སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར།

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་ཕྲེང་དང་པོ།

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར།

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་ཕྲེང་དང་པོ།

གུ་རུ། མི་ལ། མ་བདུན། གདན་ས་པ། ཆོས་རྗེ་སྟོན་པ།
རྗེ་བཙུན་ཏཱ་ར་ནཱ་ཐ། ཤཱཀྱའི་དགེ་སློང་འཕགས་པ་དཔལ། ཤཱཀྱའི་དགེ་སློང་བྱིན་རླབས་རྡོ་རྗེ། ཤཱཀྱའི་དགེ་སློང་ཡེ་ཤེས་རྡོ་རྗེ།

དེབ་འདིའི་ནང་བལ་བོད་ཀྱི་མཚམས་སུ་གནས་པའི་སྦས་ཡུལ་སྐྱིད་མོ་ལྗོངས་སམ། བཙུམ་དུ་གྲགས་པའི་ཡུལ་དུ་འཁྲུངས་པའམ། ཞབས་ཀྱིས་བཅག་མྱོང་བའི་སྐྱེས་ཆེན་དམ་པ་སློབ་དཔོན་པདྨ་འབྱུང་གནས། རྗེ་བཙུན་མི་ལ་རས་པ། བླ་མ་མ་བདུན་རས་ཆེན། ཐུགས་སྲས་གདན་ས་རིན་ཆེན། མཉམ་མེད་ཆོས་རྗེ་སྟོན་པ་བཅས་ཀྱི་རྣམ་ཐར་རྣམས་བཞུགས་ཡོད། འདི་ནི་བཙུམ་གྱི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པའི་ཡིག་མཛོད་ཀྱི་དེབ་ཕྲེང་དང་པོ་དེ་ཡིན།
ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པ་ནི། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ཧི་མ་ལ་ཡའི་ནང་གསེས་གྲངས་ཉུང་མི་རིགས་ཙུམ་གི་དགེ་འདུན་པ་འགའ་ཞིག་གིས་བཙུགས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། དེ་ཡི་དམིགས་ཡུལ་ནི་ད་ལྟ་བལ་ཡུལ་གི་མངའ་ཁུལ་དུ་ཆགས་ཤིང་ཆོས་དང་རིག་གཞུང་གང་ནས་ཀྱང་བོད་དང་ཁ་བྲལ་ཐབས་མེད་པའི་ཧི་མ་ལ་ཡའི་མི་རྒྱུད་རྣམས་ཀྱི་ལོ་རྒྱུས་སོགས་ཡིག་ཆ་སྤྱི་དང་། བྱེ་བྲག་དུ་རྣལ་འབྱོར་གི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ཞབས་དངོས་སུ་ བཅགས་ཏེ་ཕུག་རོན་ལྷའི་བུ་མོ་སོགས་མི་མ་ཡིན་པའི་འགྲོ་བའི་དོན་མཛད་པའི་གནས། སྦས་ཡུལ་ཙུམ་གི་ལོ་རྒྱུས་སོགས་ཡིག་ཆ་རྣམས་འཚོལ་བསྒྲུབ་དང་ཞིབ་འཇུག་བྱ་བའི་ཆེད་དུ་ཡིན། དེ་ལ་བརྟེན་ནས་བོད་དང་ཧི་མ་ལ་ཡའི་རླབས་ཆེན་གྱི་རིག་གཞུང་ལའང་ཆར་པ་ཆུ་གྲོགས་ལྟ་བུའི་ཞབས་ཏོག་ཕྲན་བུ་ཙམ་ཡོང་བའི་རེ་སྨོན་ཞུ།

History
སྣང་མཛད་ཉི་མའི་དཀྱིལ་འཁོར། • The Illuminating Orb of the Sun • 光明日輪
གསང་སྔགས་སྔ་འགྱུར་གྱི་བརྒལ་ལན་ཕྱོགས་བསྒྲིགས།
བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།
རིས་མེད་ཆོས་འབྱུང་།
༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་རང་རྣམ་ཐོར་བུ་ཕྱོགས་བསྡུས།
Image
Image
Image
གཏེར་ཆེན་མི་འགྱུར་རྡོ་རྗེའི་རྣམ་ཐར།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། དེབ་འཕྲེང་གཉིས་པ།