prayer books
འགྱུར་བརྒྱ་རྩ་བརྒྱད། • 108 Translations • 108部世界名著藏譯本

• 7 •

Featured image for “ཞེ་སྡང་གི་རྒུན་འབྲུམ།”

ཞེ་སྡང་གི་རྒུན་འབྲུམ།

The Grapes of Wrath

PDF

“ཞེ་སྡང་གི་རྒུན་འབྲུམ་”ཞེས་པ་འདི་ནི་དངོས་ཡོད་རིང་ལུགས་པའི་བརྩམས་སྒྲུང་ཞིག་སྟེ་ཨ་རིའི་རྩོམ་པ་པོ་ཇོན་ སི་ཋེན་བྷེག་ལགས་ཀྱིས་བརྩམས་ཤིང་ ༡༩༣༩ ལོར་པར་སྐྲུན་བྱས་པ་རེད། འདི་ནི་ཨ་མེ་རི་ཀའི་མུ་གེ་ཆེན་པོའི་དུས་སྐབས་ (༡༩༢༩ – ༡༩༣༩) ལ་གཞི་བཅོལ་ཡོད་ཅིང་། དེབ་འདིས་ས་ཞིང་བོགས་མར་བླངས་པའི་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་ཚང་དེ་བརྗོད་གཞིར་བཟུང་ནས། དུས་སྐབས་དེའི་གྲངས་ལས་འདས་པའི་ཁྱིམ་ཚང་གཞན་རྣམས་དང་འདྲ་བར། དཔལ་འབྱོར་གྱི་དཀའ་ངལ་དང་། ཐན་པ། དེ་བཞིན་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བ་ལ་བརྟེན་ནས་རང་གི་འཚོ་ཐབས་ལ་དོ་ཕོག་ཐེབས་པའི་ཁྱིམ་ཚང་ཞིག་ཨོག་ལ་ཧོ་མའི་མངའ་སྡེར་ཡོད་པའི་རང་ཁྱིམ་ནས་བསྐྲད་པའི་སྐོར་བརྗོད་ཡོད། ལས་ཀ་དང་ས་ཞིང་། གོ་སྐབས་འཚོལ་བའི་བརྒྱུད་རིམ་འོག་ནས་ཁྱིམ་ཚང་འདི་ཁ་ལི་ཧྥོར་ནེ་ཡ་མངའ་སྡེ་ལ་སྤོར་ཞིང་། ལམ་བར་ནས་རང་གི་ཁྱིམ་མིའི་འབྲེལ་བ་དང་ཆེ་མཐོང་དམ་འཛིན་བྱེད་བཞིན་དུའང་སྔར་ལས་ལྷག་པའི་དཀའ་སྡུག་དང་། མཐོང་ཆུང་། གོད་ཆག་བཅས་བརྒྱུད་ཡོད་པ་རེད། “ཆེས་གྲགས་ཆེན་གྱི་ཨ་མེ་རི་ཀའི་བརྩམས་སྒྲུང་”ཞེས་ཡང་ཡང་བསྔགས་བརྗོད་བྱས་པའི་ “ཞེ་སྡང་གི་རྒུན་འབྲུམ་”ལ་ཨ་མེ་རི་ཀའི་རྒྱལ་ཡོངས་དཔེ་དེབ་བྱ་དགའ་དང་། བརྩམས་སྒྲུང་ཁྲོད་ཀྱི་ “ཕུལ་ལི་ཟར་ རྟགས་མ་”ཞེས་པའི་བྱ་དགའ་ཐོབ་ཡོད་ལ། སྐད་ཡིག་བཅུ་ཕྲག་མང་པོའི་ནང་ཕབ་བསྒྱུར་བྱས་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ལམ་ལ།”

