
Freedom through Meditation
དཔེ་སྐྲུན་བྱེད་མཁན། Publisher 出版者 |
དམ་ཆོས་འཕྲུལ་དེབ། Dharma Ebooks, KTD Publications 正法電子書 |
རྩོམ་པ་པོ། Author 作者 |
རྒྱལ་དབང་བཅུ་བདུན་པ། 17th Karmapa Ogyen Trinley Dorje 第十七世大寶法王 |
སྐད་རིགས། Language 語言 |
English |
སྒྱུར་བ་པོ། Translator 譯者 |
David Karma Choephel, Tyler Dewar, Michele Martin and editor |
དཔེ་སྐྲུན་པར་གཞི། Print edition 印刷版 |
KTD Publications online shop |
འཕྲུལ་དེབ་ཀྱི་པར་གཞི། Ebook edition 電子書版本 |
2018-07-29 |
ཐུགས་སྣང་དགོས་པ། Terms of Use 使用須知 |
![]() |
The Karmapa has brought forth a profound message in simple and accessible language with an authenticity that connects him to everyone he meets as he opens out the treasures of Buddhism for modern times.
The book is based on teachings His Holiness gave during his first historic visit to Canada in May and June 2017.
Preface
The Seventeenth Gyalwang Karmapa, Ogyen Trinley Dorje
Introduction
A Note about Translation
Chapter One 1
Love and Compassion Are Critical to Our Lives
Chapter Two
Transforming Disturbing Emotions
A Dialogue among the Three Major Traditions of Buddhism
Chapter Three
Ground, Path, and Fruition — Session I
Chapter Four
Ground, Path, and Fruition — Session II
Chapter Five
Finding Freedom through Meditation
Chapter Six
Compassion Is More Than a Feeling
Chapter Seven
Mindfulness and Environmental Responsibility
Chapter Eight
Compassion Does Not Stop at Empathy
Excerpts from an Avalokiteshvara Initiation
Chapter Nine
Interconnectedness Our Environment and Social (In)equality
The Gyalwang Karmapa and Professor Wade Davis in Dialogue
Chapter Ten
Working with Disturbing Emotions
The Practice of Akshobhya
Chapter Eleven
Putting the Teachings into Practice
Questions and Answers
Acknowledgments
Resources
(རྒན་བསྟན་འཛིན་རྣམ་རྒྱལ་ནས་དབྱིན་ཡིག་ལས་ཕབ་བསྒྱར་ཞུས།)
ཕྱི་ལོ་ ༢༠༡༧ ལོའི་དབྱར་དུས་འདིར་ངོས་རང་ཁེ་ན་ཌའི་ཡུལ་གྲུ་ཆེན་པོ་འདིར་ཐེངས་དང་པོར་བརྟོལ་ཐུབ་པ་དེ་ཉིད་སྐལ་བ་མཆོག་ཏུ་དགེ། དེ་བཞིན་རྒྱ་ཆེ་བའི་ཡུལ་གྲུ་དེའི་ནང་ཊོ་རན་ཊོ། མཽན་ཊི་རི་ཡལ། ཨོ་ཊ་ཝ། ཨིཊ་མཽན་ཊོན། ཁེལ་གེ་རེ་དང་ཝེན་ཁོ་ཝར་བཅས་ཀྱི་གྲོང་ཁྱེར་སོ་སོའི་ནང་བསྐྱོད་དེ་རྒྱལ་མཆོག་གོང་མ་རྗེ་བཅུ་དྲུག་པ་ཆེན་པོའི་ཞབས་སུ་བསྙེགས་ཏེ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཅི་ནུས་སྤེལ། དེ་ཡང་རྒྱལ་མཆོག་གོང་མ་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ཕྱི་ལོ་ ༡༩༧༠ ནང་ཁེ་ན་ཌའི་ཡུལ་དུ་ཞབས་སོར་བསྐྱངས། ངོས་ལ་ཡང་རྗེ་གོང་མ་གང་དུ་ཞབས་སོར་བསྐྱངས་པའི་ཡུལ་གྲུ་དེ་དག་ནང་བསྐྱོད་དེ་དངོས་ཡོད་གནས་སྟངས་ཇི་བཞིན་མཐོང་རྒྱུའི་གོ་སྐབས་བྱུང་། ལྷག་པར་དུ་རྒྱལ་མཆོག་གོང་མ་མཆོག་ནས་བགྲང་བྱ་དུ་མའི་སྔོན་ནས་ཡུལ་དེའི་ནང་ཆོས་ཀྱི་རྨང་གཞི་ཇི་ལྟར་འཛུགས་སྐྲུན་བསྐྱངས་པ་ཁག་དུས་རབས་ཉེར་གཅིག་པ་འདིའི་ནང་དུའང་དར་སྤེལ་དང་རྒྱུན་སྐྱོང་མུ་མཐུད་བྱེད་བཞིན་པར་དངོས་སུ་གཉའ་བོའི་ཚུལ་དུ་མིག་མཐོང་ལག་ཟིན་བྱུང་བར་སྤྲོ་བ་དཔག་མེད་དུ་བརྟས།
