
རྒྱུད་བླ་མ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ།
The Lion’s Roar of Irreversibility
寶性論疏—不退獅子吼
འཕྲུལ་དེབ་ཕབ་ལེན།
Download Ebook • 下載電子書
དཔེ་སྐྲུན་བྱེད་མཁན། Publisher 出版者 |
ནི་ཏཱརྠ་ཤེས་རིག་དཔེ་སྐྲུན་ཁང་། Nitartha International |
རྩོམ་པ་པོ། Author 作者 |
རྒྱལ་བ་བྱམས་པ། བློ་གྲོས་མཐའ་ཡས། Maitreya, Jamgön Lodrö Thaye 彌勒菩薩, 羅卓泰耶 |
སྐད་རིགས། Language 語言 |
བོད་ཡིག ། |
འཕྲུལ་དེབ་ཀྱི་པར་གཞི། Ebook edition 電子書版本 |
2018-09-06 |
འཐུགས་སྣང་དགོས་པ། Terms of Use 使用須知 |
![]() |
མདོ་སྔགས་གཞུང་ཆེན་བརྒྱད།
མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་།
སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས། སྔགས་ཕྱོགས་ཀྱི་གཞུང་ཐུན་མོང་མ་ཡིན་པ་ནི་རྒྱལ་བའི་དབང་པོ་དཔལ་ཀརྨ་པ་གསུམ་པ་རང་བྱུང་རྡོ་རྗེ་ནས་བཟུང་ནང་བརྟག་རྒྱུད་གསུམ་ཞེས་ཡོངས་སུ་གྲགས་པ་ཉིད་དེ། ཀུན་མཁྱེན་རང་བྱུང་ཞབས་ཉིད་ཀྱིས་མཛད་པའི་ཟབ་མོ་ནང་གི་དོན་རང་འགྲེལ་དང་བཅས་པ། སྟོན་པ་བདེ་བར་གཤེགས་པའི་ཞལ་ནས་འབྱུང་བའི་རྒྱུད་བརྟག་པ་གཉིས་པ། རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པའི་རྒྱུད་བླ་མ་བཅས་ཡིན་ཏེ།
ཤེས་བྱ་རིན་པོ་ཆེའི་མཛོད་ལས། ༼ཤེས་བྱ་ཀུན་ཁྱབ་མཛོད། སྟོད་ཆ། དེབ་གྲངས། ༥༠༥༽
རང་ལུགས་ཀུན་མཁྱེན་རང་བྱུང་རྒྱལ་བ་ནས། །
ནང་བརྟག་རྒྱུད་བླའི་བཤད་བཀའ་གཙོ་བོར་མཛད། །
ཅེས་པའི་ཐད་ཀྱི་འགྲེལ་པར།
ཀུན་མཁྱེན་རང་བྱུང་རྒྱལ་བ་འཇིག་རྟེན་དུ་བྱོན་པ་ནས་ནང་བརྟག་རྒྱུད་གསུམ་ཞེས་གྲགས་པའི་བཤད་བཀའ་གཙོ་བོར་མཛད་དེ། དེའི་རྒྱུ་མཚན་ཀྱང་དྭགས་པོ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་དུ་གྲགས་པ་རྣམས་མེས་རྔོག་མཚུར་གསུམ་ལས་བརྒྱུད་པའི་རྒྱུད་སྡེའི་དབང་བཀའ་ཅི་རིགས་སྤེལ་བ་ཙམ་ལས། རྗེ་བཙུན་མི་ལའི་སྒྲུབ་བརྒྱུད་ཀྱི་བརྒྱུད་འཛིན་ཁོ་ན་ཡིན་པས་མཚན་ཉིད་ཕྱོགས་ཀྱི་བཤད་ཉན་ཆེར་མི་མཛད་པ་སྒྲུབ་པ་ཁོ་ན་ལ་བརྩོན་པ་ལྷུར་བཞེས་པ་ཡིན་ལ། བསྒྲུབ་བྱའི་ཉམས་ལེན་ཐོས་བསམ་གྱིས་གཏན་ལ་འབེབས་པ་ལ་གོང་གི་གཞུང་རྣམ་པ་གསུམ་པོ་དེས་ཆོག་ཅིང་དེ་དག་མ་ཤེས་ཐབས་མེད་པ་ཡིན་ཏེ། དེ་ལ་ཟབ་མོ་ནང་དོན་གནས་བཅུ་གཅིག་པ་འདི་ནི། བླ་མེད་རྒྱུད་སྡེ་མཐའ་དག་གི་སྤྱི་འགྲེལ། ཕྱི་ནང་གཞན་གསུམ་དང་ཁྱད་པར་རྩ་རླུང་ཐིག་ལེའི་རྣམ་གཞག་རྒྱས་པར་སྟོན་པས་ཆོས་དྲུག་སྒོམ་པ་རྣམས་ཀྱིས་མི་ཤེས་སུ་མི་རུང་བ་ཡིན། བརྟག་པ་གཉིས་པ་ནི། བླ་མེད་མ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་མངའ་བདག་མར་པས་རྩལ་དུ་བཏོན་པའི་ཟབ་ཆོས་ཁྲིད་རྒྱུན་བར་མ་ཆད་ཅིང་རྒྱུད་སྡེ་རྣམས་ཀྱི་བསྐྱེད་རྫོགས་སྒོམ་པ་ལ་ཐོག་མར་འདི་ཉིད་ཤེས་པ་གལ་ཆེ་བ་དང་། རྒྱུད་བླ་མ་ནི། རྗེ་སྒམ་པོ་པའི་ཞལ་ནས། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོའི་གདམས་པ་འདིའི་གཞུང་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཡིན་ནོ། །ཞེས་གསུངས་པ་ལྟར། བདེ་གཤེགས་ཕག་མོ་གྲུ་པ། སྐྱོབ་པ་འཇིག་རྟེན་གསུམ་མགོན་སོགས་ཀྱིས་ཀྱང་ལུགས་དེའི་གྲུབ་མཐའ་འཆའ་ཞིང་། རང་བྱུང་རྒྱལ་བ་སོགས་ཐམས་ཅད་མཁྱེན་པ་ན་རིམ་གྱིས་ཀྱང་དེའི་དགོངས་པ་རྩ་བའི་དོན་དུ་མཛད་པ་འབའ་ཞིག་ཡིན་པས་ཕྱག་རྒྱ་ཆེན་པོ་སྒོམ་པ་ལའང་འདི་ཉིད་ཤེས་པ་གལ་ཆེ་བ་ཡིན། དེས་ན་གཞུང་འདི་གསུམ་ནི་ཁ་བཤད་དང་རྩོད་པའི་ཆོས་མ་ཡིན་གྱི་ཉམས་ལེན་དང་ལྟོ་སྦྱར་བའི་ཆོས་ཡིན་པས་སྒྲུབ་བརྒྱུད་འཛིན་པ་རྣམས་ཀྱིས་བཤད་པའི་རྒྱུན་མ་ཉམས་པར་བཟུང་བ་ཅི་ནས་ཀྱང་གནད་ཆེ་བར་ཡོད་དོ། །ཞེས་གསུངས་པ་ལྟར་རོ། །
སྔོན་བརྗོད།
གླེང་གཞི།
དཔེ་བསྐྲུན་གསལ་བཤད།
