Vajra Vidya Institute Library

• 16 •

Featured image for “བཤེས་པའི་སྤྲིང་ཡིག་ཕལ་སྐད་དུ་བཀྲལ་བ་བློ་དམན་འཇུག་པའི་སྒོ།”

བཤེས་པའི་སྤྲིང་ཡིག་ཕལ་སྐད་དུ་བཀྲལ་བ་བློ་དམན་འཇུག་པའི་སྒོ།

EPUB PDF

སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེས་གསུངས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིངས་ཡིག་གི་འགྲེལ་པ་ཕལ་སྐད་དུ་བཀྲལ་བ་བློ་དམན་འཇུག་པའི་སྒོ་འདི་ཉིད། དམ་པའི་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་གནང་མཁན་དང་། བློ་གསར་བ་རྣམས་ལ་གོ་བདེ་ཞིང་ཕན་འདོགས་ཆེ་བར་བརྟེན། ད་ལམ་༼ebooks༽གྱི་སྟེང་གཟིགས་བདེ་བའི་ཆེད་ཀུན་གྱི་སྤྱན་ལམ་དུ་ཕུལ་བ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྗེ་བཙུན་ངལ་གསོའི་ཟུར་མཆན་མི་བསྐྱོད་ཞལ་ལུང་།”

རྗེ་བཙུན་ངལ་གསོའི་ཟུར་མཆན་མི་བསྐྱོད་ཞལ་ལུང་།

EPUB PDF

བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ཤེས་རབ་ཕུན་ཚོགས་མཆོག་གིས་བརྩམས་གནང་བའི་མངོན་པར་རྟོགས་པའི་རྒྱན་གྱི་རྣམ་བཤད་རྗེ་བཙུན་ངལ་གསོའི་ཟུར་མཆན་མི་བསྐྱོད་ཞལ་ལུང་ཞེས་པ་འདི་ཉིད་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་ཆེན་རྗེ་བཙུན་ངལ་གསོ་ལ་བསླབ་སྦྱང་གནང་མཁན་རྣམས་ཀྱི་ཐུགས་ལ་ངེས་བདེ་བ་དང་ཕན་ཐོགས་ཆེན་པོར་འབྱུང་བར་བརྟེན། ད་ལམ་འཕྲུལ་དེབ་(ebook)གི་ཐོག་དཔེ་སྒྲིག་བགྱིས་པ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ནང་ཆོས་ངོ་སྤྲོད་དམ་ཆོས་བདུད་རྩིའི་ཉིང་ཁུ།”

ནང་ཆོས་ངོ་སྤྲོད་དམ་ཆོས་བདུད་རྩིའི་ཉིང་ཁུ།

EPUB PDF

བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ཤེས་རབ་ཕུན་ཚོགས་མཆོག་གིས་བརྩམས་གནང་བའི་ནང་ཆོས་ངོ་སྤྲོད་དམ་ཆོས་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་འདི་ཉིད་ལས་དང་པོ་པས་གོ་བདེ་ཞིང་ཉམས་ལེན་ལ་ཕན་པ་མ་ཟད་ནང་པའི་ཆོས་སྒོར་གསར་ཞུགས་རྣམས་སླ་ཆོས་སུ་མ་སོང་བར་ནང་ཆོས་ཀྱི་གོ་བ་ཟབ་མོ་རྒྱུད་ལ་སྐྱེ་བའི་ཕན་ཐོགས་ཆེན་པོ་བྱུང་ངེས་ལགས་པར་བརྟེན། ད་ལམ་འཕྲུལ་དེབ་ (Ebook) ཀྱི་ཐོག་དཔེ་སྒྲིག་བགྱིས་པ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རང་རྣམ་ཐོར་བུ་ཕྱོགས་བསྡུས།”

