ལམ་ལ།

ལམ་ལ།

ལམ་ལ།

ལམ་ལ།

On the Road
ཇག་ ཁེ་རོ་ཨག Jack Kerouac
དགེ་འདུན་རབ་གསལ།  Gedun Rabsal
དཔེ་སྐྲུན་པར་གཞི། [email protected]

“ལམ་ལ་”ཞེས་པ་འདི་ནི་ཇག་ ཁེ་རོ་ཨག་ལགས་ཀྱི་བརྩམས་ཆོས་སྙན་གྲགས་ཆེ་ཤོས་དེ་ཡིན། ཁེ་རོ་ཨག་ལགས་ཀྱིས་བརྩམས་སྒྲུང་འདི་ནི་མི་ཚེའི་ནང་དངོས་སུ་འགྲུལ་བཞུད་བྱས་པ་ལ་གཞིར་བཞག་ནས་བྲིས་ཡོད། དེ་ཡང་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གྲངས་ཀྱི་ནང་དུ་རང་གི་བློ་ཉེའི་གྲོགས་པོ་ནིལ་ ཁེ་སེ་ཌེ་སྟེ། བརྩམས་སྒྲུང་གི་ནང་དུ་ཌིན་ མོ་རི་ཡར་ཋི་ཞེས་པའི་མི་སྣར་གྱུར་ཡོད་པ་དེ་དང་ལྷན་དུ་ཨ་མེ་རི་ཀའི་ཤར་ནུབ་ལྷོ་བྱང་དུ་ཐེངས་འགའ་ལ་འགྲུལ་བཞུད་བྱས་པའི་ཉམས་མྱོང་ལ་གཞི་འཛིན་བྱས་ཡོད། གྲོང་ཁྱེར་ནེའུ་ཡོག་ནས་ཌན་ཝར་དང་། སན་ ཧྥ་རན་སི་སི་ཁོ། མེག་སི་ཁོ་གྲོང་ཁྱེར། དེ་བཞིན་ས་ཆ་དེ་དག་གི་བར་ལ་ཆགས་པའི་ཡུལ་གྲུ་ཁག་ནི་“ལམ་ལ་”ཞེས་པའི་བརྩམས་སྒྲུང་འདིའི་ནང་གི་ཕམ་པའི་མི་རབས་ཞེས་པའི་ལྟ་གྲུབ་ཀྱི་མཚོན་བྱེད་གྱུར་ཅིང་། ཐོལ་བྱུང་དང་འཁྱམ་མྱུལ་གྱི་འཚོ་བ་དེར་ཇེ་ཛི་རོལ་དབྱངས་དང་། འཁྲིག་སྤྱོད། ཉལ་ཐ། ཆང་རག་བཅས་ལོངས་སྤྱོད་བྱས་པ་དང་། འགོག་ཏུ་མེད་པའི་ལམ་ལ་བགྲོད་པའི་འདོད་པ་བཅས་ནག་འགྲོས་སུ་བཀོད་ཡོད།

སྤྱི་ལོ་ ༡༩༥༧ ལོར་དེབ་འདི་ཐོག་མར་པར་སྐྲུན་བྱས་པའི་སྐབས་རྩོད་རྙོག་མེད་པ་ཞིག་མིན་ན་ཡང་། གང་ལྟར་དུས་དེ་ནས་བཟུང་“ལམ་ལ་”ཞེས་པའི་བརྩམས་སྒྲུང་འདི་ནི་དེང་རབས་ཀྱི་གྲགས་རྩོམ་ཞིག་ཏུ་གྱུར་པ་མ་ཟད། མུ་མཐུད་ནས་འཛམ་གླིང་ཁྱོན་གྱི་གཞོན་སྐྱེས་མི་རབས་རྣམས་ལ་རང་ཉིད་ལ་ཤེས་རྟོགས་བྱེད་རྒྱུ་དང་། གཙོ་རྒྱུན་དུ་གྱུར་བའི་སྲོལ་རྒྱུན་གྱི་ཁ་གཏད་དུ་ལངས་པ། མི་ཚེའི་དོན་སྙིང་འཚོལ་བ་བཅས་ལ་སྐུལ་ལྕག་ཐེབས་བཞིན་ཡོད་དོ། །

prayer books
ཁེངས་དྲེགས་དང་ཕྱོགས་ལྷུང་།
ཞེ་སྡང་གི་རྒུན་འབྲུམ།
འབྲུག་སྒྲ།
ལམ་ལ།
མཚན་མོ།
སེམས་ཁྲལ་མ་བྱེད། སྤྲོ་ཐུང་བྱོས།
ཨ་ཅེ་མེ་ཏོག་གཡང་འཛིན་མ།
ཁེངས་དྲེགས་དང་ཕྱོགས་ལྷུང་།
ཞེ་སྡང་གི་རྒུན་འབྲུམ།