བོད་སྐད།

• 139 •

Featured image for “མཚན་མོ།”

མཚན་མོ།

Night

EPUB PDF

“མཚན་མོ་”ནི་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གདུག་རྩུབ་ཀྱི་མཐའ་ལ་སོན་པའི་འཇར་མན་གྱི་ན་ཚི་ཡི་བཙོན་སྒར་དུ་སྡུག་སྦྱོང་ཅི་མྱངས་སྒྲུང་རྩོམ་གྱི་ལམ་ནས་བྲིས་པའི་དྲན་ཐོ་ལྟ་བུ་ཞིག་ཡིན། རྩོམ་པ་པོ་ཨེ་ལི་ཝེ་བཟེལ་ནི་ནོ་སྦེལ་ཞི་བདེ་གཟེངས་བཞེས་མཁན་ཞིག་ཡིན། ཁོང་ལ་བརྩམས་ཆོས་ལྔ་བཅུ་ལྷག་ཡོད། མཚན་མོ་ནི་ཁོང་གི་འཐུས་ཚབ་ཀྱི་བརྩམས་ཆོས་ཡིན།འཛམ་གླིང་གི་སྐད་རིགས་བཞི་བཅུ་ཙམ་བསྒྱུར་ཡོད། ཨ་རི་གཅིག་པོར་དེབ་འདི་དེབ་གྲངས་བྱེ་བ་གཅིག་ལྷག་བཙོང་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སོར་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས།”

སོར་མདོའི་འགྲེལ་པ་རིན་ཆེན་འབྱུང་གནས།

EPUB PDF

མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བློ་སྦྱོང་དོན་བདུན་མ་ཕལ་སྐད་ཀྱིས་བཀྲལ་བ་བློ་དམན་འཇུག་པའི་སྒོ།”

བློ་སྦྱོང་དོན་བདུན་མ་ཕལ་སྐད་ཀྱིས་བཀྲལ་བ་བློ་དམན་འཇུག་པའི་སྒོ།

EPUB PDF

བློ་སྦྱོང་གི་གོ་དོན་ནི་ཐབས་དམ་པ་གསུམ་ལ་གོ། ཐབས་དམ་པ་གསུམ་ནི་ཐོག་མར་སོ་སོའི་བློ་ཆོས་ཕྱོགས་སུ་སྦྱོང་དར་སྤྲོད་པའི་ཐབས་དམ་པ། བར་དུ་སྦྱོང་དར་སྤྲས་པ་དེ་ལ་ཉམས་པ་སླར་གསོ་བའི་ཐབས་དམ་པ། མཐར་སྦྱོད་དར་སྤྲས་པ་ལ་མི་ཉམས་གོང་འཕེལ་དུ་འགྲོ་བའི་ཐབས་དམ་པའི་ཆས་སུ་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཇོ་བོ་གསེར་གླིང་པ་ནས་བརྒྱུད་པ་ཡིན་ལ། བཀའ་གདམས་པ་ལ་ཆོས་ཀྱི་རྣམ་གཞག་ཤིན་ཏུ་མང་བས་དེ་དག་ཐམས་ཅད་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་ཏེ་སྟོན་པའི་མན་ངག་ཟབ་མོ་འདི་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་ཀ་ལའང་འཇུག་བདེ་བ་དང་ཕན་བརླབས་ཤིན་ཏུ་ཆེན་བས་ན་ཇོ་བོ་གསེར་གླིང་པའི་སློབ་མ་བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེས་དོན་ཚན་བདུན་གྱི་སྒོ་ནས་སྦྱར་བའི་མན་ངག་དེ་ཡིན་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཤེར་ཕྱིན་ཀར་ཊིཀ་རྗེ་བཙུན་ངལ་གསོ།”

ཤེར་ཕྱིན་ཀར་ཊིཀ་རྗེ་བཙུན་ངལ་གསོ།

EPUB 1 PDF 1 EPUB 2 PDF 2

མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བརྟག་གཉིས་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ།”

བརྟག་གཉིས་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ།

EPUB PDF

མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ།”

རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ།

EPUB PDF

༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་མཆོག་སྤྲུལ་རིན་པོ་ཆེའི་གསུང་། རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ་གོ་བདེར་བཀྲལ་བ་འདི་ནི། ཚིག་དོན་ཆ་ནས་རྒྱས་བསྡུས་འཚམ་ཞིང་སྔོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་གི་དགོངས་དོན་གཞིར་བཞག་ཐོག་ནས་འགྲེལ་པ་ཁྱད་པར་དུ་འཕགས་པ་མཆིས་ལ། དམིགས་བསལ་གྱི་ནང་པའི་གཞུང་ལུགས་ལ་དེ་ཙམ་སྦྱངས་པ་མ་མཆིས་པའི་ལས་དང་པོ་པ་རྣམས་ཆོས་ལ་དད་པ་བསྐྱེད་པའི་ཐབས་ཁོ་ནར་དགོངས་ཏེ་མཛད་པའི་གཞུང་ཞིག་ཡིན། ༧སྐྱབས་རྗེ་རིན་པོ་ཆེའི་གསུང་རྣམས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་ནི། སློབ་བུ་རྣམས་ཀྱི་མ་བསྐོས་ཐོག་ཏུ་བབས་པའི་ལས་འགན་ཡིན་པར་དམིགས་ནས་སྒྲ་འཛིན་འོད་སྡེར་དུ་བཞུགས་པ་རྣམས་ཡི་གེའི་གཟུགས་སུ་སྒྲ་ཕབ་བགྱིས་ནས་འགྲེམས་སྤེལ་ཞུ་བ་ལགས་ན། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་སྐྱོན་འདོན་ལ་དགོངས་འཆར་ལྷུག་སྩོལ་ཡོང་བ་ཞུ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན། དབུ་མའི་གྲུབ་མཐའ།”

གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན། དབུ་མའི་གྲུབ་མཐའ།

EPUB PDF

བཀའ་བརྒྱུད་དགུན་ཆོས་ཡིག་ཆ་ཕྱོགས་སྒྲིག་ཚོགས་པ་ནས་གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན་གྱི་བྱེ་བྲག་དབུ་མའི་གྲུབ་མཐའི་སྐོར་འདི་གཙོ་བོ་རང་སྟོང་པའམ་དབུ་མ་ཐལ་འགྱུར་བ་དང་། རང་རྒྱུད་པའི་གྲུབ་མཐའ་གཉིས་ཀྱི་འདོད་ཚུལ་དྭགས་བརྒྱུད་ཀྱི་བཞེད་པ། ཁྱད་པར་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་འཇུག་པའི་འགྲེལ་པ་དྭགས་བརྒྱུད་གྲུབ་ཤིང་དང་། དགོངས་གཅིག་འགྲེལ་ཆེན་སོགས་དང་། རྗེ་དགུ་པའི་འཇུག་ཊིཀ་སྐལ་བཟང་དགའ་སྟོན། གསར་དུ་རྙེད་པའི་དབུ་མའི་སྤྱི་དོན་སོགས་གཞིར་བཞག་སྟེ་གོ་སླ་ལ་འཇུག་པ་བདེ་བའི་སླད་དུ་དོན་གནད་བསྡུས་ཏེ་ཕྱོགས་སྒྲིག་ཞུས་པ་ལགས་ན། བཀའ་བརྒྱུད་དགུན་ཆོས་དང་། བཤད་གྲྭ་ཁག་ལ་སློབ་གཉེར་གནང་མཁན་ཡོངས་ལ་ཕན་ཡོན་ཁྱད་པར་ཅན་ལྡན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བློ་སྦྱོང་དོན་བདུན་མ།”