རང་རྣམ་ཐོར་བུ་ཕྱོགས་བསྡུས།

EPUB PDF

༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་རང་རྣམ་ཐོར་བུ་ཕྱོགས་བསྡུས་འདི་ནི། དཔལ་ལྡན་བླ་མ་དམ་པ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་སྐུ་ཕྲེང་དགུ་པ་མཆོག་གིས་ཐོག་མར་རང་དོན་དུ་ཐོས་བསམ་སྒོམ་གསུམ་ཇི་ལྟར་གནང་བ། བར་དུ་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ཇི་ལྟར་མཛད་པ། མཐའ་མར་རང་གཞན་གཉིས་དོན་དུ་མཁས་བཙུན་བཟང་གསུམ་དང་ལྡན་པའམ་བཤད་སྒྲུབ་ལས་གསུམ་གྱི་མཛད་འཕྲིན་ཇི་ལྟར་བསྐྱངས་བ་བཅས་ཞིབ་གསལ་བཀོད་ཡོད་པའི་རང་རྣམ་ཐོར་བུའི་སྐོར་ཕྱོགས་བསྡུས་བྱས་པ་ཞིག་ཡིན། དེ་ཡང་༧སྐྱབས་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་བཅུ་གཅིག་བར་གྱི་རང་རྣམ་དང་། མཁན་པོ་ཚེ་རིང་ཤར་པས་བཀའ་འདྲི་ཞུས་པའི་རང་རྣམ་དྲིས་ལན་བརྒྱད་མ་འདི་གཉིས་སྤྱི་ལོ་ ༢༠༠༨ ལོར་ཝཱ་ཎ་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ་༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་སྒྲ་འཛིན་འཁོར་ཐག་ཏུ་གསུངས་པ་རྣམས་མཁན་པོ་ཚེ་རིང་གིས་ཡིག་ཐོག་ཏུ་བཀོད་གནང་བ་དང་། ༧སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་ ༢༠༡༠ ལོར་གསར་དུ་ལྗགས་རྩོམ་གནང་བའི་ཁྲ་འགུ་བླ་རབས་དགུའི་ལོ་རྒྱུས་དང་། སྤྱི་ལོ་ ༢༠༡༧ ལོར་ལྗགས་རྩོམ་མཛད་པའི་དགུང་གྲངས་ཞེ་དྲུག་བར་གྱི་རང་རྣམ་བཅས་རང་རྣམ་བཞི་པོ་འདི་དག་མཁན་པོ་ཚེ་རིང་ནས་ཞུ་སྒྲིག་བྱས་ཏེ་ཕྱོགས་བསྡུས་གནང་བ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཚད་མ་རིགས་ཐིགས་ཀྱི་འགྲེལ་པ་ཟུར་བཀོལ།”

ཚད་མ་རིགས་ཐིགས་ཀྱི་འགྲེལ་པ་ཟུར་བཀོལ།

EPUB PDF

༈ ༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གིས་མཛད་པའི་ཚད་མ་རིགས་ཐིགས་ཀྱི་འགྲེལ་པ་འདི་ཉིད། བློ་གསར་བུ་པ་རྣམས་ལ་ཕན་ཐོགས་ཆེ་བར་དམིགས་ཏེ། ལེའུ་གསུམ་པ་རང་དོན། བཞི་པ་གཞན་དོན་ལེའུ་མཇུག་མ་ཚང་བ་རྣམས་སློབ་དཔོན་དུལ་བ་ལྷའི་འགྲེལ་པ་སློབ་མ་ལ་ཕན་པའི་དགོངས་པ་གཙོ་བོར་བྱས་ཏེ་ཁ་སྐོང་གནང་བ་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གནས་བཤད་བཀའ་སློབ་ཕྱོགས་བསྒྲིགས།”

