
ཕྱག་ཆེན་ཆོོས་སྐུ་མཛུབ་ཚུགས།
ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཟིན་བྲིས་སྙིང་པོ་གསལ་བའི་སྒྲོན་མེ་བདུད་རྩིའི་ཉིང་ཁུ་ཆོས་སྐུ་མཛུབ་ཚུགས་སུ་ངོ་སྤྲོད་པ་བཞུགས།།
༸རྒྱལ་དབང་དགུ་པ་དབང་ཕྱུག་རྡོ་རྗེ།
སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ལུགས་འདིར་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་གི་གནད་གསང་ཡིག་ཐོག་ཏུ་འགོད་པ་ནི། དུས་རབས་བཅུ་དྲུག་པར་བྱོན་པའི་ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེའི་སྐབས་སུ་གཙོ་བོར་བྱུང་བ་ཞིག་ཡིན། ཁོང་གིས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་གཞུང་གཙོ་བོ་གསུམ་མཛད་པ་སྟེ། ཕྱག་ཆེན་ངེས་དོན་རྒྱ་མཚོ་དང་། མ་རིག་མུན་སེལ། ཆོས་སྐུ་མཛུབ་ཚུགས་བཅས་སོ། །འདི་གསུམ་ནི་ཕྱག་རྒྱ་ཆེན་པོའི་གཞུང་ཁུངས་ཐུབ་ཅིང་གལ་འགངས་ཆེ་ཤོས་ཡིན་ལ། དེའི་ནང་ནས་ཀྱང་ཆོས་སྐུ་མཛུབ་ཚུགས་ནི་ལག་ཏུ་ལེན་བདེ་ཞིང་ཁ་ཚ་དགོས་གཏུགས་སུ་ཕན་ཐོགས་ཆེ་བས། ཉམས་ལེན་པ་རྣམས་ཀྱི་ལག་དེབ་སྟབས་བདེ་ཞིག་ཏུ་གྱུར་ཡོད་པས་ན། ཕྱི་རབས་པ་རྣམས་ལ་ཕན་དུ་རེ་བས་ད་ཐེངས་འཕྲུལ་དེབ་ཏུ་བཟོས་ནས་སྤེལ་ཡོད།