བློ་སྦྱོང་དོན་བདུན་མ།

EPUB PDF

སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས། བདེ་བ་ཐོབ་ཅིང་། སྡུག་བསྔལ་བྲལ་བའི་ཆེད་དུ། ཕྱི་དངོས་པོའི་ཡུལ་ལ་འབད་འབུངས་ཧུར་ཐག་བགྱིས་ནའང་། རེ་བ་གྲུབ་པ་ཞིག་ནི་མ་བྱུང་བ་ཡིན། སངས་རྒྱས་ཀྱིས། བདེ་སྡུག་ཐམས་ཅད་ཀྱི་རྩ་བ་ངོ་མ་ནི། རང་སེམས་ཡིན་པ་མཁྱེན་ཏེ། རང་སེམས་འདུལ་བའི་ཐབས་ཚུལ་མཐའ་ཡས་པ་ཞིག་གསུངས་ཡོད། བློ་སྦྱོང་གི་གདམས་པ་ནི། རང་ལ་དཀའ་སྡུག་གང་ཞིག་བྱུང་ན་ཡང་། ཚོགས་བསགས་སྒྲིབ་སྦྱོང་གི་ལམ་དུ་ཁྱེར་བས། ལྟས་ངན་གཡང་དུ་ལེན་པ་སྟེ། བསམ་པའི་ཁྱེར་སོ་ཙམ་གྱིས་ཆོག་པ། ཐེག་པ་ཆེན་པོའི་མན་ངག་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཕྱག་ཆེན་གངྒཱ་མ།”

ཕྱག་ཆེན་གངྒཱ་མ།

EPUB PDF

དཔལ་ནཱ་རོ་པ་ནི། ཕྱི་ནང་གི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་མཁས་པ་ཆེན་པོ་ཞིག་ཡིན་ན་ཡང་། འཁོར་འདས་ཀུན་གྱི་གཞི་རྩ་རང་སེམས་ཀྱི་ངོ་བོ་སྒྲིབ་མེད་རྗེན་གཅེར་དུ་མཐོང་བའི་ངོ་སྤྲོད་ཐོབ་ཆེད། ལུས་དང་སྲོག་ལ་མི་བལྟ་བའི་དཀའ་སྤྱད་དྲག་པོས། རྗེ་བཙུན་ཏི་ལོ་པ་མཉེས་པར་བྱས་པ་ན། སེམས་ཉིད་ཀྱི་ངོ་བོ་ངོ་སྤྲོད་པ་ཕྱག་རྒྱ་ཆེན་པོ་མགུར་དུ་བཞེངས་པ་ནི། ཕྱག་ཆེན་གངྒཱ་མ་བྱ་བ་འདི་ཉིད་ཡིན་པས། བདེ་སྡུག་འདོར་ལེན་ལ་ཞུགས་པ་ཀུན་གྱིས་གཙིགས་སུ་བྱ་བར་འོས་སོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དབུ་མ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ།”

དབུ་མ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ།

EPUB PDF

མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “善緣解脫道 《三主要道》簡略釋文”

善緣解脫道 《三主要道》簡略釋文

ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཚིག་འགྲེལ་མདོར་བསྡུས་པ་སྐལ་བཟང་ཐར་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

繁體 EPUB 繁體 PDF 简体 EPUB 简体 PDF

第一世蔣貢康楚‧羅卓泰耶所著作的這部《三主要道》的簡略釋文,將宗喀巴大師依於傳承自阿底峽尊者的「道次第」而整理的教法《三主要道》,作了言簡意賅的闡釋。

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བདེ་ཆེན་ཞིང་གི་འཇུག་སྒོ།”

