བོད་སྐད།

• 138 •

Featured image for “སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། གསུམ་པ།”

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་ལོ་རྒྱུས་རིག་གཞུང་སྐོར། གསུམ་པ།

གུར་རིགས་མདོ་ཆེན་གྱི་ལོ་རྒྱུས་པདྨ་རཱ་གའི་ཕྲེང་བ།

EPUB PDF

དེབ་འདིའི་ནང་སྟོད་འབྲུག་མ་བདུན་བཀའ་བརྒྱུད་ཀྱི་བྱུང་བ་དང་། མང་ཡུལ་སྐྱིད་གྲོང་ལ་ལྡེབས་དང་སྦས་ཡུལ་ཙུམ་དུ་གུར་རིགས་མདོ་ཆེན་པའི་བླ་བརྒྱུད་ཀྱི་བྱུང་རིམ་དང་།  ཇར་མ་ནིའི་སློབ་དཔོན་ཆེན་པོ་ཨེརྷཌ་མཆོག་གི་དབྱིན་བསྒྱུར་པདྨ་རཱ་གཱའི་ཕྲེང་བ་དང་། དེ་འབྲེལ་དཔྱད་རྩོམ་རྣམས་བཞུགས་ཡོད། འདི་ནི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པ་ཡིན།

ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པ་ནི། ཕྱི་ལོ་ ༢༠༡༩ ལོར་བལ་ཡུལ་ཧི་མ་ལ་ཡའི་ནང་གསེས་གྲངས་ཉུང་མི་རིགས་ཙུམ་གྱི་དགེ་འདུན་པ་འགའ་ཞིག་གིས་བཙུགས་པའི་ཚོགས་ཆུང་ཞིག་ཡིན་ཞིང་། དེ་ཡི་དམིགས་ཡུལ་ནི་ད་ལྟ་བལ་ཡུལ་གྱི་མངའ་ཁུལ་དུ་ཆགས་ཤིང་ཆོས་དང་རིག་གཞུང་གང་ནས་ཀྱང་བོད་དང་ཁ་བྲལ་ཐབས་མེད་པའི་ཧི་མ་ལ་ཡའི་མི་རྒྱུད་རྣམས་ཀྱི་ལོ་རྒྱུས་སོགས་ཡིག་ཆ་སྤྱི་དང་། བྱེ་བྲག་དུ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་ཞབས་དངོས་སུ་ བཅགས་ཏེ་ཕུག་རོན་ལྷའི་བུ་མོ་སོགས་མི་མ་ཡིན་པའི་འགྲོ་བའི་དོན་མཛད་པའི་གནས། སྦས་ཡུལ་ཙུམ་གྱི་ལོ་རྒྱུས་སོགས་ཡིག་ཆ་རྣམས་འཚོལ་བསྒྲུབ་དང་ཞིབ་འཇུག་བྱ་བའི་ཆེད་དུ་ཡིན། འདི་ལ་བརྟེན་ནས་བོད་དང་ཧི་མ་ལ་ཡའི་རླབས་ཆེན་གྱི་རིག་གཞུང་ལའང་ཆར་པ་ཆུ་གྲོགས་ལྟ་བུའི་ཞབས་ཏོག་ཕྲན་བུ་ཙམ་ཡོང་བའི་རེ་སྨོན་ཞུ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གསུམ་པ།”

