རིན་ཆེན་གཏེར་མཛོད་ཆེན་མོའི་ཐོབ་ཡིག་གཏེར་གྱི་བུམ་པ།
༈ དད་པ་དང་དམ་ཚིག་གཙང་ཞིང་དོན་གཉེར་ཆེ་བའི་རྣམ་དཔྱོད་དང་ལྡན་པ་ཀུན་གྱིས་མཁྱེན་གསལ་ལྟར། ད་ལམ་སྤྱི་ལོོ་ ༢༠༢༣ ལོར། འཕགས་ཡུལ་བྱང་ཤར་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཆར་གཏོགས་དཔལ་༧རྒྱལ་དབང་ཀརྨ་པའི་བྱེས་ཀྱི་གདན་ས་རུམ་བཏེག་ཀརྨའི་བཤད་སྒྲུབ་ཆོས་འཁོར་གླིང་གི་ཆོས་སྒར་ཆེན་མོ་རུ། ༧སྒྲུབ་བརྒྱུད་བསྟན་པའི་མཛེས་རྒྱན་༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་རིན་ཆེན་གཏེར་གྱི་མཛོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྨིན་བྱེད་ཀྱི་དབང་བསྐུར་རྒྱས་པ་དང་། གྲོལ་བྱེད་ཀྱི་ཁྲིད། དེ་བཞིན་རྒྱབ་རྟེན་གྱི་ལུང་ཚད་ལྡན་བཅས་ཐོག་མཐའ་བར་གསུམ་དུ་དགེ་བ་གྲ་རྒྱས་ལ་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་པར་གྲུབ་པ་ལགས་ན། རིན་ཆེན་གཏེར་མཛོད་ཆེན་མོའི་ཐོབ་ཡིག་གཏེར་གྱི་བུམ་པ་ཞེས་བྱ་བ་འདི་ཉིད་བདག་ཅག་དད་ལྡན་ཆོས་ཞུ་བ་ཀུན་གྱི་བསོད་ནམས་ཀྱི་དཔལ་དུ་བལྟམས་པ་ལགས།