བོད་སྐད།

• 139 •

Featured image for “བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་སྣང་བ་རབ་གསལ།”

བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་པ་སྣང་བ་རབ་གསལ།

EPUB PDF

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མེ་ནི་ཇོ་བོ་བཀའ་གདམས་པའི་རྩ་བའི་གཞུང་ལུགས་ཤིག་དང་། ལྷག་པར་བོད་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཀུན་གྱིས་རིས་མེད་དུ་བཀུར་བའི་གཞུང་ལུགས་ཁྱད་པར་ཅན་ཞིག་ཡིན། འདིར་ནང་པ་སངས་རྒྱས་པའི་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ནང་ཡོངས་སུ་བསྡུས་ཏེ་མཚོན་པར་བྱས་ཡོད། འདི་ཉིད་ཀྱི་འགྲེལ་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྣང་བ་རབ་ཏུ་གསལ་བ་ཞེས་བྱ་བ་ནི། གཞུང་ལུགས་ཀྱི་སྙིང་པོ་ཞལ་གསལ་ལ་དོན་བསྡུས་ཤིང་གནད་ཡོངས་སུ་ཚང་བ་ཞིག་ཡིན།།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཀཾ་ཚང་བླ་མ་ཡབ་སྲས་དྲུག་གི་རྣམ་ཐར།”

ཀཾ་ཚང་བླ་མ་ཡབ་སྲས་དྲུག་གི་རྣམ་ཐར།

EPUB PDF

དུས་རབས་བཅོ་བརྒྱད་པའི་སྨད་ཆར་བྱོན་པ་གནས་སྒོ་བ་ཀརྨ་གཞན་ཕན་རྒྱ་མཚོས་མཛད་པའི་ཀཾ་ཚང་བླ་མ་ཡབ་སྲས་དྲུག་གི་རྣམ་པར་ཐར་པ་ལ་ལོག་རྟོག་འགོག་བྱེད་ཀྱི་བསྟན་བཅོས་དྭངས་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་དཔལ་༸རྒྱལ་བའི་དབང་པོ་ཀརྨ་པ་མཆོག་གཙོ་བོར་གྱུར་པའི་ཀཾ་ཚང་ཡབ་སྲས་དྲུག་ཅེས་འགྲོ་བའི་འདྲེན་མཆོག་ཏུ་རྒྱུན་མར་བྱོན་ཞིང་འབྱོན་པར་འགྱུར་བའི་རྣམ་པར་ཐར་པ་འདི་ཉིད་སྒྲུབ་བསྟན་གྱི་རྗེས་སུ་འཇུག་པ་རྣམས་ཀྱི་སླད་དེང་དུས་ཆ་འཕྲིན་ལ་བརྟེན་ནས་ང་ཚོས་ད་ལན་འཕྲུལ་དེབ་ཏུ་བསྐྲུན་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བཤེས་པའི་སྤྲིངས་ཡིག །”