ལམ་ལ།

On the Road

PDF

“ལམ་ལ་”ཞེས་པ་འདི་ནི་ཇག་ ཁེ་རོ་ཨག་ལགས་ཀྱི་བརྩམས་ཆོས་སྙན་གྲགས་ཆེ་ཤོས་དེ་ཡིན། ཁེ་རོ་ཨག་ལགས་ཀྱིས་བརྩམས་སྒྲུང་འདི་ནི་མི་ཚེའི་ནང་དངོས་སུ་འགྲུལ་བཞུད་བྱས་པ་ལ་གཞིར་བཞག་ནས་བྲིས་ཡོད། དེ་ཡང་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གྲངས་ཀྱི་ནང་དུ་རང་གི་བློ་ཉེའི་གྲོགས་པོ་ནིལ་ ཁེ་སེ་ཌེ་སྟེ། བརྩམས་སྒྲུང་གི་ནང་དུ་ཌིན་ མོ་རི་ཡར་ཋི་ཞེས་པའི་མི་སྣར་གྱུར་ཡོད་པ་དེ་དང་ལྷན་དུ་ཨ་མེ་རི་ཀའི་ཤར་ནུབ་ལྷོ་བྱང་དུ་ཐེངས་འགའ་ལ་འགྲུལ་བཞུད་བྱས་པའི་ཉམས་མྱོང་ལ་གཞི་འཛིན་བྱས་ཡོད། གྲོང་ཁྱེར་ནེའུ་ཡོག་ནས་ཌན་ཝར་དང་། སན་ ཧྥ་རན་སི་སི་ཁོ། མེག་སི་ཁོ་གྲོང་ཁྱེར། དེ་བཞིན་ས་ཆ་དེ་དག་གི་བར་ལ་ཆགས་པའི་ཡུལ་གྲུ་ཁག་ནི་“ལམ་ལ་”ཞེས་པའི་བརྩམས་སྒྲུང་འདིའི་ནང་གི་ཕམ་པའི་མི་རབས་ཞེས་པའི་ལྟ་གྲུབ་ཀྱི་མཚོན་བྱེད་གྱུར་ཅིང་། ཐོལ་བྱུང་དང་འཁྱམ་མྱུལ་གྱི་འཚོ་བ་དེར་ཇེ་ཛི་རོལ་དབྱངས་དང་། འཁྲིག་སྤྱོད། ཉལ་ཐ། ཆང་རག་བཅས་ལོངས་སྤྱོད་བྱས་པ་དང་། འགོག་ཏུ་མེད་པའི་ལམ་ལ་བགྲོད་པའི་འདོད་པ་བཅས་ནག་འགྲོས་སུ་བཀོད་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།”

སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།

སྐད་ཅིག་རེ་རེ་དོན་ལྡན་དུ་བསྒྱུར་བའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད།

Don’t Worry, Be Grumpy: Inspiring Stories for Making the Most of Each Moment

EPUB PDF

གྲགས་ཅན་གྱི་རྩོམ་པ་པོ་དང་ནང་པ་སངས་རྒྱས་པའི་བཙུན་པ་ཨ་ཇན་བྷི་རམ་མཆོག་གིས་དཔེ་དེབ་འདིའི་ནང་དུ་དགོད་བྲོ་ཞིང་བློ་སྒོ་འབྱེད་པའི་སྒྲུང་ཐུང་བརྒྱ་དང་བརྒྱད་བརྗོད་ཡོད། “སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།” ཞེས་པའི་དཔེ་དེབ་འདིའི་ནང་གི་སྒྲུང་རྣམས་ནི་ཀློག་པ་པོ་རྒྱ་ཆེན་པོའི་མོས་ཁམས་དང་མཐུན་པར་བྲིས་ཡོད། རྩོམ་པ་པོ་འདིས་རང་ཉིད་དང་རང་གི་སློབ་མའི་མི་ཚེའི་ནང་དུ་བྱུང་བའི་སྒྲུང་རྣམས་བརྗོད་ཡོད་ཅིང་། རྒྱུན་འབྱམས་ཀྱི་གཏམ་དཔེ་དང་ངག་སྒྲོས་རྣམས་ཕྱི་ཅི་ལོག་གི་ཚུལ་དུ་དྲངས་ཏེ་ཀློག་པ་པོ་རྣམས་ལ་མཚར་སྣང་སྐྱེད་པའི་སྒོ་ནས་མི་ཚེའི་ཟུར་སྣེ་མི་འདྲ་བ་ཞིག་ནས་ལྟ་བའི་བློ་སྒོ་ཕྱེ་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཁེངས་དྲེགས་དང་ཕྱོགས་ལྷུང་།”

