རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།

རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།

རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།

རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།

ལེགས་སྤྱད་མ་དང་ཟླ་མེད་མ།
རྗེ་མི་བསྐྱོད་ཞབས་ཀྱིས་མཛད།
༧རྒྱལ་དབང་ཀརྨ་པའི་སྐུ་རབས་བརྒྱད་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་རང་རྩོམ་དང་། གཞན་རྩོམ་དུ་མ་ཞིག་མཆིས་པ་ལས། ད་རེས་པར་སྐྲུན་ཞུས་པའི་ཕྱག་དཔེ་འདིའི་ནང་ཉིད་ལ་ཉིད་ཀྱིས་བསྟོད་པ་ལེགས་སྤྱད་མ་དང། ཟླ་མེད་མ་གཉིས་བཞུགས་ཡོད། རྣམ་ཐར་ལེགས་སྤྱད་མར་ལེགས་སྤྱད་སོ་གསུམ་གྱི་སྒོ་ནས་ཉིད་ཀྱི་རྣམ་ཐར་བསྟན་ཡོད་ཅིང་། འདིའི་ཞུ་བ་པོའང་སྐབས་དེ་དུས་ཀྱི་དྭགས་པོ་བཀའ་བརྒྱུད་ཀྱི་བླ་ཆེན་རྣམས་ཡིན་ལ། ཉིད་བསྟོད་རྣམ་ཐར་གཞན་ལས་རྒྱས་ཤོས་སུ་སྣང་། འདི་ལ་སངས་རྒྱས་དཔལ་གྲུབ་ཀྱི་དོན་འགྲེལ་ཤིན་ཏུ་ལེགས་པ་ཞིག་ཡོད། ཟླ་མེད་མར་རྣམ་ཐར་དོན་ཚན་དགུར་བསྡུས་ནས་བསྟན་ཡོད། འདི་སི་ཏུ་པཎ་ཆེན་གྱིས་ཕྱོགས་སྒྲིག་མཛད་པའི་ཀམ་ཚང་ཆོས་སྤྱོད་དུའང་བཞུགས་ཡོད་ཅིང་། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་རྗེ་བརྒྱད་པའི་རྣམ་ཐར་གྱི་ཐད་དུའང་འདི་ལ་འགྲེལ་པ་ཆ་ཚང་མཛད་ཡོད། ཕྱི་ལོ་ ༢༠༢༡ ལོའི་བདེ་བྱེད་མའི་དཔྱིད་ཆོས་ཆེན་མོར་༧རྒྱལ་དབང་བཅུ་བདུན་པ་ཆེན་པོས་རྗེ་བརྒྱད་པའི་རྣམ་ཐར་འདི་གཉིས་བཀའ་ཁྲིད་གནང་རྒྱུར་བརྟེན། དམ་ཆོས་འཕྲུལ་དེབ་ནས་རྣམ་ཐར་བསྟོད་པ་འདི་གཉིས་ཀྱི་རྩ་ཚིག་རྣམས་འཕྲུལ་དེབ་ཐོག་པར་སྐྲུན་ཞུས་པ་ཡིན། མགྱོགས་མྱུར་རྣམ་ཐར་འདི་གཉིས་ཀྱི་འགྲེལ་པ་རྣམས་ཀྱང་འཕྲུལ་དེབ་ཐོག་པར་སྐྲུན་ཞུ་འཆར་ཡོད་པས་ཚང་མས་ཐུགས་བཞག་མཛོད།

Two Autobiographical Praises
噶瑪巴米覺多傑之 妙行自傳 無比自讚
Dwie autobiograficzne pochwały
Dua Pujian Otobiografi
Два автобиографических восхваления
무비자찬
Dois Louvores Autobiográficos
Hai Lời Tán Thán Cuộc Đời Giải Thoát
Deux prières autobiographiques
Dos elogios autobiográficos
Zwei Autobiografische Lobpreisungen
History
གསང་སྔགས་སྔ་འགྱུར་གྱི་བརྒལ་ལན་ཕྱོགས་བསྒྲིགས།
སྒ་ཡི་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར།
རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།
Image
ཇོ་མཇལ་ཁྲིད་ཡིག་ཡིད་བཞིན་ནོར་བུ།
ཨ་ཕོ་དགའ་དགའི་ངོ་མཚར་བའི་མཛད་རྣམ།
གུ་རུ་ཆོས་ཀྱི་དབང་ཕྱུག་གི་རང་རྣམ་དང་ཞལ་གདམས།
སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། གསུམ་པ།
Image
རིན་ཆེན་གཏེར་མཛོད་ཆེན་མོའི་ཐོབ་ཡིག་གཏེར་གྱི་བུམ་པ།