བཤེས་པའི་སྤྲིངས་ཡིག །

EPUB PDF

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་དབུ་མའི་གཞུང་ལུགས་རབ་འབྱམས་ལ་བྱང་ཆུབ་པའི་དྲན་པའི་དབང་པོ་ཞིག་དང་། ཤིན་ཏུ་གྲགས་ཆེ་བའི་ནང་པའི་སློབ་དཔོན་ཆེན་པོ་ཞིག་ཡིན། གང་གིས་མཛད་པའི་བཤེས་པའི་སྤྲིང་ཡིག་ནི་རང་གི་མཛའ་བོ་རྒྱལ་པོ་བདེ་སྤྱོད་བཟང་པོར་སྩལ་བའི་འཁོར་བའི་རྨོངས་གཉིད་ལས་ཇི་ལྟར་སད་ཚུལ་གྱི་ལམ་སྟོན་དང་ཉིན་རེའི་འཚོ་བའི་ནང་ཆོས་དང་མཐུན་པའི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ། དེ་བཞིན་བསྡུ་བའི་དངོས་པོ་བཞིས་གཞན་སེམས་ཅན་རྣམས་ཀྱི་རེ་བ་ཇི་ལྟར་སྐོང་ཚུལ། རང་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཉམས་སུ་ལེན་ཚུལ་སྟོན་པ་སོགས་དེབ་འདིའི་བརྗོད་བྱ་མ་ལུས་བྱང་ཆུབ་ཀྱི་ལམ་ལ་ཇི་ལྟར་བགྲོད་ཚུལ་སྐོར་ཡིན། མདོ་སྡེའི་དགོངས་དོན་མཐའ་དག་ཚིགས་སུ་བཅད་པ་བརྒྱ་དང་ཉེར་གསུམ་ནང་སྙིང་དོན་གྱི་ཚུལ་དུ་ཕྱུང་བར་ནུས་པ་ནི་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་སོན་པའི་སློབ་དཔོན་ཆེན་པོ་ཞིག་ལས་གཞན་གྱིས་ཇི་ལྟར་བཏུབ། མཐར་སློབ་དཔོན་མཆོག་ནས་བློ་སྐྱེད་སྤེལ་བའི་ཚུལ་དུ་སྣང་ཚུལ་ལ་ལམ་སྒྲུབ་པར་དཀའ་ཡང་། ཚུལ་བཞིན་ཉམས་སུ་བླང་ཚེ་སྐྱེས་བུ་ཕལ་པ་ཞིག་གིས་ཀྱང་འབྲས་བུ་མངོན་དུ་འགྱུར་ནུས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རིས་མེད་ཆོས་འབྱུང་།”

རིས་མེད་ཆོས་འབྱུང་།

EPUB PDF

རིས་མེད་ཆོས་ཀྱི་འབྱུང་གནས་མདོ་ཙམ་སྨོས་པ་བློ་གསལ་མགྲིན་པའི་མཛེས་རྒྱན། ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་རིས་མེད་ཆོས་ཀྱི་འབྱུང་གནས་མདོ་ཙམ་སྨོས་པ་བློ་གསལ་མགྲིན་པའི་མཛེས་རྒྱན་ཞེས་བྱ་བ་འདི་ཉིད་རིས་མེད་ཆོས་བརྒྱུད་ཁག་ལ་ཞིབ་འཇུག་དང་སློབ་གཉེར་བ་དག་གི་སླད་དུ་དེང་དུས་ཀྱི་ཆ་འཕྲིན་ལ་བརྟེན་ནས་ང་ཚོས་ད་ལན་འཕྲུལ་དེབ་ཏུ་བཟོས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བདེ་ཆེན་གྱི་གར་མཁན། • Dancer of Great Bliss • 大樂舞者”
Featured image for “གཞུང་ལུགས་ཀྱི་རོལ་མཚོ། • Ocean of Philosophy • 經教大海”
Featured image for “མཐོང་རྒྱུན་གྱི་བང་མཛོད། • Transmission by Seeing • 見傳寶藏”
Featured image for “གསང་བདག་གི་རོལ་གར།”

