ཡོད་ན་སངས་རྒྱས་སྒྲུབ་པ་ལ་དེས་ཆོག་པ་དང་མེད་ན་ཐབས་ཆག་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་བསྡུས་དོན་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་དེའི་འགྲེལ་པ་ཁག་ལ་བག་ཆགས་ངེར་པར་བསྐྲུན་དགོས་ཤིང་། དེའི་ཡ་གྱལ་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོས་གི་མཛད་པའི་རྒྱལ་སྲས་འཇུག་ངོགས་འདི་ཡང་ཕལ་སྐད་ལམ་ནས་གསུངས་པ་ཞིག་ཡིན་སྟབས། རྒྱལ་ཁབ་ཕྱི་ནང་ནས་མངག་ཆ་མང་དག་བྱུང་བར་བརྟེན། ད་ལན་སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དང་སྟབས་བསྟུན་ཏེ་བན་ཆེན་གསུང་རབ་རྒྱུན་སྤེལ་ཁང་ནས་འདི་ག་དམ་ཆོས་བང་མཛོད་ལ་གོ་སྐབས་ཞུས་བྱས་སྐྲུན་སྤེལ་བགྱིས་པ་འདིས། སྐྱབས་རྗེ་རིན་པོ་ཆེ་མཆོག་ཞབས་པད་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་སྔར་བས་རྒྱ་ཕྱིར། དད་ལྡན་རྣམས་ཀྱི་དད་དབང་གི་གསོས་སུ་འགྱུར་སླད་འཁྲུངས་སྐར་གསོལ་རས་སུ་དཔར་འགྲེམ་ཞུས་པའོ། །
The Thirty-seven Practices of a Bodhisattva contains the essential meaning of the great bodhisattva Shantideva’s The Way of the Bodhisattva. It is critical that we all develop the qualities presented in The Thirty-seven Practices of a Bodhisattva and all the various commentaries on it. If one has this much, that is sufficient to attain buddhahood. If one lacks this, there is no way to do so. One such commentary is Sangye Nyenpa Rinpoche’s The Path of the Bodhisattva which is written in everyday language.
Based on many requests from countries across the world, now on Kyabje Sangye Nyenpa Rinpoche’s birthday, Benchen Sungrab Gyunpel Khang Publishing is presenting this treasury of true dharma for free distribution. May it contribute to Rinpoche remaining for one hundred kalpas and to his activity spreading even more broadly. We offer this publication as a birthday present to nourish the faith of devoted students.