ཁེངས་དྲེགས་དང་ཕྱོགས་ལྷུང་།

Pride and Prejudice

EPUB PDF

ཇེན་ ཨོ་སི་ཋིན་གྱི་ “ཁེངས་དྲེགས་དང་ཕྱོགས་ལྷུང་” ནི་ཀུན་སྤྱོད་ཀྱི་སྒྲུང་རྩོམ་ཞིག་ཡིན། ༡༨༡༣ ལོར་ཐོག་མར་དཔེ་སྐྲུན་བྱས་ཤིང་། དབྱིན་སྐད་ཀྱི་ཆེས་དགའ་སའི་དཔེ་དེབ་ཅིག་ཏུ་གྱུར། དུས་རབས་བཅོ་བརྒྱད་པའི་སྨད་ཆའི་དབྱིན་ལནད་དེ་སྒྲུང་འདིའི་རྒྱབ་ལྗོངས་སུ་བླངས་ནས། གྲོང་གསེབ་ཀྱི་སྐྱེས་པ་ཞིག་གི་བུ་མོ་ཨི་ལི་བཟའ་བྷེད་ བྷེན་ནེད་དང་། སྐུ་དྲག་འབྱོར་ལྡན་ས་བདག་ཅིག་སྟེ། ཧྥི་ཚི་ཝི་ལིམ་ ཌར་སི་གཉིས་བར་ལ་བརྩེ་དུང་གི་འབྲེལ་བ་བྱུང་བའི་སྐོར་སྒྲུང་དེབ་འདིས་བརྗོད་གཞིར་བཟུང་ཡོད། སྒྲུང་རྩོམ་འདི་རྣོ་མྱུར་གྱི་བློ་རིག་དང་མི་སྣའི་གཤིས་ཀ་ཞིབ་འབྲི་བྱས་ནས་གྲུབ་ཅིང་། སྐབས་དེའི་གུས་ལུགས་དང་། བླང་དོར། ཀུན་སྤྱོད། སློབ་གསོ། གཉེན་སྒྲིག་བཅས་ལ་ཞིབ་འཇུག་གནད་སྨིན་བྱས་ཡོད། དུས་རབས་ཀྱི་ཁྱད་ཆོས་ཡོད་ལ་ཡོངས་ཁྱབ་ཀྱི་ངོ་བོ་ལྡན་པའི་བརྗོད་བྱ་ལ་བརྟེན་ནས་འཛམ་གླིང་གི་ཡུལ་ཕྱོགས་མང་པོའི་ཀློག་པ་པོ་བཀུག་ཡོད། “ཁེངས་དྲེགས་དང་ཕྱོགས་ལྷུང་” གི་སྙན་གྲགས་ནི་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་ལ་ཉམས་ཞན་དུ་སོང་མྱོང་མེད། དེབ་གྲངས་བྱེ་བ་གཉིས་ལྷག་བཙོངས་ཡོད་པ་དང་། སྐད་རིགས་ལྔ་བཅུ་ལྷག་ལ་ཕབ་བསྒྱུར་བྱས་ཡོད། ད་དུང་གློག་བརྙན་དུ་མ་དང་། པར་རིས་ཀྱི་དེབ་དུ་མ། འཁྲབ་གཞུང་དུ་མར་ཕབ་སྐྲུན་བྱས་ཡོད་པ་མ་ཟད། རྩོམ་རིག་ལ་དུང་ཞེན་པ་རྣམས་ཀྱི་སྒྲུང་རྩོམ་འདིའི་ནང་གི་བརྗེད་དཀའ་བའི་མི་སྣ་དང་བརྗོད་བྱ་ལ་ལད་ཟློས་བརྩམས་ཆོས་ཀྱང་མང་པོ་ཐོན་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཨ་ཅེ་མེ་ཏོག་གཡང་འཛིན་མ།”

ཨ་ཅེ་མེ་ཏོག་གཡང་འཛིན་མ།

La Dame aux Camélias

EPUB PDF

“ཨ་ཅེ་མེ་ཏོག་གཡང་འཛིན་མ”ཞེས་པའི་སྒྲུང་ནི་ཐོག་མར་སྤྱི་ལོ་ ༡༨༥༠ ལོར་དཔེ་སྐྲུན་བྱས། དེ་ནི་ཡོངས་ཁྱབ་ཀྱིས་དུས་ཀུན་ཏུ་ཆེས་ཕུལ་དུ་བྱུང་བའི་བརྩེ་དུང་གི་སྒྲུང་ཞིག་ཏུ་ངོས་འཛིན་བྱེད། སྒྲུང་འདི་ལ་བརྟེན་ནས་ལྷ་མོའི་ཟློས་གར་ཝིར་ཌི་ཡི་ཨ་ཅེ་མེ་ཏོག་གཡང་འཛིན་མ་ཞེས་པ་དང་། ཨོ་སི་ཀ་ཡི་རོལ་དབྱངས་ཀྱི་བྱ་དགའ་ཐོབ་པའི་རོལ་དབྱངས་ཀྱི་མུ་ལེན་རུ་ཤི་ཞེས་པ། བྷ་ལེ་ཟློས་གར་དང་གློག་བརྙན་མང་པོར་འཁྲབ་སྟོན་བྱས་ཡོད། “ཨ་ཅེ་མེ་ཏོག་གཡང་འཛིན་མ” ཞེས་པའི་སྒྲུང་རང་ནི་དུས་རབས་བཅུ་དགུའི་ནང་གི་དངོས་བྱུང་ཞིག་སྟེ། སྨད་འཚོང་མ་མ་རི་ཌུ་ཕེ་ལེ་སི་ཞེས་པ་དེ་དང་མོའི་དགའ་རོགས་ཡིན་ལ་སྒྲུང་རྩོམ་འདིའི་རྩོམ་པ་པོ་ཡང་ཡིན་པ་བུ་ཨ་ལེག་བཟན་ཌ་ཌུ་མ་གཉིས་བར་ལ་བྱུང་བའི་བརྩེ་དུང་གི་ཡིད་སྐྱོ་བའི་བྱུང་རིམ་ངོ་མ་ཞིག་ལ་གཞི་བཅོལ་ནས་བརྩམས་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “འབྲུག་སྒྲ།”