གནས་བཤད་བཀའ་སློབ་ཕྱོགས་བསྒྲིགས།

EPUB PDF

༈ ༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་ཡོ་རོབ་དང་། ཨ་རི། ནང་པའི་ཡུལ་གྲུ་མང་པོ་ཞིག་ལ་ཞབས་སོར་བཀའ་དྲིན་བསྐྱངས་ནས་སྐལ་ལྡན་གྱི་གདུལ་བྱ་སློབ་མ་རྣམས་ལ་བསྩལ་བའི་གསུང་ཆོས་དེ་རྣམས་བཛྲ་བིདྱཱ་དཔེ་མཛོད་ཁང་ནས་སྒྲ་འཛིན་འོད་སྡེར་དུ་བདག་གཉེར་གསོག་སྲུང་བྱས་པ་རྣམས་སློབ་བུ་རྣམས་ནས་ཡི་གེའི་གཟུགས་སུ་སྒྲ་ཕབ་བྱས་པ་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “འདུལ་བ་མདོ་རྩ་བའི་ཚིག་འགྲེལ་གཅེས་བཏུས།”

འདུལ་བ་མདོ་རྩ་བའི་ཚིག་འགྲེལ་གཅེས་བཏུས།

EPUB PDF

བོད་གངས་ཅན་གྱི་ལྗོངས་སུ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བར་གཏོགས་པ་ལ། རྩ་བའི་ལུང་སོ་སོ་ཐར་པ་གཉིས་དང་། བཤད་པའི་ལུང་སྡེ་བཞི་ལ། བཤད་པ་མཐའ་དཔྱད་ཀྱི་ཆ་དང་། བྱ་བ་ལག་ལེན་གྱི་ཆོ་ག་གཉིས་ཡོད་པ་ལས། སློབ་དཔོན་ཡོན་ཏན་འོད་ཀྱིས་བཤད་པ་རྣམས་གོ་རིམས་དང་བཅས་ཏེ་ཕྱོགས་གཅིག་ཏུ་བསྡུས་པ་འདུལ་བ་མདོ་རྩ་བ་ཞེས་མཚན་གསོལ། གཞུང་འདི་ལ་འགྲེལ་པ་དུ་མ་ཞིག་ཡོད་ཀྱང་། རང་རེ་ཀརྨ་ཀཾ་ཚང་ལ་༧རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་མདོ་རྩ་བའི་རྒྱ་ཆེར་འགྲེལ་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་པོད་ཆེན་གསུམ་མཛད། དེ་ལ་བློ་གྲོས་དམན་པ་འགའ་ཞིག་གིས་བསྟན་བཅོས་འདི་རྒྱས་དྲག་པས་ཉོབ་པ་རེད་ཅེས་སྐུར་བཏབ་སོགས་བྱུང་བར་བརྟེན། ༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གིས། འདུལ་བྱ་ལས་དང་པོ་པ་དང་ཤེས་རབ་དམན་པ་རྣམས་ཐོག་མར་འདུལ་བའི་ཀར་ཊཱིཀ་ཆེན་མོ་ལ་བསླབ་པའི་སྔོན་འགྲོ་ལྟ་བུར་གསན་སྦྱང་གནང་བའི་ཆེད། ཀར་ཊཱིཀ་ཆེན་མོ་ལས་བསྡུས་དོན་ས་བཅད་དང་། འབྲུ་འགྲེལ་ཁོ་ན་གཅེས་བཏུས་མཛད་པའི་གཞུང་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཚད་མ་རིགས་གཞུང་རྒྱ་མཚོ་ལས་རྣམ་ངེས་ཀྱི་ཟུར་བཀོལ།”

