ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་བཞི་པ།
གཞུང་འདིའི་བརྗོད་བྱ་བསྡུས་དོན། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ་འདི་ཉིད་གནས་བཅུའི་སྒོ་ནས་འཆད་པར་བྱ་བ་ལ། གསུང་འབུམ། པོད། ཨེ། ཝཾ། མཱ། ཡཱ་བཞི་ཡོད་པ་ལས།
པོད་བཞི་པ། ཡཱ༽ ༨༽ གནས་བརྒྱད་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིམ་པར་ཕྱེ་བའི་ནང་གསེས་ལས། སྐབས་བཞི་པ་རྡོ་རྗེ་ཐེག་པའི་སྒོམ་རིམ་མན་ངག་གཙོ་བོར་བྱེད་པ་བྱེ་བྲག་ཏུ་བསྟན་པའི་སྐབས་དང་།
༩༽ གནས་དགུ་པ། བགྲོད་བྱ་ས་དང་ལམ་གྱི་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ རྒྱུ་མཚན་ཉིད་ཀྱི་ཐེག་པའི་ས་ལམ་རྣམ་པར་བཞག་པའི་སྐབས། ༢ འབྲས་བུ་རྡོ་རྗེ་ཐེག་པའི་ས་ལམ་རྣམ་པར་བཞག་པའི་སྐབས། ༣ ལམ་གྱི་ཡན་ལག་བོགས་འདོན་སྤྱོད་པ་རྣམ་པར་བཞག་པའི་སྐབས། ༤ སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་ས་ལམ་རྣམ་པར་བཞག་པའི་སྐབས་དང་།
༡༠༽ གནས་བཅུ་པ། མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ མཚན་ཉིད་ཐེག་པའི་འབྲས་བུ་གཏན་ལ་དབབ་པའི་སྐབས། ༢ སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པའི་སྐབས། ༣ རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་གཏན་ལ་དབབ་པའི་སྐབས། ༤ གསང་སྔགས་སྔ་འགྱུར་ལུགས་ཀྱི་འབྲས་བུ་བྱེ་བྲག་ཏུ་གཏན་ལ་དབབ་པའི་སྐབས།
ཐ་མར་དགེ་བ་མཇུག་གི་དོན་དང་རྩོམ་པའི་དགོས་པ་དང་སྨོན་བྱང་བཅས་སོ།།