བདེ་ཆེན་ཞིང་གི་འཇུག་སྒོ།

EPUB PDF

ད་ལམ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་གསུང་བདེ་ཆེན་ཞིང་གི་འཇུག་སྒོ་ཞེས་པ་འདི་ཉིད། གདུལ་བྱ་འདོད་གཉེར་ཅན་རྣམས་ལ་ཤེས་རབ་བསྐྱེད་པའི་ཆེད་དུ་མ་ཡིན་པར། ཆོས་ལ་དད་པ་བསྐྱེད་པའི་ཐབས་ཁོ་ནར་དགོངས་ཏེ། གོ་བདེ་བ་གཙོ་བོར་བྱས་ཏེ་གསུངས་པའི་གཞུང་ཞིག་ཡིན། སྔར་༧སྐྱབས་རྗེ་རྡོ་རྗེ་འཆང་མཁན་ཆེན་ཁྲ་འགུ་མཆོག་སྤྲུལ་རིན་པོ་ཆེས་ཡུ་རོབ་དང་ཨ་རི་རྒྱལ་ཁབ་རྣམས་སུ་བསྟན་འགྲོའི་དོན་དུ་ཞབས་སོར་བཀྲིན་བསྐྱངས་པའི་སྐབས་སུ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བསྩལ་བའི་གསུང་ཆོས་དེ་རྣམས་ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་ནས་སྒྲ་འཛིན་འོད་སྡེར་དུ་བདག་གཉེར་གསོག་བསྲུང་བྱས་པ་རྣམས་ད་རེས་ཡི་གེའི་གཟུགས་སུ་སྒྲ་ཕབ་བགྱིས། དེ་དག་དཔེ་རྒྱུན་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་ནི། སློབ་བུ་རྣམས་ཀྱི་མ་བསྐོས་ཐོག་ཏུ་བབས་པའི་ལས་འགན་ཡིན་པར་དམིགས་ནས། ལོ་རེ་བཞིན་༧སྐྱབས་རྗེ་རིན་པོ་ཆེའི་གསུང་རྣམས་པར་སྐྲུན་བྱས་དང་བྱེད་བཞིན་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བརྟག་གཉིས་སྤྱི་དོན་རྡོ་རྗེ་དྲྭ་བའི་རྒྱན།”

བརྟག་གཉིས་སྤྱི་དོན་རྡོ་རྗེ་དྲྭ་བའི་རྒྱན།

EPUB PDF

མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཟབ་མོ་ནང་དོན་གྱི་འགྲེལ་པ་ཟབ་དོན་སྣང་བྱེད།”

ཟབ་མོ་ནང་དོན་གྱི་འགྲེལ་པ་ཟབ་དོན་སྣང་བྱེད།

EPUB PDF

མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྒྱུད་བླ་མ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ།”

རྒྱུད་བླ་མ་ཕྱིར་མི་ལྡོག་པ་སེང་གེའི་ང་རོ།

EPUB PDF

མདོ་སྔགས་གཞུང་ཆེན་བརྒྱད་ཅེས་པའི་ཐ་སྙད་འདིའང་། སྔོན་༧རྒྱལ་བའི་དབང་པོ་༧དཔལ་ཀརྨ་པ་བཅུ་དྲུག་པ་ཆེན་པོ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས། མཁན་ཆེན་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་སྒྲུབ་བརྒྱུད་རང་རྐང་གི་འཆད་ཉན་བྱེད་རྒྱུ་དེ། གོང་གསལ་གྱི་མདོ་ཕྱོགས་ཀྱི་གཞུང་བཀའ་པོད་ལྔ་དང་། སྔགས་ཕྱོགས་ཀྱི་གཞུང་ཆེན་མོ་གསུམ་སྟེ་མདོ་སྔགས་གཞུང་ཆེན་བརྒྱད་ཡིན་ཅེས་ཆབ་ཤོག་ཕེབས་པའི་ཚུལ་བདག་སོགས་ཀརྨ་ཤྲཱི་ནཱ་ལནྡའི་ཆེས་མཐོའི་བཤད་གྲྭ་ཆེན་པོའི་ཐོན་རིམ་དང་པོའི་སློབ་ཕྲུག་རྣམས་ལ་བཀའ་བསྩལ་པ་ལྟར། ད་ལན་ནི་ཏཱརྠ་ཤེས་རིག་ཉམས་གསོ་ཁང་ནས་འདིར་ཕྱོགས་གཅིག་ཏུ་བསྒྲིགས་པ་གཤམ་གསལ་ལྟར་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཇོ་མཇལ་ཁྲིད་ཡིག་ཡིད་བཞིན་ནོར་བུ།”