སྦས་ཡུལ་ཙུམ་གྱི་ཡིག་མཛོད་ལས་རྣམ་ཐར་སྐོར། དེབ་འཕྲེང་གསུམ་པ།

ཙུམ་དུ་བྱོན་པའི་སྐྱེས་ཆེན་དམ་རྣམས་ཀྱི་རྣམ་ཐར།

EPUB PDF

དེབ་འདིའི་ནང་བལ་བོད་ཀྱི་ས་མཚམས་སུ་གནས་པའི་སྦས་ཡུལ་སྐྱིད་མོ་ལུང་ངམ་ཙུམ་གྱི་ཡུལ་དུ་འཁྲུངས་པའམ། ཞབས་ཀྱི་བཅག་མྱོང་བའམ། མཛད་འཕྲིན་སྐྱོངས་མྱོང་བའི་སྐྱེས་ཆེན་དམ་པ་ཨོ་རྒྱན་དཔལ་བཟང་། པདྨ་དོན་གྲུབ། པདྨ་དབང་འདུས། པདྨ་ལྷུན་གྲུབ། ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོ་བཅས་ཀྱི་རྣམ་ཐར་རྣམས་བཞུགས་ཡོད། འདི་ནི་ལོ་རྒྱུས་ཞིབ་འཇུག་ལོ་ཙཱ་ཚོགས་པས་ཕྱོགས་སྒྲིགས་མཛད་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སེམས་ཙམ་པའི་ལྟ་གྲུབ་ཉི་ཤུ་པའི་འགྲེལ་པ་སེམས་ཙམ་འཇུག་ངོགས།”

སེམས་ཙམ་པའི་ལྟ་གྲུབ་ཉི་ཤུ་པའི་འགྲེལ་པ་སེམས་ཙམ་འཇུག་ངོགས།

EPUB PDF

༈ ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཉི་ཤུ་པའི་རབ་བྱེད་ཅེས་བྱ་བ་འདི་ནི། ཐེག་ཆེན་སེམས་ཙམ་པའི་ལྟ་གྲུབ་ཀྱི་རྩ་བའི་མདོ། མདོ་སྡེ་དགོངས་འགྲེལ་དང་། མདོ་སྡེ་ས་བཅུ་པ། ལང་ཀར་གཤེགས་པའི་མདོ། དེའི་དགོངས་འགྲེལ་དུ་སེམས་ཙམ་པའི་སློབ་དཔོན་ཐོགས་མེད་སྐུ་མཆེད་གཉིས་ཀྱིས་སེམས་ཙམ་པའི་ལྟ་གྲུབ་ཀྱི་གཞི་ལམ་འབྲས་བུའི་རྣམ་བཞག་ལུས་ཡོངས་སུ་རྫོགས་པ་ཚང་ལ་མ་ནོར་བར་གསལ་བའི་བསྟན་བཅོས་རྣམས་ཀྱི་སྙིང་པོ་སྟེ། གཙོ་བོ་ཕྱི་དོན་འགོག་པ་ལ་ཉི་ཤུ་པའི་རབ་བྱེད་ཅེས་དང་། སྣང་བ་སེམས་སུ་གྲུབ་པ་ལ་སུམ་ཅུ་པའི་རབ་བྱེད་ཅེས་ཡོངས་སུ་གྲགས་པ་ལས། སྐབས་སུ་ཉི་ཤུ་པའི་རབ་བྱེད་ཀྱི་འགྲེལ་པ། སློབ་དཔོན་དཀོན་མཆོག་བསམ་འཕེལ་གྱིས་བརྩམས་པའི་«སེམས་ཙམ་པའི་ལྟ་གྲུབ་ཉི་ཤུ་པའི་འགྲེལ་པ་སེམས་ཙམ་འཇུག་ངོགས་»ཞེས་པ་དེ་ནི་སེམས་ཙམ་བསྟན་པའི་མདོ་དང་། འཕགས་ཡུལ་མཁས་པའི་བསྟན་བཅོས་རྣམས་སུ་ཁུངས་གཏུགས་ནས་རྗོད་བྱེད་ཀྱི་ཚིག་ཉུང་ལ། བརྗོད་བྱ་གནད་འདུས་པོ། དོན་དྲིལ་བ་དེང་དུས་ཀྱི་བཤད་གྲྭའི་སློབ་གཉེར་བ་རྣམས་དང་། སེམས་ཙམ་པའི་ལྟ་གྲུབ་ལ་དོན་གཉེར་ཅན་ཀུན་ལ་ཕན་རླབས་ཆེན་པོ་ཡོད་པ་སྣང་ངོ་།།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གྲུབ་ཆེན་བདེ་ཆེན་རང་གྲོལ་གྱི་བླ་མའི་རྣལ་འབྱོར་དང་ཞལ་གདམས་གཅེས་བཏུས།”