གསང་བདག་གི་རོལ་གར།

EPUB PDF

མཚུར་ཕུའི་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་རྣམ་ཐར་སྙིང་བཏུས། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ཉིན་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་ངོ་བོ། བསྟན་འགྲོའི་དོན་དུ་མིའི་གཟུགས་སུ་བསྟན་པ། ༸རྒྱལ་དབང་ཀརྨ་པ་ཞེས་ས་གསུམ་ན་སྙན་པར་གྲགས་པ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་ནོར། གང་དེའི་སྐུ་ཕྲེང་ན་རིམ་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པ། གངས་ཅན་བོད་ཀྱི་ཡུལ་དུ་མཚན་དཔེའི་མེ་ཏོག་བཞད་ནས་བགྲང་བྱ་བརྒྱ་ཕྲག་དགུ་ཟིན་ཅིང་། བསྟན་པ་དར་རྒྱས་གནས་པ་དང་། འགྲོ་ལ་བདེ་སྐྱིད་འབྱུང་བ། ཉམས་རྟོགས་ཡོན་ཏན་སྐྱེ་བ། བསོད་ནམས་ཀྱི་ཚོགས་རྫོགས་པ་ལ། མཚན་ཉིད་དང་ལྡན་པའི་བླ་མ་རྗེས་སུ་དྲན་པས་མཆོད་པ་ལས་ལྷག་པ་མེད་པའི་ཕྱིར་ན། དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁོངས་སུ་གཏོགས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་རྣམས་མཉམ་རུབ་ཀྱིས་འཛམ་གླིང་གི་ས་གནས་གང་སར། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ལས་རིམ་སྔ་རྗེས་དུ་མ་སྤེལ། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོའི་ཆ་ཤས་སུ། གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་དང་སྐུ་པར་ལྷན་བསྡེབས་ཀྱི་མཛད་རྣམ་བརྙན་དེབ་གསང་བདག་གི་རོལ་གར་ཞེས་ཕྱོགས་སྒྲིག་པར་བསྐྲུན་ཞུས་པ་དེ་དག་འཛམ་གླིང་ཤར་ནུབ་ཀྱི་རྗེས་འཇུག་སློབ་འབངས་དང་ཞིབ་འཇུག་པ་དག་གི་སླད་དུ་དེང་དུས་ཀྱི་ཆ་འཕྲིན་ལ་བརྟེན་ནས་ང་ཚོས་ད་ལན་འཕྲུལ་དེབ་ཏུ་བཟོས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བྱམས་ཆེན་གྱི་སྒྱུ་འཕྲུལ།”

བྱམས་ཆེན་གྱི་སྒྱུ་འཕྲུལ།

EPUB PDF

བྱམས་མགོན་ཀྭན་ཏིང་གོ་ཤྲི་ཏཱའི་སི་ཏུ་རིན་པོ་ཆེའི་མཛད་རྣམ་སྙིང་བཏུས། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ཉིན་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་ངོ་བོ། བསྟན་འགྲོའི་དོན་དུ་མིའི་གཟུགས་སུ་བསྟན་པ། ༸རྒྱལ་དབང་ཀརྨ་པ་ཞེས་ས་གསུམ་ན་སྙན་པར་གྲགས་པ། སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་གཙུག་ནོར། གང་དེའི་སྐུ་ཕྲེང་ན་རིམ་དང་པོ་དཔལ་ལྡན་དུས་གསུམ་མཁྱེན་པ། གངས་ཅན་བོད་ཀྱི་ཡུལ་དུ་མཚན་དཔེའི་མེ་ཏོག་བཞད་ནས་བགྲང་བྱ་བརྒྱ་ཕྲག་དགུ་ཟིན་ཅིང་། བསྟན་པ་དར་རྒྱས་གནས་པ་དང་། འགྲོ་ལ་བདེ་སྐྱིད་འབྱུང་བ། ཉམས་རྟོགས་ཡོན་ཏན་སྐྱེ་བ། བསོད་ནམས་ཀྱི་ཚོགས་རྫོགས་པ་ལ། མཚན་ཉིད་དང་ལྡན་པའི་བླ་མ་རྗེས་སུ་དྲན་པས་མཆོད་པ་ལས་ལྷག་པ་མེད་པའི་ཕྱིར་ན། དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་བཀའ་དགོངས་ལྟར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཁོངས་སུ་གཏོགས་པའི་དགོན་སྡེ་དང་ཆོས་ཚོགས་ཁག་རྣམས་མཉམ་རུབ་ཀྱིས་འཛམ་གླིང་གི་ས་གནས་གང་སར། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་ལས་རིམ་སྔ་རྗེས་དུ་མ་སྤེལ། ཀརྨ་པ་དགུ་བརྒྱའི་དུས་དྲན་གྱི་མཛད་སྒོའི་ཆ་ཤས་སུ། བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་རྒྱས་པ་དང་སྐུ་པར་ལྷན་བསྡེབས་ཀྱི་མཛད་རྣམ་བརྙན་དེབ་ཕྱོགས་སྒྲིག་པར་བསྐྲུན་ཞུས་པ་དེ་དག་འཛམ་གླིང་ཤར་ནུབ་ཀྱི་རྗེས་འཇུག་སློབ་འབངས་དང་ཞིབ་འཇུག་པ་དག་གི་སླད་དུ་དེང་དུས་ཀྱི་ཆ་འཕྲིན་ལ་བརྟེན་ནས་ང་ཚོས་ད་ལན་འཕྲུལ་དེབ་ཏུ་བཟོས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།”

སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ།

EPUB 1 PDF 1 EPUB 2 PDF 2 EPUB 3 PDF 3

མཁས་པའི་གཅེས་ནོར་གྱི་གཞུང་འདི་ལྟ་བུ་འཇིག་རྟེན་གྱི་ཁམས་སུ་བཞུགས་ཡོད་པ་ཡང་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་མཐོང་སྟེ་འདི་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ། ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འབད་པ་དུ་མས་ཐོག་མར་ཕྱག་དཔེའི་མ་ཕྱི་རྣམས་རྒྱ་བོད་བལ་འབྲུག་དང་ནུབ་ཕྱོགས་ཀྱི་དཔེ་མཛོད་ཁག་བཅས་ནས་འཚོལ་སྒྲུབ་དང་། མ་ཕྱི་འགའ་ཞིག་ནི་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་ཆེན་པོ་སྐུ་གོང་འོག་དབུས་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་མཐུ་ལས་ཐོབ་པ་ཡིན། ད་ལན་དཔའ་བོ་གཙུག་ལག་ཕྲེང་བའི་ (1504-1566) གསུང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ཞེས་བྱ་བ། འདི་མ་དཔེ་དིལླི་པར་མ་གཞིར་བཟུང་སྟེ་གློག་ཀླད་ཀྱི་པར་གཞིར་བསྒྲིགས་ཏེ་འདིར་པར་སྐྲུན་ཞུས། དེའང་མ་ཕྱི་དེ་དག་ཐོག་མར་ཡིག་བཅུག་པ་ཉིད་ཀྱིས་བཟོ་བཅོས་གང་ཡང་མ་བྱས་པར་གློག་ཀླད་ནང་དུ་གསར་འཇུག་ཞུས། དེ་ནས་རིམ་གྱིས་ཞིབ་ཅིང་ཚགས་པའི་ཞུ་དག་གི་རིམ་པ་རྣམས་ལེགས་པར་བགྱིས་པ་ལགས་སོ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ཕྱོགས་བསྒྲིགས།”

ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ཕྱོགས་བསྒྲིགས།

EPUB PDF

ཕྱོགས་སྒྲིག་མཛད་པོ། རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ། ཕྱག་ཆེན་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་ལ་བླ་མའི་རྣལ་འབྱོར་མེད་དུ་མི་རུང་ཞིང་། ཀརྨ་བཀའ་བརྒྱུད་པས་ཉམས་སུ་ལེན་པའི་བླ་མའི་རྣལ་འབྱོར་གྱི་གཙོ་བོ་ནི་ཀརྨ་པའི་སྐུ་རབས་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པ་འདི་ཉིད་ཡིན་ཅིང་། དེབ་འདིར་གསར་དུ་རྙེད་སོན་བྱུང་བའི་བླ་མའི་རྣལ་འབྱོར་འདིའི་ཁྲིད་ཡིག་ཞྭ་དམར་ལྔ་པ་དཀོན་མཆོག་ཡན་ལག་གིས་མཛད་པ་དང་། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ལྷན་ཐབས། དེང་དུས་ཡོངས་གྲགས་ཀྱི་ཁྲིད་ཡིག་ཀརྨ་ཆགས་མེད་ཀྱིས་མཛད་པ་དང་། ཀརྨའི་མཁན་ཆེན་རིན་ཆེན་དར་རྒྱས་ཀྱིས་མཛད་པ་གཉིས་དང་། དེ་བཞིན་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེས་མཛད་པའི་མི་འཇིགས་དབུགས་འབྱིན་མའི་འགྲེལ་པ་བཅས་བཞུགས་ཡོད། ཁྲིད་ཡིག་འདི་དག་ཞལ་གསལ་བར་མ་ཟད། ད་དུང་བླ་མ་མཚན་ལྡན་གྱི་དྲུང་ནས་གདམས་ངག་ཟབ་མོ་ཞུས་ཏེ་ཉམས་སུ་ལེན་ན། མོས་གུས་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེ་བར་ཤིན་ཏུ་ཕན་རླབས་ཆེ་བ་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཐུན་བཞི་བླ་མའི་རྣལ་འབྱོར།”

