སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།

སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།

སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།

སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།

སྐད་ཅིག་རེ་རེ་དོན་ལྡན་དུ་བསྒྱུར་བའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད།
Don’t Worry, Be Grumpy: Inspiring Stories for Making the Most of Each Moment
ཨ་ཇན་ བྷི་རམ།  Ajahn Brahm
པདྨ་ཚེ་དབང་ཤཱསྟྲི།  Pema Tsewang Shastri
དཔེ་སྐྲུན་པར་གཞི། [email protected]

གྲགས་ཅན་གྱི་རྩོམ་པ་པོ་དང་ནང་པ་སངས་རྒྱས་པའི་བཙུན་པ་ཨ་ཇན་བྷི་རམ་མཆོག་གིས་དཔེ་དེབ་འདིའི་ནང་དུ་དགོད་བྲོ་ཞིང་བློ་སྒོ་འབྱེད་པའི་སྒྲུང་ཐུང་བརྒྱ་དང་བརྒྱད་བརྗོད་ཡོད། “སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།” ཞེས་པའི་དཔེ་དེབ་འདིའི་ནང་གི་སྒྲུང་རྣམས་ནི་ཀློག་པ་པོ་རྒྱ་ཆེན་པོའི་མོས་ཁམས་དང་མཐུན་པར་བྲིས་ཡོད། རྩོམ་པ་པོ་འདིས་རང་ཉིད་དང་རང་གི་སློབ་མའི་མི་ཚེའི་ནང་དུ་བྱུང་བའི་སྒྲུང་རྣམས་བརྗོད་ཡོད་ཅིང་། རྒྱུན་འབྱམས་ཀྱི་གཏམ་དཔེ་དང་ངག་སྒྲོས་རྣམས་ཕྱི་ཅི་ལོག་གི་ཚུལ་དུ་དྲངས་ཏེ་ཀློག་པ་པོ་རྣམས་ལ་མཚར་སྣང་སྐྱེད་པའི་སྒོ་ནས་མི་ཚེའི་ཟུར་སྣེ་མི་འདྲ་བ་ཞིག་ནས་ལྟ་བའི་བློ་སྒོ་ཕྱེ་ཡོད།

ཨ་ཇན་བྷི་རམ་མཆོག་ནི་དབྱིན་ཡུལ་དུ་འཁྲུངས་པ་དང་། གཞོན་དུས་ནས་གནས་བརྟན་པའི་ལུགས་སུ་རབ་ཏུ་བྱུང་སྟེ་ཆོས་སློབ་གཉེར་བྱེད་ཆེད་ཐའེ་ལནད་རྒྱལ་ཁབ་ཏུ་བསྐྱོད། དེ་ནས་རིམ་གྱིས་ཁོང་ནི་ནུབ་ཕྱོགས་ཨོ་སི་ཋི་རི་ལི་ཡའི་ནང་པའི་སྤྱི་ཚོགས་ཁྲོད་ཀྱི་གྲགས་ཆེ་བའི་བཀུར་འོས་ཀྱི་དགེ་རྒན་ཞིག་ཏུ་གྱུར་ཅིང་། ཨེ་ཤེ་ཡའི་ཕྱི་རོལ་ཏུ་ཡོད་པའི་གནས་བརྟན་པའི་ལུགས་ཀྱི་ནང་པའི་དགོན་པ་ཆེ་ཤོས་དེའི་མཁན་པོ་ཡང་རེད། ཁོང་གིས་ད་དུང་འཛམ་གླིང་གི་ས་ཁུལ་གཞན་དུའང་ཆོས་ཚོགས་དང་དགོན་པ་གསར་འདེབས་གནང་ཡོད་པ་རེད། ཨ་ཇན་བྷི་རམ་མཆོག་ནི་མི་མང་ལ་གསུང་བཤད་གནང་མཁན་གྲགས་ཆེན་ཞིག་ཡིན་པ་དང་། དགོད་བྲོའི་རང་བཞིན་ལྡན་ཞིང་གོ་སླ་བའི་གསུང་ཆོས་དག་ལ་ཉན་མཁན་གྱི་སྐྱེ་བོ་མང་པོ་འདུ། ཁོང་གིས་དེབ་གཞན་འགའ་ཡང་བརྩམས་ཡོད་ཅིང་། ཁོང་གི་བརྩམས་ཆོས་རྣམས་ནི་མ་མཐའ་ལ་ཡང་སྐད་ཡིག་ཉི་ཤུ་ཙམ་གྱི་ནང་དུ་བསྒྱུར་ཅིང་འཛམ་གླིང་ཁྱོན་དུ་པར་སྐྲུན་བྱས་ཡོད།

prayer books
ལམ་ལ།
ཨ་ཅེ་མེ་ཏོག་གཡང་འཛིན་མ།
ཁེངས་དྲེགས་དང་ཕྱོགས་ལྷུང་།
འབྲུག་སྒྲ།
མཚན་མོ།
སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།
ཞེ་སྡང་གི་རྒུན་འབྲུམ།
ལམ་ལ།
ཨ་ཅེ་མེ་ཏོག་གཡང་འཛིན་མ།