བྱ་རྒྱུད་ཀྱི་སྤྱི་དོན་རིག་འཛིན་འཇུག་སྒོ།

བྱ་རྒྱུད་ཀྱི་སྤྱི་དོན་རིག་འཛིན་འཇུག་སྒོ།

བྱ་རྒྱུད་ཀྱི་སྤྱི་དོན་རིག་འཛིན་འཇུག་སྒོ།

བྱ་རྒྱུད་ཀྱི་སྤྱི་དོན་རིག་འཛིན་འཇུག་སྒོ།

རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བ་བྱ་བའི་རྒྱུད་ཀྱི་སྤྱི་དོན་རིག་འཛིན་འཇུག་སྒོ་ཞེས་བྱ་བ་བཞུགས་སོ། །
རྩོམ་པ་པོ། རྩིས་ཆེ་ལེགས་མཐོང་།
ནང་པ་སངས་རྒྱས་པའི་ལུགས་ཀྱི་གསང་སྔགས་ཐོག་མར་དར་བ་ལ། རིག་འཛིན་གྱི་སྡེ་སྣོད་དང་། བྱ་བའི་རྒྱུད། གསང་སྔགས་ཕྲན་ཚེགས་ཞེས་སོགས་བརྗོད་སྲོལ་ཡོད་ཅིང་། དེ་ཉིད་བོད་ཀྱི་མཁས་པ་རྣམས་ཀྱིས་རྒྱུད་སྡེ་ཐམས་ཅད་ཀྱི་གཞི་མ་དང་། རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་པར་གསུངས། དེ་ཉིད་རྒྱ་ནག་དང་ཉི་ཧོང་སོགས་སུ་དར་བ་དང་། བོད་དུ་ཡང་དམངས་ཁྲོད་དུ་ཧ་ཅང་དར་ཁྱབ་ཆེ་ན་ཡང་། བར་སྐབས་སུ་བྱོན་པའི་མཁས་པ་འགའ་ཞིག་ལས་དུས་ཕྱིས་སུ་བྱ་རྒྱུད་ཀྱི་སྤྱི་དོན་རྩོམ་པ་དང་དེ་ལ་དཔྱད་པ་དང་ཞིབ་འཇུག་བྱས་པ་སོགས་ཆེས་ཉུང་བ་ལ། ད་རེས་རྩིས་ཆེ་ལེགས་མཐོང་གིས་དཔེ་ཀློག་ཟིན་བྲིས་ཀྱི་ཚུལ་དུ་བྱ་རྒྱུད་ཀྱི་སྤྱི་དོན་རིག་འཛིན་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་གསར་རྩོམ་གནང་བ་ལ། འདི་ཉིད་བོད་ཀྱི་མཁས་པས་བརྩམས་པའི་བྱ་རྒྱུད་ཀྱི་སྤྱི་དོན་རྒྱས་ཤོས་ཤིག་ཡིན་པའི་ཐོག་ཏུ། ཧིན་དུ་དང་ཉི་ཧོང་གི་གསང་སྔགས་སོགས་རིག་གཞུང་གཞན་ལ་ཡང་གཤིབ་བསྡུར་བྱས་པས་དེང་རབས་དང་མཐུན་པ་དང་། གྲུབ་མཐའི་ཕྱོགས་རིས་མ་བྱས་པར་བྱ་རྒྱུད་ཀྱི་དཀའ་གནད་མང་པོར་རང་སྟོབས་ཀྱིས་དཔྱད་པ་ཞིབ་མོ་མང་དུ་བྱས་ཡོད་པ་དང་། བསམ་གཏན་ཕྱི་མའི་སྒོམ་རིམ་སོགས་ལ་གོ་བདེ་རུ་གཏོང་ཐབས་ཀྱང་བྱས་ཡོད་པ་སོགས་ཀྱིས་འདི་ཉིད་ནང་པའི་གསང་སྔགས་སྤྱི་དང་། ཁྱད་པར་བྱ་བའི་རྒྱུད་ཀྱི་སྤྱི་དོན་དང་དཀའ་གནད་རྣམས་མཁྱེན་འདོད་པའམ་དེ་དག་ལ་ཉམས་ཞིབ་གནང་འདོད་པ་རྣམས་ལ་ཕན་ཐོགས་ཆེ་བར་མཐོང་བས་རྩོམ་པ་པོའི་རེ་བ་བཞིན་ང་ཚོས་འདིར་དམ་ཆོས་འཕྲུལ་དེབ་ཏུ་སྤེལ་ཡོད་ལ། རྗེས་སོར་འདི་ཉིད་དེབ་གཟུགས་སུ་པར་འཆར་འདུག་པས་ཡིག་ནོར་གཟིགས་པའམ་དགོངས་འཆར་སོགས་ཡོད་ན་རྩོམ་པ་པོ་ལ་ཐད་ཀར་འབྲེལ་བ་གནང་ནས་ཁོང་ལ་གསུང་བའི་འབོད་བསྐུལ་ཡང་ཞུ།
Image
ཀཾ་ཚང་བླ་མ་ཡབ་སྲས་དྲུག་གི་རྣམ་ཐར།
སྦས་ཡུལ་ཙུམ་གྱི་གཞས་ཚིག་ཕྱོགས་བསྡེབས་དྲི་ཟའི་གླུ་དབྱངས།
Image
རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།
Image
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། གསུམ་པ།
བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། དེབ་འཕྲེང་གཉིས་པ།