ཇོ་མཇལ་ཁྲིད་ཡིག་ཡིད་བཞིན་ནོར་བུ།

EPUB PDF

བོད་ཡུལ་ཆོས་ཀྱི་ཞིང་སའི་དབུས་འགྱུར་འཆང་། ལྷ་སའི་གཙུག་ལག་ཁང་ན་བཞུགས་པའི་ཇོ་བོ་ཡིད་བཞིན་ནོར་བུ་ནི། བྱིན་རློབས་ཀྱི་དབང་གིས་སྟོན་པའི་རྒྱལ་ཚབ་ཏུ་བཞུགས་གཤིས། རྒྱལ་ཁབ་ཕྱི་ནང་དང་ཆོས་ལུགས་ཡོད་མེད་ཀྱི་སྐྱེ་བོ་མཐའ་ཡས་པས་མཇལ་སྐོར་བྱེད་ཀྱིན་ཡོད་ལ། སྐྱོ་བྲག་མཁན་པོ་དགའ་དབང་གིས། བཀའ་དང་བསྟན་བཅོས་ཁུངས་སུ་བྱས་པའི་ཇོ་མཇལ་ཁྲིད་ཡིག་ཡིད་བཞིན་ནོར་བུ་བྱ་བ་ཞིག་བརྩམས་འདུག་པ་ཚང་མའི་མཐོང་ཡུལ་དུ་གྱུར་ན་ཕན་རླབས་ཆེན་པོ་ཡོང་བའི་རེ་བ་འདུག །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “མ་ཎི་འཁོར་ལོའི་བྱུང་བ་དང་ཕན་ཡོན།”

མ་ཎི་འཁོར་ལོའི་བྱུང་བ་དང་ཕན་ཡོན།

EPUB PDF

མ་ཎི་འཁོར་ལོ་ལ། ས་འཁོར། ཆུ་འཁོར། མེ་འཁོར། རླུང་འཁོར། ལག་འཁོར་ཏེ། རིགས་མི་འདྲ་བ་ལྔ་ཡོད་པ། བོད་ཡུལ་ནས་དར་འཕེལ་བྱུང་བས་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁྱབ་པ་འདིའི་ཐོག་མའི་བྱུང་བ་དང་། ལྷ་ཡི་མཛད་པ། མ་ཎིའི་གོ་དོན། འཁོར་ལོའི་ཕན་ཡོན་བཅས་འཁོད་པ། མ་ཎི་འཁོར་ལོའི་ཕན་ཡོན། ཞེས་པ་ཞིག་སྐྱོ་བྲག་མཁན་པོ་དགའ་དབང་གིས་བརྩམས་འདུག་པ་ནི། ཚང་མས་ཤེས་གལ་ཆེ་བས་འགྲེམ་སྤེལ་བྱས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཏི་ཤྲི་རས་པའི་ཕྱག་ཆེན་མགུར་འགྲེལ།”

ཏི་ཤྲི་རས་པའི་ཕྱག་ཆེན་མགུར་འགྲེལ།

EPUB PDF

དཔལ་འགྲོ་བའི་མགོན་པོ་བཀའ་བརྒྱུད་པ་རྣམས་ཀྱི་ནང་ཚན། འབའ་རོམ་བཀའ་བརྒྱུད་ཀྱི་བླ་མ། འགྲོ་མགོན་ཏི་ཤྲི་རས་པ་ནི། མཁས་དང་གྲུབ་པའི་ཡང་རྩེར་སོན་ཏེ། ཕྲིན་ལས་ཀྱིས་བོད་ཁམས་ཡོངས་སུ་ཁྱབ་པ་ཞིག་བྱུང་བ་ཁོང་གི་གསུང་། བསྟན་བཅོས་རིན་ཆེན་ཀུན་ཏུ་འོད་བྱ་བའི་བརྗོད་བྱ། བསྟན་པ་སྤྱིའི་རྣམ་བཞག་དང་། སྒོམ་རིམ་ཕྱག་རྒྱ་ཆེན་པོ། ལམ་རིམ་རྣལ་འབྱོར་བཞི་བསྟན་པའི་གཞུང་ངོ་མཚར་ཅན་ཞིག་བཞུགས་པ་ལ། སྐྱོ་བྲག་གི་མཁན་པོ་དགའ་དབང་མཆོག་ནས། འགྲེལ་བ་སྙིང་པོ་གསལ་བ་བྱ་བ་ཞིག་མཛད་ཡོད་པ་ནི། དིང་གི་དུས་ན་ཆོས་བརྒྱུད་འབའ་རོམ་བཀའ་བརྒྱུད་པའི་ཕྱག་ཆེན་གྱི་གཞུང་ཞིག་གི་ནང་ནས། ཚིག་དོན་རྒྱས་ཤོས་དང་། ཁ་གསལ་ཤོས་དང་། ཁུངས་བཙུན་ཤོས་སུ་མཐོང་བས་ན། གློག་རྡུལ་འཕྲུལ་དེབ་བཟོས་ཏེ་ཁྱབ་སྤེལ་ཞུས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ལམ་མཆོག་རིན་ཆེན་ཕྲེང་བ། • 勝道寶鬘”

