ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །

ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །

ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །

ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །

Some book subtitle comes here
༸རྒྱལ་དབང་བཅུ་བདུན་པས་མཛད།

རྒྱལ་བ་གཉིས་པ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་དགོངས་གཏེར་དུ་གྲགས་པའི་རྩ་གསུམ་དྲིལ་སྒྲུབ་བམ་ཚེ་དཔག་མེད་རྫུན་སྤོང་བའི་ཆོ་ག་ནི་གང་ཟག་གི་སྒོ་ནས་བོད་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱི་ཐོག་མ་དང་མཁས་གྲུབ་གཉིས་ལྡན་འགྲན་ཟླ་དང་བྲལ་བ་ཆོས་རྗེ་རང་བྱུང་རྡོ་རྗེ་ལས་བྱུང་ཞིང་། ཆོས་ཀྱི་དབང་དུ་བྱས་ན་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་བླ་མ་དང་། ཡི་དམ་དང་། མཁའ་འགྲོ། ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་རྣམས་ལྷ་གཅིག་གི་ངོ་བོར་འདུས་པ་ཙམ་དུ་མ་ཟད་རྒྱུད་སྡེ་བཞི་ཀའི་གོ་ཆོད་པར་ཡང་གྲགས་པ་དང་། འདི་ཉིད་འགྲོ་མགོན་བཀའ་བརྒྱུད་པའི་བརྒྱུད་པ་ལས་བྱུང་བའི་ཚེ་སྒྲུབ་ཀྱི་ཆོ་ག་ལོ་རྒྱུས་རིང་ཞིང་འགྲོ་དོན་ཆེས་ཆེ་བ་ཞིག་ཡིན་པ་དང་། ཡང་སྒོས་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཕྱོགས་འདིར་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱི་སྐབས་སུ་ཚེ་སྒྲུབ་ཀྱི་ཆོ་ག་འཕྲིན་ལས་ཆེ་ཤོས་དེ་ཡིན་པར་གསལ་ནའང་། བར་སྐབས་ཤིག་ཏུ་རྙིང་ལུགས་ཀྱི་ཆོས་གླིང་རྩ་གསུམ་དྲིལ་སྒྲུབ་གཙོ་བོ་དར་ནས་ཆོ་ག་འདིའི་བརྒྱུད་པ་མིང་ཙམ་དུ་འགྱུར་ཉེན་ཆེ་བར་གྱུར། ལྷག་པར་དུས་ཕྱིས་སུ་བོད་ལ་སྐྱེས་ཆེན་དམ་པ་རྣམས་ལ་བརྟན་བཞུགས་འབུལ་བའི་ལུགས་སྲོལ་འདི་དར་ཁྱབ་ཆེ་ཡང་རང་ཅག་གི་བརྒྱུད་པ་འདིར་རང་ལུགས་རང་རྐང་ཚུགས་པ་ཞིག་མེད་པ་སོགས་ལ་དགོངས་ནས། ད་རེས་རྒྱལ་མཆོག་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་མཆོག་ནས་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཡིག་ཆ་རྙིང་པ་རྣམས་གཞིར་བཟུང་། གསར་རྙིང་གི་བརྟན་བཞུགས་ཡོད་དོ་ཅོག་ལྟ་བུར་གཟིགས་རྟོག་མཛད་ནས་ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་སྒོ་ནས་ཚེ་སྒྲུབ་དང་། བརྟན་བཞུགས་འབུལ་ཐབས། དེ་བཞིན་རྒྱལ་བ་རྒོད་ཚང་པའི་ཐུགས་སྲས་ཡེ་ཤེས་ཀྱི་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ལུགས་ཀྱི་མཁའ་འགྲོའི་སུན་ཟློག་བཅས་ཀྱི་ཆོ་ག་ནང་དོན་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཀྱི་སྡེབ་སྦྱོར་ལེགས་པ། ཆོ་གའི་རིགས་གཞན་དང་མི་འདྲ་བར་འབྲེལ་ཡོད་ཀྱི་ལོ་རྒྱུས་ཞིབ་ཕྲ་གསལ་བ། བསྟན་འགྲོ་སྤྱི་ལ་ཡང་དགོས་མཁོ་ཆེ་བ། ལྷག་པར་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བའི་གསུང་རྩོམ་གལ་པོ་ཆེ་འདི་རྣམས་ད་རེས་ང་ཚོས་འདིར་འཕྲུལ་དེབ་ཏུ་བཞེངས་ནས་དོན་གཉེར་ཅན་རྣམས་ལ་སྤྱན་འབུལ་ཞུ་རྒྱུ་བྱུང་བར་དགའ་སྤྲོ་ཤིན་ཏུ་ཆེ།

Dharma Practice
ཀར་ལུགས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོ་ག །
དྭགས་པོའི་བླ་རྣལ་དང་ཚོགས་མཆོད།
ནོར་བུ་འབར་བ།
རྒྱལ་བའི་རྒྱལ་ཚབ་གཽ་ཤྲཱི་ཆེན་པོའི་བླ་མཆོད་ཡེ་ཤེས་སྤྲིན་ཕུང་།
གྲུབ་ཆེན་བདེ་ཆེན་རང་གྲོལ་གྱི་བླ་མའི་རྣལ་འབྱོར་དང་ཞལ་གདམས་གཅེས་བཏུས།
བླ་མའི་རྣལ་འབྱོར་བྱིན་རླབས་ཆར་རྒྱུན།།
བླ་མའི་རྣལ་འབྱོར་ཐུགས་རྗེ་མྱུར་བསྐུལ།
སྒྲོལ་མའི་རྒྱུན་ཁྱེར་འགྲེལ་བ།
Image
ཐུན་བཞི་བླ་མའི་རྣལ་འབྱོར།