སྐུ་བཞིའི་གོ་འཕང་འཐོབ་བྱེད།

སྐུ་བཞིའི་གོ་འཕང་འཐོབ་བྱེད།

སྐུ་བཞིའི་གོ་འཕང་འཐོབ་བྱེད།

སྐུ་བཞིའི་གོ་འཕང་འཐོབ་བྱེད།

བླ་མའི་རྣལ་འབྱོར་སྐུ་བཞིའི་མྱུ་གུ་སྐྱེད་བྱེད་བདུད་རྩིའི་ཆར་རྒྱུན་གྱི་འགྲེལ་པ་སྐུ་བཞིའི་གོ་འཕང་འཐོབ་བྱེད།
རྒྱལ་དབང་བཅུ་དྲུག་པ། སངས་རྒྱས་མཉན་པ་སྐུ་ཕྲེང་བཅུ་པ།

བླ་མའི་རྣལ་འབྱོར་སྐུ་བཞིའི་མྱུ་གུ་སྐྱེད་བྱེད་བདུད་རྩིའི་ཆར་རྒྱུན་གྱི་འགྲེལ་པ་སྐུ་བཞིའི་གོ་འཕང་འཐོབ་བྱེད་ཅེས་བྱ་བ་འདི་བཞིན་༸རྒྱལ་མཆོག་གོང་མ་བཅུ་དྲུག་པ་ཆེན་པོས་མཛད་པའི་བླ་མའི་རྣལ་འབྱོར་གྱི་འགྲེལ་པ་༸སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ནས་མཛད་པ་ཞིག་ཡིན་ཅིང་། གང་ཉིད་ནི་རིང་ནས་༸རྒྱལ་མཆོག་གོང་མའི་ཞལ་སྔ་ནས་དབང་ལུང་ཁྲིད་ཀྱི་རིམ་པ་དུ་མ་ཞིག་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་པ་དང་། ཁྱད་པར་དུ་བླ་མའི་རྣལ་འབྱོར་འདི་ཉིད་ཀྱི་ཉམས་ལེན་གྱི་ཐུན་མིན་མན་ངག་རྣམས་རིན་པོ་ཆེ་ནས་༸རྒྱལ་མཆོག་གོང་མའི་ཞལ་སྔ་ནས་ཐད་ཀར་གསན་བཞེས་མཛད་ཡོད་སྟབས་གང་གིས་མཛད་པའི་འགྲེལ་པ་འདི་ཉིད་ཁུངས་བཙུན་ལ་ཟབ་གནད་ཆེ་བ་ཡིན།

གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ནས། "དུས་དེང་སང་ཕྱོགས་གང་སར་ཕྱིན་ཡང་། ༸རྒྱལ་མཆོག་བཅུ་དྲུག་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཇལ་དཀོན་པ་དང་། མཚན་ཡང་འབོད་མཁན་ ཉུང་ཙམ་མཐོང་བའི་རྐྱེན་དང་། གང་གི་ཞལ་དཀྱིལ་དང་། སྐུའི་མཛད་སྤྱོད། གསུང་གི་གདངས་སོགས་རྟག་ཏུ་ཡིད་ལ་དྲན་ཞིང་། དང་འདོད་ཡིད་ཆེས་ མོས་གུས་རྣམ་དག་གིས་གསོལ་འདེབས་དང་སྦྲགས་བླ་སྒྲུབ་འདི་ཉིན་བསྟར་རེ་བཞིན་མ་ཆད་ཙམ་འདོན་པ་དང་ཡིད་ལ་འཆང་གིན་ཡོད་པས། འདིར་འགྲེལ་ཆུང་གང་ཤེས་གང་དྲན་ཙམ་ཞིག་བྲིས་ཀྱང་དགེ་ལས་སྐྱོན་དུ་མ་མཐོང་བ་དང་། གཞན་གྱིས་ཀྱང་འདི་ཀློག་ན་ཐར་པའི་ས་བོན་རྒྱུད་ལ་འཇོག་ངེས་བསམ་པའི་ངེས་ཤེས་དྲག་པོ་ཡོད།"

འཕྲུལ་དེབ་འདི་ཉིད་ནང་བླ་མའི་རྣལ་འབྱོར་གྱི་རྩ་བ་དང་འགྲེལ་པ་གཉིས་ཀ་ཆེད་སྒྲིག་བགྱིས་ཡོད། འོན་ཀྱང་༸རྒྱལ་མཆོག་བཅུ་དྲུག་པ་ཆེན་པོས་མཛད་པའི་བླ་མའི་རྣལ་འབྱོར་འདི་ཉིད་ཟུར་དུ་པར་བསྐྲུན་ཞུས་ཡོད། ༸རྒྱལ་མཆོག་བཅུ་དྲུག་པ་ཆེན་པོའི་བླ་མའི་རྣལ་འབྱོར་ཞེས་པ་དེར་མནན་ན་བདེ་བླག་ཏུ་གཟིགས་ནུས།

The Means to Attain the Four Kayas
證得四身果位
Dharma Practice
ཐུན་བཞི་བླ་མའི་རྣལ་འབྱོར།
ཀརྨ་པ་རིག་པའི་རྡོ་རྗེའི་བླ་མའི་རྣལ་འབྱོར་ཆོ་ག །
༧རྒྱལ་དབང་བཅུ་བདུན་པའི་བླ་སྒྲུབ་དང་། དེའི་འགྲེལ་པ། གསོལ་འདེབས་བཅས་བཞུགས།
ནོར་བུ་འབར་བ།
ཐུབ་ཆོག་དཔལ་གྱི་སྙིང་པོ་དང་ཐུབ་བསྟོད།
དྭགས་པོའི་བླ་རྣལ་དང་ཚོགས་མཆོད།
ཐུབ་པའི་རྒྱུན་ཁྱེར་པདྨའི་སྙིང་པོ།
སྐུ་བཞིའི་གོ་འཕང་འཐོབ་བྱེད།
གྲུབ་ཆེན་བདེ་ཆེན་རང་གྲོལ་གྱི་བླ་མའི་རྣལ་འབྱོར་དང་ཞལ་གདམས་གཅེས་བཏུས།
ཐུན་བཞི་བླ་མའི་རྣལ་འབྱོར་གྱི་ཁྲིད་ཡིག་ཕྱོགས་བསྒྲིགས།