ཚད་མ་རིགས་གཞུང་རྒྱ་མཚོ་ལས་རྣམ་ངེས་ཀྱི་ཟུར་བཀོལ།

EPUB PDF

༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་མཛད་པའི་ཚད་མ་རྣམ་པར་ངེས་པའི་གཞུང་འདི་ནི། རྣམ་འགྲེལ་ན་ཚིགས་བཅད་དུ་ཡོད་པ་རྣམས་འདིར་ལྷུག་པར་བཀྲལ་བས་ན་གཞུང་ཐུན་མོང་བ་ཤིན་ཏུ་མང་ཞིང་། རྣམ་འགྲེལ་ལས་ཚིག་གསལ་ཞིང་དོན་ཅུང་ཟད་གོ་བདེ་བ་ལྟ་བུར་སྣང་བ་དང་། སྔོན་བོད་དུ་རྔོག་ཡབ་སྲས་དང་ཕྱ་པ་ཆོས་སེང་གི་སྐབས་སུའང་རྣམ་ངེས་ཀྱི་གཞུང་འདི་ཉིད་ལ་འཆད་ཉན་གཙོ་བོར་བྱེད་པ་སོགས་རྣམ་ངེས་ཀྱི་གཞུང་འདི་གལ་ཆེ་བ་དང་། ཚད་མ་ལ་བསླབ་སྦྱང་གནང་སྐབས་རྣམ་ངེས་རྩ་འགྲེལ་ལ་ཞིབ་གཟིགས་གནང་ཐུབ་ན་ཕན་འདོགས་ཧ་ཅང་ཆེ་བར་དགོངས་ཏེ། ཚད་མ་རིགས་གཞུངས་རྒྱ་མཚོ་ལས་རྣམ་ངེས་ཀྱིས་ཇི་ལྟར་འགྲེལ་ཚུལ་རྣམས་ཟུར་དུ་བཀོལ་ཞིང་མཇུག་མ་ཚང་བ་རྣམས་ཁ་སྐོང་མཛད་པའི་གཞུང་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དྭགས་བརྒྱུད་གྲུབ་ཤིང་གི་ཚིག་འགྲེལ་གཅེས་བཏུས།”

དྭགས་བརྒྱུད་གྲུབ་ཤིང་གི་ཚིག་འགྲེལ་གཅེས་བཏུས།

EPUB PDF

རྒྱལ་དབང་པ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་བརྩམས་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་དེ་ཉིད་རྒྱས་བཤད་ཀྱི་སྤྲོས་པ་ཆེ་བར་བརྟེན། བློ་གྲོས་དམན་པ་འགའ་ཞིག་གིས་བསྟན་བཅོས་འདི་རྒྱས་པ་མ་ཡིན་པར་ཉོབ་པ་རེད་ཅེས་སྐུར་བ་བཏབ་པ་སོགས་བྱུང་བས། བློ་གྲོས་གསར་བུ་པ་རྣམས་ཀྱིས་དང་པོར་ཚིག་འགྲེལ་ཙམ་ཞིག་སྦྱང་། དེ་རྗེས་འགྲེལ་ཆེན་ཉིད་ལ་འཇུག་ན་སྤོབས་པ་དང་གོ་བ་སྐྱེ་བ་ལ་ཕན་ཐོགས་འབྱུང་བར་གཟིགས་ནས། སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་ཆེན་པོས་རྗེ་བརྒྱད་པའི་གསུང་རང་སོར་བཞག་ནས་ཚིག་འགྲེལ་རྣམས་གཅེས་བཏུས་གནང་བ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཀརྨ་པ་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར།”

ཀརྨ་པ་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར།

EPUB PDF

དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་དྲུག་པ་ཚུན་རིམ་པར་བྱོན་པའི་རྣམ་ཐར་ཕྱོགས་བསྒྲིགས་འདི་ནི། རྗེ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་ཞལ་སློབ་ཀརྨ་ངེས་དོན་བསྟན་རྒྱས་ཀྱིས་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ནས་སྐུ་ཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་བར་གྱི་རྣམ་ཐར་མདོར་བསྡུས་དཔག་བསམ་འཁྲི་ཤིང་ཞེས་བྱ་བ་མཛད་པ་དེའི་ཁ་སྐོང་དུ་སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་ནས་རྗེ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་རྣམ་ཐར་རྗེ་ཉིད་ཀྱི་གསུང་འབུམ་དཀར་ཆག་ལས་རྣམ་ཐར་སྐོར་ཟུར་བཀོལ་དང་། རྒྱལ་དབང་བཅུ་དྲུག་པ་རིག་པའི་རྡོ་རྗེའི་རྣམ་ཐར་སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་གསར་རྩོམ་མཛད་དེ་ཀར་རབས་རིམ་བྱོན་གྱི་རྣམ་ཐར་གསར་དུ་ཕྱོགས་བསྒྲིགས་གནང་བ་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ཚིག་འགྲེལ་ཟུར་བཀོལ།”

ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ཚིག་འགྲེལ་ཟུར་བཀོལ།

EPUB PDF

རྒྱལ་དབང་པ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་བརྩམས་པའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་ཆེན་རྗེ་བཙུན་ངལ་གསོ་དེ་ཉིད་རྒྱས་བཤད་ཀྱི་སྤྲོས་པ་ཆེ་བར་བརྟེན། བློ་གྲོས་དམན་པ་འགའ་ཞིག་གིས་བསྟན་བཅོས་འདི་རྒྱས་པ་མ་ཡིན་པར་ཉོབ་པ་རེད་ཅེས་སྐུར་བ་བཏབ་པ་སོགས་བྱུང་བས། བློ་གྲོས་གསར་བུ་པ་རྣམས་ཀྱིས་དང་པོར་ཚིག་འགྲེལ་ཙམ་ཞིག་སྦྱང་། དེ་རྗེས་འགྲེལ་ཆེན་ཉིད་ལ་འཇུག་ན་སྤོབས་པ་དང་གོ་བ་སྐྱེ་བ་ལ་ཕན་ཐོགས་འབྱུང་བར་གཟིགས་ནས། སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་ཆེན་པོས་རྗེ་བརྒྱད་པའི་གསུང་རང་སོར་བཞག་ནས་ཚིག་འགྲེལ་རྣམས་གཅེས་བཏུས་ཟུར་བཀོལ་གནང་བ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཆོས་མངོན་པ་མཛོད་ཀྱི་འགྲེལ་ཆུང་གྲུབ་བདེའི་བཅུད་བསྡུས།”

ཆོས་མངོན་པ་མཛོད་ཀྱི་འགྲེལ་ཆུང་གྲུབ་བདེའི་བཅུད་བསྡུས།

EPUB PDF

རྒྱལ་དབང་པ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་བརྩམས་པའི་མངོན་པ་མཛོད་ཀྱི་འགྲེལ་ཆེན་གྲུབ་བདེའི་དཔྱིད་འཇོ་དེ་ཉིད་རྒྱས་བཤད་ཀྱི་སྤྲོས་པ་ཆེ་བར་བརྟེན། བློ་གྲོས་དམན་པ་འགའ་ཞིག་གིས་བསྟན་བཅོས་འདི་རྒྱས་པ་མ་ཡིན་པར་ཉོབ་པ་རེད་ཅེས་སྐུར་བ་བཏབ་པ་སོགས་བྱུང་བས། བློ་གྲོས་གསར་བུ་པ་རྣམས་ཀྱིས་དང་པོར་ཚིག་འགྲེལ་ཙམ་ཞིག་སྦྱང་། དེ་རྗེས་འགྲེལ་ཆེན་ཉིད་ལ་འཇུག་ན་སྤོབས་པ་དང་གོ་བ་སྐྱེ་བ་ལ་ཕན་ཐོགས་འབྱུང་བར་གཟིགས་ནས། སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གིས་ཐུགས་བརྩེ་ཆེན་པོས་རྗེ་བརྒྱད་པའི་གསུང་རང་སོར་བཞག་ནས་མངོན་པ་མཛོད་ཀྱི་འགྲེལ་ཆུང་གྲུབ་བདེའི་བཅུད་བསྡུས་འདི་ཉིད་ཟུར་བཀོལ་མཛད་པ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྤྱོད་འཇུག་གི་ཚིག་འགྲེལ་གཅེས་བཏུས།”