ཐུན་བཞི་བླ་མའི་རྣལ་འབྱོར།

EPUB 🎧 KINDLE PDF

རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཐུན་བཞི་བླ་མའི་རྣལ་འབྱོར་འདི་ནི་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་གོང་དུ་སྤེལ་བར་བྱེད་པའི་བླ་སྒྲུབ་མདོར་བསྡུས་ལ་བྱིན་ཆེ་བ་ཞིག་རེད། འདི་ནི་སྒྲུབ་བརྒྱུད་ཀརྨ་ཀྃ་ཚང་གི་ཉམས་ལེན་གཙོ་བོ་ཞིག་ཡིན་པས་སེར་སྐྱ་ཕོ་མོ་རིས་སུ་མ་ཆད་པའི་ཆོས་བྱེད་པ་མང་པོས་འདི་ཉིད་ཉིན་ལྟར་རྒྱུན་མ་ཆད་པར་འདོན་སྲོལ་ཡོད། འགྱུར་འདི་ནི་རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་ཐུགས་བསྐྱེད་ལམ་སྟོན་འོག་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བཞི་པའི་དུས་སྐབས་སུ་དམིགས་ཏེ་བྱུང་བ་ཞིག་གོ། ད་དུང་གློག་དེབ་འདི་དང་ལྷན་དུ་རྒྱལ་དབང་བཅུ་བདུན་པའི་ཞལ་གསུང་ཐུན་བཞི་བླ་མའི་རྣལ་འབྱོར་སྒྲ་འཇུག་ཞུས་པ་ཡང་ཡོད། མཆན། བླ་མའི་རྣལ་འབྱོར་འདི་ནི་བླ་མ་མཚན་ཉིད་དང་ལྡན་པའི་མདུན་ནས་དབང་ལུང་ཁྲིད་གསུམ་ཆ་ཚང་ཐོབ་པ་ཁོ་ནས་ཉམས་སུ་བླང་བར་བྱ་བའོ།།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཚད་མའི་སྤྱི་དོན་འཇམ་དབྱངས་བཞད་པ།”

ཚད་མའི་སྤྱི་དོན་འཇམ་དབྱངས་བཞད་པ།

EPUB PDF

ཚད་མའི་སྤྱི་དོན་འཇམ་དབྱངས་བཞད་པ་འདི་ནི་ཉེ་ཆར་རྙེད་སོན་བྱུང་བའི་དཔེ་རྙིང་ཞིག་ཏེ། མཛད་པ་པོ་ནི་ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་ཡིན། གཙོ་བོ་ཀརྨ་པ་བདུན་པས་མཛད་པའི་ཚད་མའི་འགྲེལ་པ་རིགས་གཞུང་རྒྱ་མཚོའི་སྤྱི་དོན་ཡིན་ལ། འདིའི་ནང་ཀཾ་ཚང་བཀའ་བརྒྱུད་ཀྱི་ཚད་མའི་བཞེད་རྒྱུན་གང་ཡིན་གསལ་བར་མ་ཟད། རིགས་གཞུང་རྒྱ་མཚོའི་ཚིག་དོན་གྱི་སྒྲོ་འདོགས་གཅོད་པ་ལ་མེད་ཐབས་མེད་པའི་གསུང་རབ་གཅིག་ཏུ་མཐོང་། རྒྱལ་དབང་ཀརྨ་པ་བཅུ་བདུན་པའི་དགོངས་བཞེད་བཞིན་ད་ཐེངས་འཕྲུལ་དེབ་འདིའི་ཐོག་མངོན་སུམ་ལེའུ་དང་། རང་དོན་ལེའུ། གཞན་དོན་ལེའུ་གསུམ་ཆ་ཚང་བཀོད་ཡོད། ཚད་གྲུབ་ལེའུ་ནི་ད་ལྟའང་བཙལ་འཚོལ་བྱ་བཞིན་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན། སེམས་ཙམ་པའི་སྐོར།”

གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན། སེམས་ཙམ་པའི་སྐོར།

EPUB PDF

སེམས་ཙམ་པའི་གྲུབ་མཐའ་འདི་ནི། གཙོ་བོ་གཞི་འཛིན་ས་སློབ་དཔོན་དབྱིག་གྱིས་མཛད་པའི་སུམ་ཅུ་པ་ལ་གཞི་བཅོལ་ཡོད་ཅིང་། དེ་ཡང་སྔོན་ཆད་རྒྱ་གར་འཕགས་པའི་ཡུལ་ནས་ཆེས་སྙན་གྲགས་ཆེ་བའི་སེམས་ཙམ་པའི་སློབ་དཔོན་བཅུ་ཡིས་སུམ་ཅུ་པ་ལ་གཞི་བཅོལ་ནས་སེམས་ཙམ་པའི་ལྟ་གྲུབ་སྨྲས་ཡོད་པ་དངོས་བྱུང་ལོ་རྒྱུས་ཡོད་པ་དང་སེམས་ཙམ་པའི་ལྟ་གྲུབ་དང་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་ཞིང་གོ་བདེ་བ་དེ་ལས་ལྷག་པ་མེད་པ་དང་།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “མིང་གི་མངོན་བརྗོད་པད་མ་དཀར་པོའི་ཕྲེང་བ།”

མིང་གི་མངོན་བརྗོད་པད་མ་དཀར་པོའི་ཕྲེང་བ།

EPUB PDF

མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཞེས་གྲགས་པ་ལྟར་གནའ་བོའི་རྒྱ་གར་དང་བོད་ཀྱི་རྩོམ་རིག་ལ་མཚོན་ན་མངོན་བརྗོད་རིག་པ་ནི་ཤིན་ཏུ་གལ་ཆེ་བས། རིག་པའི་གནས་བཅུར་འདྲེན་སྐབས་ཀྱང་མངོན་བརྗོད་རིག་པ་ཞེས་རིག་པའི་གནས་གལ་ཆེན་ཞིག་ཏུ་འདྲེན་སྲོལ་ཡོད་ཅིང་། དེ་ལ་ཆེད་དུ་སློབ་ཁྲིད་དང་བློ་འཛིན་སོགས་ཀྱང་རྒྱ་ཆེན་པོ་བགྱི་བའི་ལུགས་སྲོལ་ཡོད། 
མངོན་བརྗོད་ཀྱི་བསྟན་བཅོས་ལ་རྒྱ་གར་དང་བོད་ཀྱི་མཁས་པས་མཛད་པ་མང་ན་ཡང་། འདིར་ཀརྨ་པ་མི་བསྐྱོད་རྡོ་རྗེ་ལ་སློབ་མ་མཁས་པ་མང་དུ་ཡོད་པའི་ནང་ནས་ཡོངས་སུ་གྲགས་པ་ཀརྨ་ཕྲིན་ལས་པ་གཉིས་པའམ། དཔལ་ཁང་ཆོས་མཛད་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ་ཞེས་དུས་རབས་བཅུ་དྲུག་པའི་ནང་དུ་བྱོན་པའི་མཁས་པ་དེ་ཉིད་ཀྱིས་རྒྱ་བོད་ཀྱི་མངོན་བརྗོད་ཀྱི་བསྟན་བཅོས་གཙོ་བོར་གྱུར་པའི་བཀའ་བསྟན་མང་པོ་ལ་ཁུངས་བཅོལ་ཞིང་ཕྱོགས་སྒྲིག་མཛད་པའི་་མིང་གི་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ་ཞེས་པ་དེ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དབུ་མ་དྭགས་བརྒྱུད་གྲུབ་ཤིང་གི་བསྡུས་དོན།”

