ཞེ་སྡང་གི་རྒུན་འབྲུམ།

ཞེ་སྡང་གི་རྒུན་འབྲུམ།

ཞེ་སྡང་གི་རྒུན་འབྲུམ།

ཞེ་སྡང་གི་རྒུན་འབྲུམ།

The Grapes of Wrath
ཇོན་ སི་ཋེན་བྷེག །  John Steinbeck
ཐེ་བྲག་བསྟན་པ།  Thedak Tenpa
དཔེ་སྐྲུན་པར་གཞི། [email protected]

“ཞེ་སྡང་གི་རྒུན་འབྲུམ་”ཞེས་པ་འདི་ནི་དངོས་ཡོད་རིང་ལུགས་པའི་བརྩམས་སྒྲུང་ཞིག་སྟེ་ཨ་རིའི་རྩོམ་པ་པོ་ཇོན་ སི་ཋེན་བྷེག་ལགས་ཀྱིས་བརྩམས་ཤིང་ ༡༩༣༩ ལོར་པར་སྐྲུན་བྱས་པ་རེད། འདི་ནི་ཨ་མེ་རི་ཀའི་མུ་གེ་ཆེན་པོའི་དུས་སྐབས་ (༡༩༢༩ - ༡༩༣༩) ལ་གཞི་བཅོལ་ཡོད་ཅིང་། དེབ་འདིས་ས་ཞིང་བོགས་མར་བླངས་པའི་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་ཚང་དེ་བརྗོད་གཞིར་བཟུང་ནས། དུས་སྐབས་དེའི་གྲངས་ལས་འདས་པའི་ཁྱིམ་ཚང་གཞན་རྣམས་དང་འདྲ་བར། དཔལ་འབྱོར་གྱི་དཀའ་ངལ་དང་། ཐན་པ། དེ་བཞིན་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བ་ལ་བརྟེན་ནས་རང་གི་འཚོ་ཐབས་ལ་དོ་ཕོག་ཐེབས་པའི་ཁྱིམ་ཚང་ཞིག་ཨོག་ལ་ཧོ་མའི་མངའ་སྡེར་ཡོད་པའི་རང་ཁྱིམ་ནས་བསྐྲད་པའི་སྐོར་བརྗོད་ཡོད། ལས་ཀ་དང་ས་ཞིང་། གོ་སྐབས་འཚོལ་བའི་བརྒྱུད་རིམ་འོག་ནས་ཁྱིམ་ཚང་འདི་ཁ་ལི་ཧྥོར་ནེ་ཡ་མངའ་སྡེ་ལ་སྤོར་ཞིང་། ལམ་བར་ནས་རང་གི་ཁྱིམ་མིའི་འབྲེལ་བ་དང་ཆེ་མཐོང་དམ་འཛིན་བྱེད་བཞིན་དུའང་སྔར་ལས་ལྷག་པའི་དཀའ་སྡུག་དང་། མཐོང་ཆུང་། གོད་ཆག་བཅས་བརྒྱུད་ཡོད་པ་རེད། “ཆེས་གྲགས་ཆེན་གྱི་ཨ་མེ་རི་ཀའི་བརྩམས་སྒྲུང་”ཞེས་ཡང་ཡང་བསྔགས་བརྗོད་བྱས་པའི་ “ཞེ་སྡང་གི་རྒུན་འབྲུམ་”ལ་ཨ་མེ་རི་ཀའི་རྒྱལ་ཡོངས་དཔེ་དེབ་བྱ་དགའ་དང་། བརྩམས་སྒྲུང་ཁྲོད་ཀྱི་ “ཕུལ་ལི་ཟར་ རྟགས་མ་”ཞེས་པའི་བྱ་དགའ་ཐོབ་ཡོད་ལ། སྐད་ཡིག་བཅུ་ཕྲག་མང་པོའི་ནང་ཕབ་བསྒྱུར་བྱས་ཡོད།