སྤྱོད་འཇུག་གི་ཚིག་འགྲེལ་གཅེས་བཏུས།

EPUB PDF

དེང་དུས་ཀྱི་དཔེ་ཆ་གསར་བུ་ལས་དང་པོ་པ་རྣམས་རྣམ་དཔྱོད་དང་བརྩོན་འགྲུས་ཀྱི་རྩལ་ཞན་པ་དང་། ལེ་ལོ་ཇེ་ཆེར་སོང་བ་དང་། བྱ་བྱེད་མང་བའི་རྐྱེན་གྱིས་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་སྤྱོད་འཇུག་གི་འགྲེལ་ཆེན་ཟབ་རྒྱས་མཐའ་ཡས་སྙིང་པོ་ལ་ཐོས་བསམ་གྱིས་འཇུག་པའི་ཚེ་དཀའ་གནད་དང་སྤྱི་དོན་ལྟ་ཞོག་ཚིག་དོན་རགས་པ་ཙམ་ཡང་ཤེས་པར་དཀའ་བ་དང་། རྩ་ཚིག་དང་འགྲེལ་ཚིག་ངོ་མི་འཕྲོད་པ་སོགས་ལ་བརྟེན། སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་འགྲེལ་ཆེན་གྱི་རྩ་བའི་ཚིག་འགྲེལ་ཇི་ལྟ་བ་བཞིན་ཟུར་དུ་ཕྱུངས་བ་དང་། ས་བཅད་ཕྲ་རག་རྣམས་སྡེ་ཚན་སོ་སོར་ཕྱོགས་གཅིག་ཏུ་བསྒྲིགས་གནང་བ་དང་། རྩ་འགྲེལ་རྣམས་གོ་བདེ་བའི་ཆེད་མཉམ་དུ་སྤེལ་མར་སྦྲགས་ཏེ་བརྩམས་པར་མཛད་པ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བློ་སྦྱོང་དོན་བདུན་མ་ཕལ་སྐད་ཀྱིས་བཀྲལ་བ་བློ་དམན་འཇུག་པའི་སྒོ།”

བློ་སྦྱོང་དོན་བདུན་མ་ཕལ་སྐད་ཀྱིས་བཀྲལ་བ་བློ་དམན་འཇུག་པའི་སྒོ།

EPUB PDF

བློ་སྦྱོང་གི་གོ་དོན་ནི་ཐབས་དམ་པ་གསུམ་ལ་གོ། ཐབས་དམ་པ་གསུམ་ནི་ཐོག་མར་སོ་སོའི་བློ་ཆོས་ཕྱོགས་སུ་སྦྱོང་དར་སྤྲོད་པའི་ཐབས་དམ་པ། བར་དུ་སྦྱོང་དར་སྤྲས་པ་དེ་ལ་ཉམས་པ་སླར་གསོ་བའི་ཐབས་དམ་པ། མཐར་སྦྱོད་དར་སྤྲས་པ་ལ་མི་ཉམས་གོང་འཕེལ་དུ་འགྲོ་བའི་ཐབས་དམ་པའི་ཆས་སུ་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཇོ་བོ་གསེར་གླིང་པ་ནས་བརྒྱུད་པ་ཡིན་ལ། བཀའ་གདམས་པ་ལ་ཆོས་ཀྱི་རྣམ་གཞག་ཤིན་ཏུ་མང་བས་དེ་དག་ཐམས་ཅད་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་ཏེ་སྟོན་པའི་མན་ངག་ཟབ་མོ་འདི་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་ཀ་ལའང་འཇུག་བདེ་བ་དང་ཕན་བརླབས་ཤིན་ཏུ་ཆེན་བས་ན་ཇོ་བོ་གསེར་གླིང་པའི་སློབ་མ་བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེས་དོན་ཚན་བདུན་གྱི་སྒོ་ནས་སྦྱར་བའི་མན་ངག་དེ་ཡིན་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ།”

རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ།

EPUB PDF

༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་མཆོག་སྤྲུལ་རིན་པོ་ཆེའི་གསུང་། རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ་གོ་བདེར་བཀྲལ་བ་འདི་ནི། ཚིག་དོན་ཆ་ནས་རྒྱས་བསྡུས་འཚམ་ཞིང་སྔོན་གྱི་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་གི་དགོངས་དོན་གཞིར་བཞག་ཐོག་ནས་འགྲེལ་པ་ཁྱད་པར་དུ་འཕགས་པ་མཆིས་ལ། དམིགས་བསལ་གྱི་ནང་པའི་གཞུང་ལུགས་ལ་དེ་ཙམ་སྦྱངས་པ་མ་མཆིས་པའི་ལས་དང་པོ་པ་རྣམས་ཆོས་ལ་དད་པ་བསྐྱེད་པའི་ཐབས་ཁོ་ནར་དགོངས་ཏེ་མཛད་པའི་གཞུང་ཞིག་ཡིན། ༧སྐྱབས་རྗེ་རིན་པོ་ཆེའི་གསུང་རྣམས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་ནི། སློབ་བུ་རྣམས་ཀྱི་མ་བསྐོས་ཐོག་ཏུ་བབས་པའི་ལས་འགན་ཡིན་པར་དམིགས་ནས་སྒྲ་འཛིན་འོད་སྡེར་དུ་བཞུགས་པ་རྣམས་ཡི་གེའི་གཟུགས་སུ་སྒྲ་ཕབ་བགྱིས་ནས་འགྲེམས་སྤེལ་ཞུ་བ་ལགས་ན། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་སྐྱོན་འདོན་ལ་དགོངས་འཆར་ལྷུག་སྩོལ་ཡོང་བ་ཞུ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བདེ་ཆེན་ཞིང་གི་འཇུག་སྒོ།”

བདེ་ཆེན་ཞིང་གི་འཇུག་སྒོ།

EPUB PDF

ད་ལམ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་གསུང་བདེ་ཆེན་ཞིང་གི་འཇུག་སྒོ་ཞེས་པ་འདི་ཉིད། གདུལ་བྱ་འདོད་གཉེར་ཅན་རྣམས་ལ་ཤེས་རབ་བསྐྱེད་པའི་ཆེད་དུ་མ་ཡིན་པར། ཆོས་ལ་དད་པ་བསྐྱེད་པའི་ཐབས་ཁོ་ནར་དགོངས་ཏེ། གོ་བདེ་བ་གཙོ་བོར་བྱས་ཏེ་གསུངས་པའི་གཞུང་ཞིག་ཡིན། སྔར་༧སྐྱབས་རྗེ་རྡོ་རྗེ་འཆང་མཁན་ཆེན་ཁྲ་འགུ་མཆོག་སྤྲུལ་རིན་པོ་ཆེས་ཡུ་རོབ་དང་ཨ་རི་རྒྱལ་ཁབ་རྣམས་སུ་བསྟན་འགྲོའི་དོན་དུ་ཞབས་སོར་བཀྲིན་བསྐྱངས་པའི་སྐབས་སུ་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བསྩལ་བའི་གསུང་ཆོས་དེ་རྣམས་ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་ནས་སྒྲ་འཛིན་འོད་སྡེར་དུ་བདག་གཉེར་གསོག་བསྲུང་བྱས་པ་རྣམས་ད་རེས་ཡི་གེའི་གཟུགས་སུ་སྒྲ་ཕབ་བགྱིས། དེ་དག་དཔེ་རྒྱུན་མ་ཆད་པར་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་ནི། སློབ་བུ་རྣམས་ཀྱི་མ་བསྐོས་ཐོག་ཏུ་བབས་པའི་ལས་འགན་ཡིན་པར་དམིགས་ནས། ལོ་རེ་བཞིན་༧སྐྱབས་རྗེ་རིན་པོ་ཆེའི་གསུང་རྣམས་པར་སྐྲུན་བྱས་དང་བྱེད་བཞིན་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多