ལམ་མཆོག་རིན་ཆེན་ཕྲེང་བ། • 勝道寶鬘

繁體 EPUB 繁體 PDF

岡波巴大師是噶當派與大手印兩種傳承教法的持有者,他從噶當派上師處受持了度母等殊勝本尊授予阿底峽尊者師徒的無垢教誡,又從密勒日巴處領受了傳自印度聖地如日月般的那洛巴、梅紀巴二位聖者,以及馬爾巴大譯師等賢哲的大手印心要,全都融攝於這本《勝道寶鬘》。

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “了義炬 • ངེས་དོན་སྒྲོན་མེ།”

了義炬 • ངེས་དོན་སྒྲོན་མེ།

繁體 EPUB 繁體 PDF 简体 EPUB 简体 PDF

本書內容為第一世蔣貢康楚仁波切所著作的《大手印了義炬:大手印四加行簡要合集及正行教學次第》,內含四加行儀軌。

སྤྱིར་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོར་སོ་སོའི་ཐུན་མིན་གྱི་བླ་མ་བརྒྱུད་པའི་བཞེད་སྲོལ་ལས་དར་བའི་སྔོན་འགྲོའི་ཁྲིད་ཡིག་ སྣ་ཚོགས་སུ་མཆིས་པ་ལས། རང་རེ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་སྔོན་འགྲོའི་ཁྲིད་ཡིག་ཕྱག་ཆེན་ངེས་དོན་སྒྲོན་མེ་འདི་ཉིད་འཇམ་མགོན་ཀོང་སྤྲུལ་དང་པོ་བློ་གྲོས་མཐའ་ཡས་ཀྱིས་མཛད་ཅིང་། འདི་ནི་རྒྱལ་མཆོག་དགུ་པ་དབང་ཕྱུག་རྡོ་རྗེས་མཛད་པའི་ཕྱག་ཆེན་ངེས་དོན་རྒྱ་མཚོ་ལ་གཞི་བཅོལ་ཞིང་དེ་ཉིད་ཀྱི་ནང་དོན་རྣམས་ཁུ་བསྡུ་མཛད་པ་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ནོར་བུ་འབར་བ།”