འདི་ག་ཁེ་ན་ཌར་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཁེ་ན་ཌའི་མི་སེར་ཡིན་པའི་བོད་རིགས་དང་། ལྷག་པར་ཊོ་རོན་ཊོའི་ས་ཁུལ་དུ་ཡོད་པའི་ བོད་རིགས་འདུས་སྡོད་རྣམས་ཐུག་འཕྲད་ཕྱིར་དུ་ཡིན། དེ་ཡང་ཊོ་རོན་ཊོ་ནི་བྱང་ཨ་རིའི་གླིང་ཆེན་ནང་བོད་རིགས་སྤྱི་ཚོགས་ཀྱི་ས་ཁུལ་ཆེ་ཤོས་ཤིག་ཡིན། ངོས་རང་ཆོས་ཚོགས་དུ་མའི་ནང་གཅར་རྒྱུ་དང་། དེ་བཞིན་ཆོས་ཚོགས་དེ་དག་གི་ཚོགས་མི་དང་ལྷན་དུ་ཐུག་འཕྲད་དང་འཕྲོས་མོལ་བྱ་རྒྱུ། གཞན་ཡང་ཆོས་བཤད་དང་དབང་བསྐུར་བྱ་རྒྱུ་སོགས་ཆོས་མཐུན་གྱི་བགྱི་བ་ལ་བརྟེན་ནས་སློབ་མ་རྣམས་དང་ཆོས་ཀྱི་འབྲེལ་ལམ་གཏིང་ཟབ་འཇོག་ཐུབ་པའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱད་པར་ཕྱོགས་ཐོན་གྱིས་མང་ཚོགས་དང་འབྲེལ་བའི་མཛད་རིམ་དཔེར་ན། ཨོ་ཊ་ཝར་མཆིས་པའི་ཁེ་ན་ཌ་དབུས་གཞུང་གི་གྲོས་ཚོགས་འཐུས་མི་རྣམས་དང་། ཨོན་ཊ་རི་ཡོའི་མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་དང་མཇལ་འཕྲད་བྱ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། གཞན་ཡང་ནང་ཆོས་སྐོར་གྲུབ་མཐའམ་ལུགས་གཞན་གྱི་མི་སྣ་དང་ལྷན་ཅིག་བགྲོ་གླེང་བྱ་རྒྱུ་དང་། དེ་བཞིན་ཝེན་ཀོ་ཝར་དུ་ཀོ་ལམ་བྷི་ཡའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་པོ་ Wade དང་ལྷན་དུ་བགྲོ་གླེང་བྱ་རྒྱུའི་གོ་སྐབས་བྱུང་། དེ་བཞིན་ངོས་ལ་རྒྱལ་ཁབ་དང་པོའི་སྐུ་ཚབ་དང་ལྷན་དུ་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་།
ཡངས་པའི་རྒྱལ་ཁབ་ཁེ་ན་ཌ་དེ་བཞིན་དངོས་འབྲེལ་ཤེས་རིག་སྣ་ཚོགས་ལས་གྲུབ་པའི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན་པའི་བག་ཆགས་གཏིང་ཟབ་བྱུང་། ངོས་རང་ཁེ་ན་ཌར་འདུག་ཚེའི་རིང་ཉམས་ཞིབ་བགྱིས་པར་མི་སྣ་ཕན་ཚུན་དབར་གྱི་ཤེས་རིག་དང་གོམས་གཤིས་སོ་སོར་བཟོད་སྒོམ་དང་གུས་བརྩི་བླ་ན་མེད་པ་ལྡན་པའི་རང་བཞིན་དུ་སྣང་། ངོས་ཀྱི་སྣང་ཚུལ་དུ་རྒྱུ་མཚན་འདི་ཉིད་ཀྱིས་ཁེ་ན་ཌའི་ནང་རྒྱབ་ལྗོངས་ཐ་དད་པའི་མི་རིགས་དུ་མ་གནས་ཐུབ་པ་དང་། དེ་བཞིན་མཉམ་མཐུན་གྱི་སྒོ་ནས་བྱ་བ་གང་ཅིར་དཀའ་ཚེགས་མེད་པར་ལྷན་དུ་འཇུག་ནུས་པ་འདིས་བོད་མི་དང་བོད་མིའི་ཤེས་རིག་གི་ཁོར་ཡུག་ལ་མཐུན་འགྱུར་གྱི་ར་སྤྲོད་གསལ་བར་མཚོན་ནུས་པ་ཡིན།
ངོས་ཀྱི་སྐད་སྒྱུར་བ་མཁན་པོ་ཀརྨ་ཆོས་འཕེལ་དང་ Tyler Dewar གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ཡང་ ༼སྒོམ་བརྒྱུད་ཀྱི་རང་དབང་༽ ཞེས་པའི་དེབ་འདི་ཉིད་སྤེལ་ཐུབ་པ་ནི་སྐད་བསྒྱུར་བ་རྣམ་གཉིས་ལ་བརྟེན་ནས་བྱུང་། མཐར་ Michele Martin ལ་ཡང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་ཁོ་མོས་ཡིག་སྒྱུར་དང་། ཞིབ་དཔྱོད། སྤར་སྐྲུན་ཕྱོགས་སྒྲིག་སོགས་ངལ་རྩོལ་ལྷུར་ལེན་བགྱིས་པར་བརྟེན་དེབ་འདི་མངོན་དུ་གྱུར་པ་ཞིག་ཡིན། དེས་ན་འདི་ཉིད་ཀྱི་སྤར་སྐྲུན་གང་མྱུར་འཐོན་ཐུབ་པ་དང་། དེ་ཉིད་ལ་བརྟེན་ནས་སྐྱེ་དགུ་དུ་མ་ལ་ཕན་ཐོགས་གང་དགེ་འབྱུང་བ་དང་དོན་གཉེར་བ་དུ་མས་སྤྲོ་བས་འཇུག་ཐུབ་པའི་རེ་འདུན་ཡོད།
ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡༨ ཉིན།
འཕྲུལ་དེབ་ཕབ་ལེན།
Download Ebook • 下載電子書