དེང་དུས་ཀྱི་དཔེ་ཆ་གསར་བུ་ལས་དང་པོ་པ་རྣམས་རྣམ་དཔྱོད་དང་བརྩོན་འགྲུས་ཀྱི་རྩལ་ཞན་པ་དང་། ལེ་ལོ་ཇེ་ཆེར་སོང་བ་དང་། བྱ་བྱེད་མང་བའི་རྐྱེན་གྱིས་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་སྤྱོད་འཇུག་གི་འགྲེལ་ཆེན་ཟབ་རྒྱས་མཐའ་ཡས་སྙིང་པོ་ལ་ཐོས་བསམ་གྱིས་འཇུག་པའི་ཚེ་དཀའ་གནད་དང་སྤྱི་དོན་ལྟ་ཞོག་ཚིག་དོན་རགས་པ་ཙམ་ཡང་ཤེས་པར་དཀའ་བ་དང་། རྩ་ཚིག་དང་འགྲེལ་ཚིག་ངོ་མི་འཕྲོད་པ་སོགས་ལ་བརྟེན། སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་འགྲེལ་ཆེན་གྱི་རྩ་བའི་ཚིག་འགྲེལ་ཇི་ལྟ་བ་བཞིན་ཟུར་དུ་ཕྱུངས་བ་དང་། ས་བཅད་ཕྲ་རག་རྣམས་སྡེ་ཚན་སོ་སོར་ཕྱོགས་གཅིག་ཏུ་བསྒྲིགས་གནང་བ་དང་། རྩ་འགྲེལ་རྣམས་གོ་བདེ་བའི་ཆེད་མཉམ་དུ་སྤེལ་མར་སྦྲགས་ཏེ་བརྩམས་པར་མཛད་པ་ལགས།
༈ ལེའུ་དང་པོ། བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་པ།
༈ ལེའུ་གཉིས་པ། སྡིག་པ་བཤགས་པ།
༈ ལེའུ་གསུམ་པ། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ།
༈ ལེའུ་བཞི་པ། བག་ཡོད་པ་བསྟན་པ།
༈ ལེའུ་ལྔ་པ། ཤེས་བཞིན་སྲུང་བ།
༈ ལེའུ་དྲུག་པ། བཟོད་པ་བསྟན་པ།
༈ ལེའུ་བདུན་པ། བརྩོན་འགྲུས་བསྟན་པ།
༈ ལེའུ་བརྒྱད་པ། བསམ་གཏན་བསྟན་པ།
༈ ལེའུ་དགུ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ།
༈ ལེའུ་བཅུ་པ། ཡོངས་སུ་བསྔོ་བ་བསྟན་པ།
These days, many new students have not yet developed their critical faculties and diligence. People are more lazy and have too much to do, so when they begin studying and contemplating Pawo Tsuglak Trengwa’s great commentary on the Way of the Bodhisattva, they have difficulty grasping even his explanation of the root text, let alone the difficult points and general discussions, and they have trouble correlating the root verses with the commentary. For these reasons, Khenchen Thrangu Rinpoche has extracted the explication of the root verses from the great commentary exactly as is, prepared a clear outline and subdivision into topics, and matched the root text and the commentary to make it easier to understand.