རྐྱེན་ཟློག་སྨོན་ལམ་ཆེན་མོ།

རྐྱེན་ཟློག་སྨོན་ལམ་ཆེན་མོ།

རྐྱེན་ཟློག་སྨོན་ལམ་ཆེན་མོ།

རྐྱེན་ཟློག་སྨོན་ལམ་ཆེན་མོ།

༸རྒྱལ་དབང་ཀརྨ་པ་བཅུ་བདུན་པས་ཕྱོགས་སྒྲིག་མཛད།
རྐྱེན་ཟློག་སྨོན་ལམ་ཆེན་མོའི་ཕྱག་དེབ་འདི་ནི། ༧རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ ༢༠༢༡ ལོའི་སྤྱི་ལོ་གསར་ཚེས་སྐབས། སྐྱེ་འགྲོ་སྤྱི་དང་། བྱེ་བྲག་ཆོས་མཛད་རྣམས་ཀྱི་རྐྱེན་ངན་བར་ཆད་ཟློག་པའི་སླད་དུ་རིམ་གྲོ་ཆེན་མོ་མཛད་རྒྱུའི་དོན་དུ་དམིགས་པའི་ཞལ་འདོན་ཕྱོགས་སྒྲིག་གི་ཕྱག་དཔེ་ཡིན། འདིའི་ནང་དམིགས་བསལ་༧རྒྱལ་དབང་བཅུ་བདུན་པས་གསར་འགྱུར་མཛད་པའི་འོད་ཟེར་ཅན་མའི་གཟུངས་མདོ་དང་། སྤྲུལ་སྐུ་བ་མཁལ་སྨུག་པོའི་གཏེར་ཆོས་གུ་རུའི་གསོལ་འདེབས་བར་ཆད་ལམ་སེལ་དང་། སྤྲུལ་སྐུ་བཟང་པོ་གྲགས་པའི་གཏེར་ཆོས་གསོལ་འདེབས་བསམ་པ་ལྷུན་གྲུབ། ཆགས་མེད་གདུགས་དཀར་བསྒོམ་བཟླས་སོགས་དཔེ་ཅུང་ཟད་མི་འདྲ་བའི་ཆོས་ཚན་ཁག་ཅིག་བཞུགས་ཡོད་པ་དང་། ཚེ་གཟུངས། སྨན་གཟུངས། འཆི་མེད་རྔ་སྒྲའི་གཟུངས་སོགས་གཟུངས་སྔགས་རྣམས་ལེགས་སྦྱར་གྱི་སྐད་ལྟར་དག་བཅོས་མཛད་ཡོད། མདོར་ན་༧རྒྱལ་དབང་མཆོག་ནས་སྐྱེ་བོ་གང་མང་ལ་ཕན་པའི་ཐུགས་རེ་ཆེན་པོས་གཟིགས་རྟོག་དང་ཞིབ་འཇུག་ཆེས་ཆེར་མཛད་ཡོད་པ་ལྟར། ཕྱག་དཔེ་འདི་གཟིགས་མཁན་རྣམས་ནས་ཀྱང་དེ་བཞིན་ཐུགས་སྣང་དང་བདག་སྤྲོད་མཛད་པར་ཞུ།

Aspirations to End Adversity
除障祈願念誦集
prayer books
ཚད་མ་རིགས་གཞུང་རྒྱ་མཚོ།
Книга молитв Кагью Монламa
ཚོགས་ཆོས་མུ་ཏིག་ཕྲེང་བ།
ཤེར་ཕྱིན་ཀར་ཊིཀ་རྗེ་བཙུན་ངལ་གསོ།
རིས་མེད་ཆོས་འབྱུང་།
དབུ་མ་ཤེས་རབ་ལ་འཇུག་པ།
རྗེ་མི་བསྐྱོད་ཞབས་ཀྱི་རྣམ་ཐར་བསྟོད་པ།
ཐུབ་ཆོག་དཔལ་གྱི་སྙིང་པོ་དང་ཐུབ་བསྟོད།
༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་རང་རྣམ་ཐོར་བུ་ཕྱོགས་བསྡུས།
སྦས་ཡུལ་སྐྱིད་མོ་ལུང་བཙུམ་དགོན་པའི་ཞལ་འདོན་ཕྱོགས་བསྒྲིགས།