གྲུབ་ཆེན་བདེ་ཆེན་རང་གྲོལ་གྱི་བླ་མའི་རྣལ་འབྱོར་དང་ཞལ་གདམས་གཅེས་བཏུས།

EPUB PDF

འདིར་མཁན་ཆེན་བླ་མ་རྡོ་རྗེ་འཆང་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་གི་བརྩེ་བ་སྙིང་རྗེ་ཆེན་པོས་འཛམ་གླིང་ཤར་ནུབ་ཀྱི་སློབ་ཚོགས་སྐལ་ལྡན་དུ་མར་ལོ་མང་རྒྱུན་རིང་དུ་བསྩལ་བའི་མདོ་སྔགས་རིག་པའི་གཞུང་ལུགས་རྣམས་ཀྱི་དགོངས་འགྲེལ་དང་སྒོམ་ཁྲིད། ཐབས་ལམ་ནཱ་རོ་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་མན་ངག་དམར་ཁྲིད། ཁྱད་པར་ཐོལ་བྱུང་རྡོ་རྗེའི་མགུར་གླུ་ཞལ་གདམས་ཀྱི་རིམ་པ་མཐའ་ཡས་པ་ཞིག་བཞུགས་ཡོད་པའི་ནང་ནས། འདིར་མཚོན་བྱེད་ཙམ་དུ་ཟབ་མོའི་ཞལ་གདམས་འགའ་ཞིག་གཅེས་བཏུས་བྱས་པ་སྟེ། རང་ལ་དྲན་པའི་བསྐུལ་མ་དང་གཞན་མོས་ལྡན་འགའ་ཞིག་ལའང་ཕན་པའི་སྨོན་སེམས་གྱི་སྒོ་ནས་འགྲེམ་སྤེལ་ཞུས་པའོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “སློབ་དཔོན་དཔའ་བོའི་གསུང་བླ་མ་ལྔ་བཅུ་པའི་འགྲེལ་པ་གཅེས་བཏུས།”

སློབ་དཔོན་དཔའ་བོའི་གསུང་བླ་མ་ལྔ་བཅུ་པའི་འགྲེལ་པ་གཅེས་བཏུས།

EPUB PDF

༈ བླ་མ་ལྔ་བཅུ་པ་ནི། བརྗོད་བྱ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པའི་ལས་དང་པོ་པས་བླ་མ་ཇི་ལྟར་བསྙེན་པའི་ཚུལ་སྟོན་ཞིང་། རྗོད་བྱེད་ཀྱི་གཞུང་ཚད་ཤོ་ལོ་ཀ་ལྔ་བཅུ་ཡོད་པས་བླ་མ་ལྔ་བཅུ་པ་ཞེས་བྱ་བ་སྟེ། འདི་ཉིད་རྒྱ་གར་གྱི་སློབ་དཔོན་དཔའ་བོའམ་རྟ་དབྱངས་ཀྱིས་བླ་མ་ལ་མ་གུས་པའི་བཤགས་པའི་དོན་དུ་མཛད་པ་ཞིག་ཡིན་ལ། དེ་ལ་རྒྱ་བོད་ཀྱི་འགྲེལ་པ་དུ་མར་བཞུགས་པ་ལས་འདིར་༧རྒྱལ་བ་ཀཾ་ཚང་པའི་བླ་མ་དག་གིས་མཛད་པའི་འགྲེལ་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བཀོད་པ་ཞིག་ཡིན་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།”

བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ།

EPUB PDF

“བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་ཁུངས་བསྟན་པ་”ཞེས་པའི་ཕྱག་དཔེ་དེ་ནི་དེང་དུས་ཀྱི་མཁས་དབང་ཆབ་མདོ་ཤེས་རབ་མཆོག་གིས་བལ་ཡུལ་མཆོད་རྟེན་རྣམ་གསུམ་སྟེ་མཆོད་རྟེན་བྱ་རུང་ཁ་ཤོར་དང་། འཕགས་པ་ཤིང་ཀུན། སྟག་མོ་ལུས་སྦྱིན་སྐོར་ཡོད་པའི་སྔ་ཕྱིའི་ཕྱག་དཔེ་མང་པོ་ལ་ཞིབ་འཇུག་གང་རྒྱས་གནང་ནས་གཞུང་ཁུངས་རྣམས་ཀྱང་མཆན་གྱི་ཚུལ་དུ་ཤོག་བུའི་ཞབས་ལ་གསལ་བར་བཀོད་ནས་མཛད་པའི་ཕྱག་དཔེ་ཚིག་གོ་སླ་བ་ཅན་ཞིག་ཡིན། དེ་ཡང་མཆོད་རྟེན་རྣམ་གསུམ་སྐོར་ཤེས་འདོད་མཆིས་པའི་དོན་གཉེར་ཅན་དང་ལྷག་པར་ཞིབ་འཇུག་གནང་མཁན་རྣམས་ལ་ཁེ་ཕན་ཆེན་པོ་ཡོད་པ་མཐོང་།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “བླ་མའི་རྣལ་འབྱོར་ཐུགས་རྗེ་མྱུར་བསྐུལ།”