འབྲུག་སྒྲ།

Dragon Thunder

EPUB PDF

འབྲུག་སྒྲ། ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ་ཞེས་པ་འདི་ནི་ཌ་ཡ་ན་ཇེ་སྨུག་པོ་ལགས་ཆོས་རྒྱམ་དྲུང་པ་མཆོག་གི་གསང་ཡུམ་ཡིན་པའི་ཆ་ནས་རྩོམ་པ་པོ་རང་གི་མི་ཚེའི་བྱུང་བ་བརྗོད་པ་ཞིག་ཡིན་ན་ཡང་། འདིའི་ནང་དུ་ཆོས་རྒྱམ་དྲུང་པ་མཆོག་སྐུ་སྤྱོད་ལ་རྒོད་བག་མངོན་ཡང་འགྲོ་དོན་ལ་གཡེལ་བ་མེད་པ། ཕྱི་ལྟར་ན་བག་ཡངས་སུ་རྩེན་ཡང་དོན་ལྟར་ན་གདུལ་བྱ་འདུལ་བ། “ཡེ་ཤེས་འཆོལ་” ཡང་བསྟན་དོན་མི་འཆོལ་བའི་ཆོས་རྒྱམ་དྲུང་པ་མཆོག་གི་རྫུ་འཕྲུལ་ལྟ་བུའི་སྐུ་ཚེ་ཐུང་ཐུང་དེ་གློག་བརྙན་ལྟར་མངོན་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “མཚན་མོ།”

མཚན་མོ།

Night

EPUB PDF

“མཚན་མོ་”ནི་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གདུག་རྩུབ་ཀྱི་མཐའ་ལ་སོན་པའི་འཇར་མན་གྱི་ན་ཚི་ཡི་བཙོན་སྒར་དུ་སྡུག་སྦྱོང་ཅི་མྱངས་སྒྲུང་རྩོམ་གྱི་ལམ་ནས་བྲིས་པའི་དྲན་ཐོ་ལྟ་བུ་ཞིག་ཡིན། རྩོམ་པ་པོ་ཨེ་ལི་ཝེ་བཟེལ་ནི་ནོ་སྦེལ་ཞི་བདེ་གཟེངས་བཞེས་མཁན་ཞིག་ཡིན། ཁོང་ལ་བརྩམས་ཆོས་ལྔ་བཅུ་ལྷག་ཡོད། མཚན་མོ་ནི་ཁོང་གི་འཐུས་ཚབ་ཀྱི་བརྩམས་ཆོས་ཡིན།འཛམ་གླིང་གི་སྐད་རིགས་བཞི་བཅུ་ཙམ་བསྒྱུར་ཡོད། ཨ་རི་གཅིག་པོར་དེབ་འདི་དེབ་གྲངས་བྱེ་བ་གཅིག་ལྷག་བཙོང་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཞེ་སྡང་གི་རྒུན་འབྲུམ།”

ཞེ་སྡང་གི་རྒུན་འབྲུམ།

Featured image for “ལམ་ལ།”

ལམ་ལ།

Featured image for “སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།”

སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།

Featured image for “ཁེངས་དྲེགས་དང་ཕྱོགས་ལྷུང་།”

ཁེངས་དྲེགས་དང་ཕྱོགས་ལྷུང་།

Featured image for “ཨ་ཅེ་མེ་ཏོག་གཡང་འཛིན་མ།”

ཨ་ཅེ་མེ་ཏོག་གཡང་འཛིན་མ།

Featured image for “འབྲུག་སྒྲ།”

འབྲུག་སྒྲ།

Featured image for “མཚན་མོ།”

མཚན་མོ།