཔོན་དཔའ་བོའི་གསུང་བླ་མ་ལྔ་བཅུ་པའི་འགྲེལ་པ་གཅེས་བཏུས།”

སློབ་དཔོན་དཔའ་བོའི་གསུང་བླ་མ་ལྔ་བཅུ་པའི་འགྲེལ་པ་གཅེས་བཏུས།

EPUB PDF

༈ བླ་མ་ལྔ་བཅུ་པ་ནི། བརྗོད་བྱ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པའི་ལས་དང་པོ་པས་བླ་མ་ཇི་ལྟར་བསྙེན་པའི་ཚུལ་སྟོན་ཞིང་། རྗོད་བྱེད་ཀྱི་གཞུང་ཚད་ཤོ་ལོ་ཀ་ལྔ་བཅུ་ཡོད་པས་བླ་མ་ལྔ་བཅུ་པ་ཞེས་བྱ་བ་སྟེ། འདི་ཉིད་རྒྱ་གར་གྱི་སློབ་དཔོན་དཔའ་བོའམ་རྟ་དབྱངས་ཀྱིས་བླ་མ་ལ་མ་གུས་པའི་བཤགས་པའི་དོན་དུ་མཛད་པ་ཞིག་ཡིན་ལ། དེ་ལ་རྒྱ་བོད་ཀྱི་འགྲེལ་པ་དུ་མར་བཞུགས་པ་ལས་འདིར་༧རྒྱལ་བ་ཀཾ་ཚང་པའི་བླ་མ་དག་གིས་མཛད་པའི་འགྲེལ་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀོད་པ་ཞིག་ཡིན་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།”

བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།

EPUB PDF

“བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ་”ཞེས་པའི་ཕྱག་དཔེ་དེ་ནི་དེང་དུས་ཀྱི་མཁས་དབང་ཆབ་མདོ་ཤེས་རབ་མཆོག་གིས་བལ་ཡུལ་མཆོད་རྟེན་རྣམ་གསུམ་སྟེ་མཆོད་རྟེན་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན། སྟག་མོ་ལུས་སྦྱིན་སྐོར་ཡོད་པའི་སྔ་ཕྱིའི་ཕྱག་དཔེ་མང་པོ་ལ་ཞིབ་འཇུག་གང་རྒྱས་གནང་ནས་གཞུང་ཁུངས་རྣམས་ཀྱང་མཆན་གྱི་ཚུལ་དུ་ཤོག་བུའི་ཞབས་ལ་གསལ་བར་བཀོད་ནས་མཛད་པའི་ཕྱག་དཔེ་ཚིག་གོ་སླ་བ་ཅན་ཞིག་ཡིན། དེ་ཡང་མཆོད་རྟེན་རྣམ་གསུམ་སྐོར་ཤེས་འདོད་མཆིས་པའི་དོན་གཉེར་ཅན་དང་ལྷག་པར་ཞིབ་འཇུག་གནང་མཁན་རྣམས་ལ་ཁེ་ཕན་ཆེན་པོ་ཡོད་པ་མཐོང་།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བླ་མའི་རྣལ་འབྱོར་ཐུགས་རྗེ་མྱུར་བསྐུལ།”

བླ་མའི་རྣལ་འབྱོར་ཐུགས་རྗེ་མྱུར་བསྐུལ།

EPUB PDF EPUB 🎧

དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་ཞིང་གཤེགས་དམ་པ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་དད་ལྡན་སློབ་བུ་རྣམས་བླ་མ་ལ་དད་པ་མོས་གུས་འཕེལ་བ་དང་། ཚོགས་བསག་སྒྲིབ་བྱང་ཆེད་དུ་དམིགས་ཏེ་བླ་མར་རྒྱང་འབོད་གདུང་དབྱངས་ཀྱི་གསོལ་འདེབས་ཐུགས་རྗེའི་མྱུར་སྐུལ་དེ་ཉིད་ལྗགས་བརྩམས་གནང་བ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “འབུམ་ཚོགས་སྨོན་ལམ་གྱི་འདོན་ཆ་ཕྱོགས་བསྒྲིགས།”

འབུམ་ཚོགས་སྨོན་ལམ་གྱི་འདོན་ཆ་ཕྱོགས་བསྒྲིགས།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པར་གསུང་རྒྱུའི་ཞལ་འདོན།

EPUB PDF

བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཚོགས་མགོན་དུ་ཅི་ནས་ཀྱང་ཕེབས་གྲུབ་ཐབས་ཀྱི་ཞུ་བ་ཕུལ་བ་ལ། ཐུགས་བརྩེེ་ཟབ་མོས་ཞལ་བཞེས་གནང་བར་མ་ཟད། ད་རེས་ང་སྨོན་ལམ་ལ་ཡོང་དུས་གཙོ་བོ་བཟང་སྤྱོད་སྨོན་ལམ་འབུམ་བཅུ། དམ་ཚིག་རྡོ་རྗེའི་བཟླས་པ་དུང་གཅིག་འགྲོ་ངེས་པ་དང་། མཆོད་མེ་འབུམ་གཅིག་ཡན་ཆད། བཀའ་འགྱུར་དག་འདོན་རྣམས་བྱ་དགོས་ཞེས་བཀའ་ནན་སྩལ་བ་ལྟར། ༧རྒྱལ་དབང་མཆོག་ནས་ཀྱང་༧བྱམས་མགོན་རིན་པོ་ཆེའི་དགོངས་བཞེད་ལྟར་སྒྲུབ་དགོས་པའི་བཀའ་ཕེབས་དོན་བཞིན། ད་རེས་སྨོན་ལམ་ཆེན་མོར་གསུང་རྒྱུའི་དམིགས་གསལ་ཞལ་འདོན་གྱི་རིམ་པ་རྣམས་ཕྱོགས་བསྒྲིགས་ཀྱིས་འཕྲུལ་དེབ་ཐོག་པར་སྐྲུན་ཞུས་ཡོད།