དབུ་མ་ལ་འཇུག་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ།

དབུ་མ་ལ་འཇུག་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ།

དབུ་མ་ལ་འཇུག་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ།

དབུ་མ་ལ་འཇུག་པ་དེ་ཁོ་ན་ཉིད་རབ་ཏུ་གསལ་བ།

ཟླ་བ་གྲགས་པ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ།

རྣམ་པར་དགེ་བའི་དུས་ཀྱི་ཆར་རང་ཅག་ཁ་བ་རི་པའི་བཅུ་ཕྲག་རིག་པའི་གནས་ཀྱི་གསུང་རབ་རྣམས་མ་ཉམས་གོང་འཕེལ་དང་ཉས་པ་སླར་གསོའི་ཆེད་དུ་གཅིག་ལས་དུ་མར་འཕྲུལ་པའི་ཚུལ་གྱིས་དཔེར་སྐྲུན་མཛད་ནས། མི་རབས་ནས་མི་རབས་ཀྱི་བར་དུ་རིག་ གནས་ཀྱི་སྲོལ་རྒྱུན་ནམ་ཡང་ཉམ་པ་མེད་པར་མཐུད་པའི་མུར། དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་གསུང་རབ་རྒྱ་མཚོའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ཞེས་པ་འདི་ཡང་། བོད་སྔ་རབས་ཀྱི་དབུ་མའི་ལུགས་ཀྱི་བདེན་པ་གཉིས་པོའི་དོན་ཇི་ལྟར་གཏན་ལ་འབེབས་ཚུལ་སོགས་ཤིན་ཏུ་ཟབ་པའི་ཤེས་བྱའི་ཡིན་ལུགས་གསལ་བར་སྟོན་པའི་གཞུང་ལུགས་ཁྱད་དུ་འཕགས་པ་ཞིག་ཡིན་ལ།

གཞུང་འདི་མཛད་པ་པོ་ནི། རྗེ་ཙོང་ཁ་པ་ཆེན་པོའི་བླ་མར་གྱུར་པ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་སྟེ། ཁོང་ནི་རབ་བྱུང་དྲུག་པའི་ནང་ཙམ་ལ་བྱོན་པ་འདྲ་ཞིང་། སྐབས་དེ་ཙ་ན་བོད་གངས་ཅན་གྱི་སྐད་གཉིས་སྨྲ་བ་མཐའ་དག་གི་གཙུག་རྒྱན་ཏུ་གྱུར་ཅིང་། མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐར་ཕྱིན་པའི་སེམས་ དཔའ་ཆེན་པོ་ཞིག་ཡིན་པར་རྗེ་བདག་ཉིད་ཆེན་པོའི་གསུང་རབ་དག་ན་གསལ་བ་ལྟར་རོ། །

དེས་ན་གཞུང་འདི་དཔེ་རྒྱུན་ཧ་ཅང་དཀོན་ཞིང་། ད་ལམ་ལག་ཏུ་སོན་པའི་མ་ཕྱི་འདི་ཡང་ཡིག་འབྲུ་མི་གསལ་ཞིང་ཡི་གེ་ལ་བསླད་སྐྱོན་ཤིན་ཏུ་ཆེ་བས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཐུགས་བཞེད་སྐོང་ཐུབ་པའི་དག་བཅོས་རྣམ་དག་ཤིག་མ་བྱུང་ཡང་། བློ་དང་ལྡན་པ་དག་གིས་འཇུག་པ་རང་འགྲེལ་སོགས་ལ་བརྟེན་ནས་ཚིག་གི་བསླད་ཆ་དག་སྐྱོན་སེལ་ཞུས་པས། དཔེ་རྒྱུན་འདི་ཙམ་ཡང་རྒྱལ་བའི་ལུང་གི་བསྟན་པ་རིན་པོ་ཆེའི་མཐུན་རྐྱེན་དུ་འགྱུར་རམ་སྙམ་ནས་ཨ་དཀོན་རིན་པོ་ཆེས་སྦྱིན་བདག་དང་བསྐུལ་མ་གནང་བར་བརྟེན་དཔེ་སྐྲུན་བགྱིས་པ་ལགས་སོ། །

སྤྱི་ལོ། ༢༠༠༡ ལོར། ཁྲོ་རུ་སྤྲུལ་མིང་པ་ཀླུ་སྒྲུབ་རྒྱ་མཚོ་ནས།

philosophy
ཤེར་ཕྱིན་འཇིག་རྟེན་གསུམ་སྒྲོན་ལ་འཇུག་པ།
རྗེ་བཙུན་ངལ་གསོའི་ཟུར་མཆན་མི་བསྐྱོད་ཞལ་ལུང་།
ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་བཞི་པ།
དབུ་མ་དྭགས་བརྒྱུད་གྲུབ་ཤིང་གི་བསྡུས་དོན།
སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།
དབུ་མ་ཤེས་རབ་ལ་འཇུག་པ།
སྤྱོད་འཇུག་
འགོས་ལོ་ཙཱ་བས་མཛད་པའི་རྒྱུད་བླ་མའི་འགྲེལ་པ།
རྒྱུད་བླ་མ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ།
སྤྱོད་འཇུག་ཤེས་རབ་ལེའུའི་བཀའ་ཁྲིད་སེམས་ཀྱི་ཉི་མ།