ནོར་བུ་འབར་བ།

EPUB PDF

དེ་ཡང་བླ་མའི་རྣལ་འབྱོར་ནི་གངས་ལྗོངས་སུ་བདོ་བའི་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་པ་ལ་ཤིན་ཏུ་འགངས་ཆེ་བ་བཞིན། རང་རེ་སྒྲུབ་བརྒྱུད་པའི་སྔོན་བྱོན་གོང་མ་རྗེ་ཞྭ་དམར་དཀོན་མཆོག་འབངས་ཀྱི་གསུང་ཐུན་བཞིའི་ཉམས་ལེན་ཕྱག་ཆེན་གྱི་དམིགས་རིམ་སྦྱར་བ་དང། དེ་བཞིན་རྗེ་དགུ་པ་དབང་ཕྱུག་རྡོ་རྗེའི་ཟུར་རྒྱན་སོགས་དུ་མ་བཞུགས་ཤིང་། དེ་དག་ལས་འགའ་ཞིག་ནི་སྦས་དོན་གྱི་ཚུལ་དུ་བཀྲལ་བ་དང་། འགའ་ཞིག་ནི་སྙིང་དོན་གྱི་ཚུལ་དུ་བཀྲལ་བས་དབང་རབ་རྣམས་ཀྱི་སྤྱོད་ཡུལ་ལས། དབང་རྟུལ་རྣམས་ཀྱིས་ཇི་བཞིན་རྟོགས་དཀའ་བས་དེ་དག་གི་ཡིད་རེ་སྐོང་བ་ཞིག་འབྱུང་དཀའ་བར་གྱུར་མོད། དེས་ན་ད་ལན་མཁན་པོ་དགའ་དབང་ནས་མཛད་པའི་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་བཤད་པ་ནོར་བུ་འབར་བ་ཞེས་བྱ་བ་འདི་ཉིད་ཚིག་དོན་གང་གི་ཆ་ནས་ཞིབ་འགྲེལ་གྱིས་ཁ་གསལ་ཞིང་གོ་བདེ་བས་དབང་པོ་མཆོག་དམན་བར་མའི་སྐྱེ་བོ་ཀུན་ལ་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་ངག་སྒྲོས་ལྟར་གྱུར་པར། གང་གི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། རྗེས་སུ་ཡི་རང་ཞུ་རྒྱུ་བཅས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྣང་མཛད་ཉི་མའི་དཀྱིལ་འཁོར། • The Illuminating Orb of the Sun • 光明日輪”
Featured image for “離四貪執 • ཞེན་པ་བཞི་བྲལ།”

離四貪執 • ཞེན་པ་བཞི་བྲལ།

繁體 EPUB 繁體 PDF

離四貪執一書收錄了第四世蔣貢康楚仁波切於第三十二屆祈願大法會《離四貪執修心法》課程之開示。

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་གཉིས་པའི་སྐབས་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་བཞི་པ་མཆོག་གིས་སྩལ་བའི་ཞེན་པ་བཞི་བྲལ་གྱི་གསུང་ཆོས་ཕྱོགས་བསྡུས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “པོ་ཏོ་བའི་ཆིག་ལབ་རིང་མོ།”

པོ་ཏོ་བའི་ཆིག་ལབ་རིང་མོ།

EPUB PDF

སྤྱན་རས་གཟིགས་སྤྲུལ་དགེ་བཤེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ (1004/1064) ཀྱི་སློབ་མའི་གཙོ་བོ་བཀའ་གདམས་དགེ་བཤེས་སྐུ་མཆེད་གསུམ་ལས། གངས་རིའི་ཁྲོད་འདིར་རྒྱལ་བའི་བསྟན་པ་སྤེལ་བའི་སླད་དུ་བསམ་བཞིན་དུ་བྱོན་པའི་སྤྲུལ་པའི་སྐྱེས་མཆོག་དཀའ་ཐུབ་ཀྱིས་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་མཛད་ནས་བསྟན་པའི་བདག་པོ་དགེ་བའི་བཤེས་གཉེན་པོ་ཏོ་བའི་ (1027/1105) གསུང་། བྱང་ཆུབ་སེམས་ཀྱི་ཉམས་ལེན་ལ་གཙོ་བོར་སྟོན་པའི་རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་བློ་སྦྱོང་ཆིག་ལབ་རིང་མོ་ཞེས་བྱ་བ་འདི་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོ་སོ་སོར་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་འདུས་ཚོགས་སུ། དཔལ་༸རྒྱལ་བའི་དབང་པོ་༸ཀརྨ་པ་ཆེན་པོ་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གི་ཞལ་སྔ་ནས་ཕྱི་ནང་དད་ལྡན་སློབ་ཚོགས་སྟོང་ཚོ་དུ་མར་གསུང་ཆོས་སུ་སྩལ། གཞུང་འདི་ཉིད་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་སླད་དུ་གློག་ཀླད་ནང་དུ་གསར་འཇུག་ཞུས་ནས་འཕྲུལ་དེབ་ཏུ་བཟོས་ཏེ་སྤེལ་བའི་ཉེར་ལེན་ལས་བློ་སྦྱོང་གདམས་ངག་ཉམས་ལེན་པ་རྣམས་ལ་ཕན་ཐོགས་འབྱུང་བའི་རེ་སྨོན་བཅས།

ད་དུང་བལྟ་ཀློག • Read More • 閱讀更多