སྒྱུ་འཕྲུལ་ཞི་ཁྲོའི་འཆམ་ཡིག

སྒྱུ་འཕྲུལ་ཞི་ཁྲོའི་འཆམ་ཡིག

སྒྱུ་འཕྲུལ་ཞི་ཁྲོའི་འཆམ་ཡིག

སྒྱུ་འཕྲུལ་ཞི་ཁྲོའི་འཆམ་ཡིག

Some book subtitle comes here

དེབ་འདིའི་ནང་། སྦས་ཡུལ་ཙུམ་དུ་དར་བའི་སྒྱུ་འཕྲུལ་ཞི་ཁྲོ་སོགས་ཀྱི་འཆམ་ཡིག་དང་། འཆམ་རྩལ་བཅས་པ། དེ་བཞིན་སྔར་ནས་དར་ཡོད་པའི་ལྷའི་སྐུ་འཆམ་རྣམས། རྒྱལ་བ་གོང་མའི་ཕྱག་བཞེས་དང་མཐུན་པར། སྐུ་འཆམ་རྣམ་པར་དག་པའི་ལམ་ལུགས་མི་ཉམས་པར་གོང་འཕེལ་ཡོང་བའི་ཆེད་ཕྱོགས་སྡེབས་བྱས་པ་ཞིག་ཡིན།

ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པ་ནི། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ཧི་མ་ལ་ཡའི་ནང་གསེས་གྲངས་ཉུང་མི་རིགས་ཙུམ་གྱི་དགེ་འདུན་པ་འགའ་ཞིག་གིས་བཙུགས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། དེ་ཡི་དམིགས་ཡུལ་ནི་ད་ལྟ་བལ་ཡུལ་གྱི་མངའ་ཁུལ་དུ་ཆགས་ཤིང་ཆོས་དང་རིག་གཞུང་གང་ནས་ཀྱང་བོད་དང་ཁ་བྲལ་ཐབས་མེད་པའི་ཧི་མ་ལ་ཡའི་མི་རྒྱུད་རྣམས་ཀྱི་ལོ་རྒྱུས་སོགས་ཡིག་ཆ་སྤྱི་དང་། བྱེ་བྲག་དུ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ཞབས་དངོས་སུ་བཅགས་ཏེ་ཕུག་རོན་ལྷའི་བུ་མོ་སོགས་མི་མ་ཡིན་པའི་འགྲོ་བའི་དོན་མཛད་པའི་གནས། སྦས་ཡུལ་ཙུམ་གྱི་ལོ་རྒྱུས་སོགས་ཡིག་ཆ་རྣམས་འཚོལ་བསྒྲུབ་དང་ཞིབ་འཇུག་བྱ་བའི་ཆེད་དུ་ཡིན། འདི་ལ་བརྟེན་ནས་བོད་དང་ཧི་མ་ལ་ཡའི་རླབས་ཆེན་གྱི་རིག་གཞུང་ལའང་ཆར་པ་ཆུ་གྲོགས་ལྟ་བུའི་ཞབས་ཏོག་ཕྲན་བུ་ཙམ་ཡོང་བའི་རེ་སྨོན་ཞུ།

History
༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་རང་རྣམ་ཐོར་བུ་ཕྱོགས་བསྡུས།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གསུམ་པ།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། དེབ་ཕྲེང་དང་པོ།
ཨ་ཕོ་དགའ་དགའི་ངོ་མཚར་བའི་མཛད་རྣམ།
ཕྱག་ཆེན་རྒྱ་གཞུང་གི་སྨིན་གྲོལ་ཐོབ་ཡིག །
༈ གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་ལོ་རྒྱུས།
The Glory of Dharma • ཆོས་ཀྱི་སྙན་གྲགས།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར།
སྒྱུ་འཕྲུལ་ཞི་ཁྲོའི་འཆམ་ཡིག
བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།