དབུ་མ་དྭགས་བརྒྱུད་གྲུབ་ཤིང་གི་བསྡུས་དོན།

EPUB PDF

དབུ་མའི་སྤྱི་དོན་གྱི་དཔེ་རྙིང་འདི་བཞིན་༸རྒྱལ་དབང་ཀརྨ་པ་མཆོག་གི་ཕྱག་ཏུ་མཆིས་ཤིང་། གཞུང་འདི་རང་རེ་བཀའ་བརྒྱུད་པ་རྣམས་ལ་དབུ་མ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལ་སློབ་གཉེར་བ་དག་ལ་མེད་ཐབས་མེད་པ་ཞིག་ཡིན་ཞེས་༸དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་བདུན་པ་ཆེན་པོ་མཆོག་གི་བཀའ་ཡི་དགོངས་དོན་བཞིན་འཕྲུལ་དེབ་དུ་བཟོ་བསྐྲུན་ཞུས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བསྡུས་པ་ཆེ་འབྲིང་ཆུང་གསུམ།
”

བསྡུས་པ་ཆེ་འབྲིང་ཆུང་གསུམ།


EPUB PDF

ད་ལན་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པས་མཛད་པའི་ཐུན་མོང་བསྡུས་པའི་རྩ་ཚིག་འདི་བཞིན། ཐོག་མར་བོད་དུ་བཞུགས་པའི་བཀའ་བརྒྱུད་མཁན་པོ་འགས་བླ་བྲང་བཀྲ་ཤིས་འཁྱིལ་ནས་སྟེས་དབང་གིས་རྙེད་སོན་བྱུང་ཞིང་། སྤྱི་ལོ་ཉིས་སྟོང་བཅུ་གཉིས་དང་། བཅུ་གསུམ། བཅུ་བཞི་སྟེ་ལོ་སོ་སོར་བཀའ་བརྒྱུད་དགུན་ཆོས་ཡིག་ཆ་ཕྱོགས་སྒྲིག་ཚོགས་པ་ཟུར་འཛུགས་ཀྱིས་བསྡུས་པའི་རྣམ་བཤད་འདི་ཕྱོགས་སྒྲིག་དང་པར་སྐྲུན་བྱས། སྤྱི་ལོ་ ༢༠༡༢ ནས་བཟུང་ལོ་གསུམ་གྱི་རིང་བཀའ་བརྒྱུད་དགུན་ཆོས་ཐེངས་བཅུ་དྲུག་ནས་བཅོ་བརྒྱད་པའི་བར། བསྡུས་པའི་རྣམ་བཤད་འདི་དང་ཡོངས་འཛིན་རྣམ་རྒྱལ་གྲགས་པའི་བློ་རྟགས་བཅས་ལ། ངོས་དང་ཆོས་བརྒྱུད་ཆེན་པོ་བཞིའི་དཔང་པོ་དང་ལྷན་ཅིག་པའི་མདུན་དུ་བཤད་གྲྭ་ཁག་གིས་རིགས་ལུང་འགྲན་རྩོད་བྱས། དེར་མ་ཟད་ཐེངས་སོ་སོའི་དགུན་ཆོས་གྲུབ་རྗེས། བཀའ་བརྒྱུད་སྨོན་ལམ་དང་། བདེ་བྱེད་མའི་དགུན་ཆོས་བཅས་ཀྱི་རིང་བཤད་གྲྭ་ཁག་གི་མཁན་སློབ་དང་། དཔེ་ཆ་བ་དྲག་གྲས་རྣམས་བསྡུས་ནས་བསྐྱར་ཞིབ་ཀྱང་བགྱིད་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བཀའ་བརྒྱུད་སྨོན་ལམ་དེབ།”

