མཚན་མོ།

མཚན་མོ།

མཚན་མོ།

མཚན་མོ།

Some book subtitle comes here
ཨེ་ལི་ཝེ་བཟེལ། Elie Wiesel
སྒྱུར་བ་པོ། པད་མ་འབུམ། Pema Bhum
དཔེ་སྐྲུན་པར་གཞི། [email protected]

“མཚན་མོ་”ནི་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གདུག་རྩུབ་ཀྱི་མཐའ་ལ་སོན་པའི་འཇར་མན་གྱི་ན་ཚི་ཡི་བཙོན་སྒར་དུ་སྡུག་སྦྱོང་ཅི་མྱངས་སྒྲུང་རྩོམ་གྱི་ལམ་ནས་བྲིས་པའི་དྲན་ཐོ་ལྟ་བུ་ཞིག་ཡིན།

༡༩༤༤ - ༡༩༤༥ རྩོམ་པ་པོ་འདི་དང་ཁོང་གི་ཁྱིམ་མི་འཇེའུ་མི་རིགས་ཡིན་པའི་ཆ་ནས་འཇར་མན་ན་ཚི་ཡིས་གདུག་རྩུབ་ཀྱི་ངན་གྲགས་འཇིག་རྟེན་ལ་ཁྱབ་པའི་བཙོན་སྒར་ཨོ་ཤི་ཝི་ཚི་དང་བྷུ་ཁེན་ཝལད་བཅས་སུ་བཅུག་ནས་ཐོས་ན་སྐྱི་གཡའ་བའི་སྡུག་སྦྱོང་བཏང་ནས་ཕ་མ་གཉིས་དང་སྲིང་ཆུང་མ་ཞིག་བཅས་བཙོན་སྒར་དུ་ཤི ཨེ་ལི་ཝེ་བཟེལ་གྱིས་ཁོང་གི་དྲན་ཐོ་འདིའི་ནང་དུ་བཙོན་སྒར་དེ་གཉིས་ཀྱི་ཡ་ང་སྙིང་རྗེ་མེད་པའི་མནར་གཅོད་གཏོང་སྟངས་རྣམས་རི་མོ་བཞིན་དུ་ཀློག་པ་པོའི་མིག་ལམ་དུ་འདྲེན་པར་མ་ཟད། དེ་འདྲའི་གནས་སྟངས་ཀྱི་འོག་ཏུ་འགྲོ་བ་མི་ཟེར་བ་འདིའི་རྩ་བའི་བླང་དོར་གྱི་རྣམ་གཞག་དང་། དད་པ། མི་གཤིས། ཐ་ན་ཕ་མ་བུ་ཕྲུག་གི་འབྲེལ་བའི་འདུ་ཤེས་དེ་དག་རྩོམ་པ་པོ་རང་སྟེང་དང་བཙོན་གྲོགས་གཞན་པའི་སྟེང་ནས་ཡོ་འཁྱོམ་ཅི་ཡོང་ཡང་གཡོ་ཟོལ་མེད་པར་བྲིས་ཡོད་པ་འདིས་སྒྲུང་རྩོམ་འདི་མིག་གིས་ཀློག་མཚམས་བཞག་ཀྱང་སེམས་ཀྱིས་ཀློག་མཚམས་འཇོག་མི་ཐུབ་པ་ཞིག་ཏུ་གྱུར་ཡོད།

རྩོམ་པ་པོ་ངོ་སྤྲོད།

ཨེ་ལི་ཝི་བཟེལ་ནི་སྤྱི་ལོ་ ༡༩༢༨ ལོར་ཧང་གྷ་རི་ཡའི་རྒྱལ་ཁབ་ཏུ་འཁྲུངས། ཁོང་བྱིས་པའི་དུས་སུ་རང་གི་ཁྱིམ་མི་རྣམས་དང་ལྷན་དུ་དམག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་གྱི་ན་ཚི་ཡི་གདུག་རྩུབ་ཅན་གྱི་བཙོན་སྒར་ཨོ་ཤི་ཝི་ཚི་ཞེས་ཨོ་དེ་ལ་བསྐྲད། དམག་ཆེན་གཉིས་པའི་རྗེས་སུ་ཧྥ་རན་སི་ལ་ལོ་བཅུར་གསར་འགོད་པའི་ཕྱག་ལས་གནང་ཞིང་། ༡༩༧༦ ལོར་ཨ་རིར་སྤོར་ནས་བྷོ་སི་ཋོན་སློབ་གྲྭ་ཆེན་མོའི་མིའི་རིགས་རིག་པའི་སྡེ་ཚན་དུ་དགེ་རྒན་ཆེན་མོ་གནང་། ཁོང་གི་སྐུ་ཚེ་གང་པོར་“མཚན་མོ་”འདུས་པའི་བརྩམས་ཆོས་གྲངས་ལྔ་བཅུ་ང་བདུན་བརྩམས་ཡོད། ཁོང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་དང་། ཨ་རིའི་སྲིད་འཛིན་གྱི་རང་དབང་གི་རྟགས་མས་མཚོན་པའི་གཟེངས་རྟགས་གཞན་པ་མང་པོ་བཞེས་ཡོད། མཐར་དགུང་ལོ་གྱ་བརྒྱད་ལ་ཕེབས་པའི་ ༢༠༡༦ ལོར་ནེའུ་ཡོར་ཁི་ལ་སྐུ་ཚེའི་འཕེན་པ་རྫོགས།

སྒྱུར་བ་པོ་ངོ་སྤྲོད།

<སྒྱུར་བ་པོ་པད་མ་འབུམ་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་ལ་རྒྱ་ནག་ལན་ཀྲོའུ་ན་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཤེས་རམས་པ་དང་རབ་འབྱམས་པ་ཐོན་ཞིང་དེར་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་། ཕྱིས་སུ་རྒྱ་གར་དུ་དུས་དེབ་དང་ཚགས་པར་གསར་འདོན་དང་། རིག་གཞུང་ཞིབ་འཇུག་ཁང་གསར་འཛུགས་ཀྱི་ལས་ལ་ཞུགས། ༡༩༩༤ ལོ་ནས་ཨ་རིར་གནས་སྤོར། སྔ་ཕྱིར་ཨ་རིའི་དབྱིན་ཌི་ཡ་ན་སློབ་གྲྭ་ཆེན་མོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དཔེ་ཁྲིད་དང་། ནེའུ་ཡོར་ཁི་ལ་རྩེ་དཔེ་མཛོད་ཁང་གསར་འཛུགས་ཀྱི་ལས་ལ་ཞུགས་ཤིང་ལོ་མང་པོར་དེའི་འགན་འཛིན་བྱས། ཕྱིས་སུ་ཀི་ལུམ་སྦི་ཡ་སློབ་གྲྭ་ཆེན་མོའི་བོད་ཀྱི་གནའ་ཡིག་གི་དགེ་རྒན་བྱས། དཔྱད་རྩོམ་དང་སྒྲུང་རྩོམ། ལྷུག་རྩོམ་སོགས་རྒྱུད་ལམ་སྣ་མང་དུ་ཐོན་ཡོད།

prayer books
ཞེ་སྡང་གི་རྒུན་འབྲུམ།
ཁེངས་དྲེགས་དང་ཕྱོགས་ལྷུང་།
ལམ་ལ།
མཚན་མོ།
འབྲུག་སྒྲ།
སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།
ཨ་ཅེ་མེ་ཏོག་གཡང་འཛིན་མ།
ཞེ་སྡང་གི་རྒུན་འབྲུམ།
ཁེངས་དྲེགས་དང་ཕྱོགས་ལྷུང་།