ཇོན་ སི་ཋེན་བྷེག་ལགས་ (༡༩༠༢-༡༩༦༨) ནི་འཛམ་གླིང་སྟེང་གི་ཆེས་སྙན་གྲགས་ཅན་གྱི་རྩོམ་པ་པོའི་གྲས་ཤིག་ཡིན། ཁོང་གི་སྐུ་ཚེའི་རིང་བརྩམས་སྒྲུང་ ༡༦ དང་། དེ་བཞིན་ཆེད་རྩོམ་དང་སྒྲུང་ཐུང་བཅས་དཔེ་དེབ་ ༣༣ བརྩམས་ཡོད། སི་ཋེན་བྷེག་ལགས་ནི་ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་སུ་ལེ་ན་སི་ཞེས་པའི་གྲོང་ཁྱེར་དུ་སྐྱེས་ཤིང་འཚར་ལོངས་བྱུང་། ཁོང་སློབ་གྲྭ་ཆེན་མོ་ནས་མཐར་མ་ཕྱིན་པར་ཕྱིར་ཐོན་པ་དང་། ཁོང་གིས་རང་ཉིད་རྩོམ་པ་པོ་ཞིག་བྱེད་རྒྱུར་འབད་བརྩོན་བྱེད་པའི་རིང་ལ། ཁོང་གིས་ལས་རིགས་སྣ་ཚོགས་པ་སྤྱད་ནས་འཚོ་ཐབས་བཙལ་ཡོད་ལ། དེ་དག་གི་ཁོངས་སུ་དུས་ཡུན་ཐུང་ངུ་ཞིག་རིང་ལ་གསར་འགོད་པ་བྱས་པ་དང་། དེ་ནས་ཡུལ་སྐོར་སྣེ་ཤན་པ། དེ་བཞིན་ཞིང་པ་དང་ཡུལ་སྤོར་མཁན། ཕྱི་རྒྱལ་མི་སྣ་སོགས་དང་ལྷན་དུ་ངལ་རྩོལ་གྱི་ལས་ཀ་བྱས་ཡོད་པ་རེད། འདི་དག་ནི་ཁོང་གི་དཔེ་དེབ་རྣམས་ཀྱི་བརྗོད་བྱ་གཙོ་བོར་ཡང་གྱུར་ཡོད། ཁོང་གི་བརྩམས་ཆོས་རྣམས་ནི་སྤྱི་ཚོགས་ཀྱི་དྲང་བདེན་དང་། བཙན་གནོན། དེ་བཞིན་མི་ཕལ་པའི་མི་ཚེ་ལ་བསྔགས་བརྗོད་བྱེད་པ་བཅས་ལ་སྐད་གྲགས་ཡོད་པ་རེད། ༡༩༦༢ ལོར་སི་ཋེན་བྷེག་ལགས་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་སྤྲད་ཅིང་། དེ་ཡང་ནོ་བྷེལ་བྱ་དགའ་ལྷན་ཚོགས་ཀྱིས་ཁོང་གི་ “དངོས་ཡོད་དང་འཆར་སྣང་གི་རྩོམ་འབྲི་དང་། དེ་གཉིས་ལྷན་སྦྱར་གྱིས་ཤ་ཞེན་ཅན་གྱི་དགོད་གཏམ་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མཚར་སྣང་ཅན་”བྲིས་ཡོད་པ་ལ་བསྔགས་པ་མཛད་ཡོད།

སྡེ་ཚན་གཅིག་པ།
སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།
ཨ་ཅེ་མེ་ཏོག་གཡང་འཛིན་མ།
ཁེངས་དྲེགས་དང་ཕྱོགས་ལྷུང་།
ལམ་ལ།
འབྲུག་སྒྲ།
མཚན་མོ།
ཞེ་སྡང་གི་རྒུན་འབྲུམ།
སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།
ཨ་ཅེ་མེ་ཏོག་གཡང་འཛིན་མ།