བཀའ་བརྒྱུད་སྨོན་ལམ་དེབ།

EPUB PDF

སྔོན་ལས་བཙན་པོའི་དབང་གིས་སངས་རྒྱས་ཀརྨ་པའི་མཚན་གྱི་ཁུར་པོ་ཆེ་དབང་མེད་དུ་བཀལ་ནས། མཁས་པ་མིན་ཡང་མཁས་པ་ལྟར་བརྫུ་དགོས་པ་འདི་བྱུང་ཞིང་། ཁྱད་པར་བཀའ་དྲིན་མཚུངས་མེད་སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་བདེ་བར་གཤེགས་པ་གང་གི་ཐུགས་དགོངས་རྫོགས་སུ་རེ་བས། ད་བར་མི་ལོ་བཅུ་ཕྲག་གི་རིང་སྨོན་ལམ་གྱི་འགན་འཁུར་བླངས་པའི་ཟོལ་དུ་མཆིས་ཀྱང་། ཆོས་འཇིག་རྟེན་གྱི་ཤེས་རྒྱ་ཅི་ཡང་མེད་པའི་ཐོག །སྔོན་ལས་ངན་པའི་བར་ཆད་མཚོ་ལྟར་བརྡོལ་བས་བསམ་པ་དང་རེ་བ་ཇི་བཞིན་མ་གྲུབ་པའི་སྟེང་། རྩ་རི་བསྐོར་བའི་སྙན་གྲགས་མེད་པར། དགོན་གཡག་བརྐུས་པའི་མི་ཁ་ཞེས་པའི་དཔེ་ལྟར་གྱུར་མོད་ལས་འབྲས་བདག་གིར་བྱ་རྒྱུ་ལས་འོས་ཅི་ཡོད། ཅུང་ཟད་ལེགས་པར་སྣང་བ་ཐམས་ཅད་ནི་བླ་མ་རྒྱལ་བ་སྲས་དང་བཅས་པའི་མཐུ་བྱིན་དང་། མཁའ་འགྲོ་ཆོས་སྐྱོང་གྱི་སྟོང་གྲོགས། ལས་སྨོན་གྱིས་འབྲེལ་བའི་གྲོགས་མཆེད་རྣམས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཡིན་པ་གོར་མ་ཆག །འདི་དག་ལ་སོགས་པའི་དུས་གསུམ་གྱི་དགེ་བ་ཅི་མཆིས་པ་ཐམས་ཅད་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་དོན་དུ་བསྔོ་བ་ལགས་ན། དེ་བཞིན་འགྲུབ་པའི་མཐུན་འགྱུར་རྒྱལ་བ་སྲས་དང་བཅས་པས་མཛོད། གླེང་བརྗོད་འདི་ནི་ཨོ་རྒྱན་ཕྲིན་ལས་རྡོ་རྗེར་འབོད་པའི་འཁྱམས་པོ་དེས་སྤྱི་ལོ་ 2015 ཟླ་ 12 ཚེས་ 14 ལ་བཞུགས་སྒར་དྷ་རམ་ཤཱ་ལཱའི་ཉེ་ལོགས་སྟོད་རྒྱུད་གཙུག་ལག་ཁང་གི་ཡང་ཐོག་ཏུ་སྦྱར་བ་དགེའོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་གསུང་འབུམ།”

རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་གསུང་འབུམ།

EPUB 1 EPUB 2 EPUB 3

དེབ་འདི་ནི་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དང་། མདོ་སྔགས་ཀྱི་ཆོས་གསན་པའི་ཐོ། གསུང་རྩོམ་ཐོར་བུ་གང་རྙེད་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ཐོག་མ་དེ་ཡིན། ༸རྒྱལ་དབང་མཆོག་ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་བྱོན་པའི་ཤུགས་རྐྱེན་ཆེ་བའི་དབུ་འཁྲིད་ཅིག་ཡིན་པས། བོད་ཀྱི་སྐོར་ལ་ཞིབ་འཇུག་གནང་མཁན་ཚོར་དཔེ་དེབ་འདི་ནི་རིན་ཐང་ཅན་གྱི་དཔྱད་གཞིའི་གཏེར་མཛོད་དང་། ལྷག་པར་༸རྒྱལ་དབང་མཆོག་གི་རྗེས་འཇུག་རྣམས་ལ་མཚོན་ན་དེབ་འདིའི་བརྗོད་བྱ་རྣམས་ལོ་རྒྱུས་དང་རྩོམ་ཡིག་གི་རིན་ཐང་ཙམ་ལས་བརྒལ་ཏེ། འདི་ཕྱིའི་ལམ་སྟོན་གྱི་དམིགས་བུ་བཟང་པོ་ཞིག་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多