རྒྱུད་བླ་མའི་འགྲེལ་པ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ།
གཞུང་འདི་ལ་ངེས་གནས་སྟེར་བའི་སྤྱི་དོན་མདོར་བསྡུས།
མཆོད་བརྗོད་དང་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ།
ཐོབ་བྱ་དཀོན་མཆོག་གསུམ་བཤད་པ།
གནས་བཞིའི་ཡན་ལག་རྒྱས་པར་བཤད་པ།
སྐབས་དང་པོ་རྟོགས་བྱ་ཁམས་བསྟན་པ།
སྐབས་གཉིས་པ་རྟོགས་པ་བྱང་ཆུབ་བསྟན་པ།
སྐབས་གསུམ་པ་ཡན་ལག་ཡོན་ཏན་བཤད་པ།
སྐབས་བཞི་པ་བྱེད་པ་ཕྲིན་ལས་བཤད་པ།
སྐབས་ལྔ་པ་བསྟན་བཅོས་ཡོངས་སུ་རྫོགས་པའི་བྱ་བ།
ས་བཅད་ཀྱི་ཟུར་མཆན།
མདོ་སྔགས་གཞུང་ཆེན་བརྒྱད་ཀྱི་ཕྱོགས་སྒྲིག་དང་དཔེ་སྐྲུན་མཛད་པ་པོའི་རྣམ་ཐར་མདོར་བསྡུས།
པར་བྱང་སྨོན་ཚིག་བཅས།
The Eight Great Texts Studied in the Kagyu Tradition
The Sixteenth Karmapa Rangjung Rigpe Dorje identified to Khenchen Tsultrim Gyamtso Rinpoche eight classic Buddhist root texts, mostly of Indic origin, along with their principal Kagyu commentaries, as the basis for the curriculum at Karma Shri Nalanda Institute, the Rumtek Sheda, and for study within the Kagyu linage in general.
Three Great Texts of the Vajrayana:
- Tathagatagarbha (Buddha Nature)
Root Text:
Uttaratantra Shastra (Treaties of the Highest Continuum) by Maitreya-Asanga
Commentaries:
The Lion’s Roar of Irreversibility (presented here) by Jamgon Kongtrul Lodro Thaye.
The Mirror that Excellently Illuminates Suchness by Golo Shonu Pal.
Maitreya’s Uttaratantra is considered to be the link between the sutra vehicle and tantra vehicle. It describes buddha nature in detail. Using exposition, logical reasoning, and analogies, the text discusses how buddha nature encompasses the basic ground of mind and is the underlying continuum of practice during all the phases of ground, path, and fruition.
2. Zabmo Nangdon (Profound Inner Reality)
Root Text:
Profound Inner Reality by Rangjung Dorje, Karmapa III
Commentaries:
Illuminating the Profound Reality by Jamgon Kongtrul Lodroe Thaye.
The Ornament that Clarifies the Perfect Liberation of Mind; An Explanation of the Profound Inner Reality by Dakpo Tashi Namgyal
Rangjung Dorje’s root veres and Jamgon Kongtrul’s commentary to Profound Inner Reality introduce students to the theory behind the yogic practices of the highest yoga tantra (anuttara-yoga-tantra) of the Vajrayana. Its chapters specifically include discussion of the details of nadi, prana , and bindu, the inner psycho-physical body; the development of samsara; and the paths and stages.
3. Hey Vajra Tantra
Root Text:
Hey Vajra Tantra
Commentaries:
Stainless Light – auto commentary by 3rd Karmapa Rangjung Dorje.
Elucidating the Secret of the Indestructible Vajra by Jamgon Kongtrul Lodroe Thaye.
Jamgon Kongtrul’s work is a commentary on one of the principal Buddhist tantras. It is his primary exposition of the Vajrayana that discusses view, meditation, and conduct. The emphasis of the tantra itself is Vajrayana conduct.