བླ་མའི་རྣལ་འབྱོར་ཐུགས་རྗེ་མྱུར་བསྐུལ།

EPUB PDF EPUB 🎧

དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་ཞིང་གཤེགས་དམ་པ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་དད་ལྡན་སློབ་བུ་རྣམས་བླ་མ་ལ་དད་པ་མོས་གུས་འཕེལ་བ་དང་། ཚོགས་བསག་སྒྲིབ་བྱང་ཆེད་དུ་དམིགས་ཏེ་བླ་མར་རྒྱང་འབོད་གདུང་དབྱངས་ཀྱི་གསོལ་འདེབས་ཐུགས་རྗེའི་མྱུར་སྐུལ་དེ་ཉིད་ལྗགས་བརྩམས་གནང་བ་ལགས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “འབུམ་ཚོགས་སྨོན་ལམ་གྱི་འདོན་ཆ་ཕྱོགས་བསྒྲིགས།”

འབུམ་ཚོགས་སྨོན་ལམ་གྱི་འདོན་ཆ་ཕྱོགས་བསྒྲིགས།

བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པར་གསུང་རྒྱུའི་ཞལ་འདོན།

EPUB PDF

བཀའ་བརྒྱུད་སྨོན་ལམ་ཚོགས་པ་ནས་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱ་ཡི་སི་ཏུ་རིན་པོ་ཆེ་མཆོག་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་བརྒྱད་པའི་ཚོགས་མགོན་དུ་ཅི་ནས་ཀྱང་ཕེབས་གྲུབ་ཐབས་ཀྱི་ཞུ་བ་ཕུལ་བ་ལ། ཐུགས་བརྩེེ་ཟབ་མོས་ཞལ་བཞེས་གནང་བར་མ་ཟད། ད་རེས་ང་སྨོན་ལམ་ལ་ཡོང་དུས་གཙོ་བོ་བཟང་སྤྱོད་སྨོན་ལམ་འབུམ་བཅུ། དམ་ཚིག་རྡོ་རྗེའི་བཟླས་པ་དུང་གཅིག་འགྲོ་ངེས་པ་དང་། མཆོད་མེ་འབུམ་གཅིག་ཡན་ཆད། བཀའ་འགྱུར་དག་འདོན་རྣམས་བྱ་དགོས་ཞེས་བཀའ་ནན་སྩལ་བ་ལྟར། ༧རྒྱལ་དབང་མཆོག་ནས་ཀྱང་༧བྱམས་མགོན་རིན་པོ་ཆེའི་དགོངས་བཞེད་ལྟར་སྒྲུབ་དགོས་པའི་བཀའ་ཕེབས་དོན་བཞིན། ད་རེས་སྨོན་ལམ་ཆེན་མོར་གསུང་རྒྱུའི་དམིགས་གསལ་ཞལ་འདོན་གྱི་རིམ་པ་རྣམས་ཕྱོགས་བསྒྲིགས་ཀྱིས་འཕྲུལ་དེབ་ཐོག་པར་སྐྲུན་ཞུས་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་བཞི་པ།”

ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་བཞི་པ།

གསུང་འབུམ། པོད། ཡཱ

EPUB PDF

པོད་བཞི་པ། ཡཱ༽ ༨༽ གནས་བརྒྱད་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིམ་པར་ཕྱེ་བའི་ནང་གསེས་ལས། སྐབས་བཞི་པ་རྡོ་རྗེ་ཐེག་པའི་སྒོམ་རིམ་མན་ངག་གཙོ་བོར་བྱེད་པ་བྱེ་བྲག་ཏུ་བསྟན་པའི་སྐབས་དང་། ༩༽ གནས་དགུ་པ། བགྲོད་བྱ་ས་དང་ལམ་གྱི་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ རྒྱུ་མཚན་ཉིད་ཀྱི་ཐེག་པའི་ས་ལམ་རྣམ་པར་བཞག་པའི་སྐབས། ༢ འབྲས་བུ་རྡོ་རྗེ་ཐེག་པའི་ས་ལམ་རྣམ་པར་བཞག་པའི་སྐབས། ༣ ལམ་གྱི་ཡན་ལག་བོགས་འདོན་སྤྱོད་པ་རྣམ་པར་བཞག་པའི་སྐབས། ༤ སྔ་འགྱུར་ཡོ་ག་རྣམ་གསུམ་གྱི་ས་ལམ་རྣམ་པར་བཞག་པའི་སྐབས་དང་། ༡༠༽ གནས་བཅུ་པ། མཐར་ཕྱིན་འབྲས་བུའི་རང་བཞིན་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ མཚན་ཉིད་ཐེག་པའི་འབྲས་བུ་གཏན་ལ་དབབ་པའི་སྐབས། ༢ སྔགས་ཀྱི་ཐུན་མོང་གི་དངོས་གྲུབ་གཏན་ལ་དབབ་པའི་སྐབས། ༣ རྡོ་རྗེ་ཐེག་པའི་མཐར་ཐུག་གི་འབྲས་བུ་གཏན་ལ་དབབ་པའི་སྐབས། ༤ གསང་སྔགས་སྔ་འགྱུར་ལུགས་ཀྱི་འབྲས་བུ་བྱེ་བྲག་ཏུ་གཏན་ལ་དབབ་པའི་སྐབས། ཐ་མར་དགེ་བ་མཇུག་གི་དོན་དང་རྩོམ་པའི་དགོས་པ་དང་སྨོན་བྱང་བཅས་སོ།།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་གསུམ་པ།”

ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་གསུམ་པ།

གསུང་འབུམ། པོད། མཱ

EPUB PDF

པོད་གསུམ་པ། མཱ༽ ༦༽ གནས་དྲུག་པ། ཐོས་པའི་རིམ་པར་ཕྱེ་བའི་ནང་གསེས་ལས། སྐབས་བཞི་པ་གསང་སྔགས་རྡོ་རྗེ་ཐེག་པ་རྣམ་པར་བཞག་པའི་སྐབས་དང་། ༧༽ གནས་བདུན་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ འཇལ་བྱེད་ཀྱི་ལྡེའུ་མིག་རྣམ་པར་ངེས་པའི་སྐབས། ༢ འཁོར་ལོ་གསུམ་གྱི་དྲང་ངེས་དང་བདེན་གཉིས་རྟེན་འབྲེལ་རྣམ་པར་ངེས་པའི་སྐབས། ༣ གཙོ་བོ་ལྟ་བ་རྣམ་པར་ངེས་པའི་སྐབས། ༤ བློ་ལྡོག་རྣམ་བཞི་རྣམ་པར་ངེས་པའི་སྐབས། ༨༽ གནས་བརྒྱད་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ ཏིང་ངེ་འཛིན་ཀུན་གྱི་སྤྱི་གཞི་ཞི་ལྷག་གི་སྒོམ་རིམ་བསྟན་པའི་སྐབས། ༢ རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྒོམ་རིམ་བྱེ་བྲག་ཏུ་བསྟན་པའི་སྐབས། ༣ གསང་སྔགས་རྡོ་རྗེ་ཐེག་པའི་སྒོམ་རིམ་རྒྱུད་གཙོ་བོར་བྱེད་པ་སྤྱིར་བསྟན་པའི་སྐབས་བཅས་སོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་གངྒཱའི་ཆུ་རྒྱུན།”

ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་གངྒཱའི་ཆུ་རྒྱུན།

EPUB PDF

༧དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་རྗེ་བཅུ་བདུན་པ་ཆེན་པོ་མཆོག་གིས། ༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་ལ་བཀའ་སྩལ་སྤྱི་བོར་ཕེབས་པ་བཞིན། གནས་མཆོག་རྡོ་རྗེ་གདན་དུ་འགྲོ་མགོན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་སོ་དྲུག་པའི་སྔོན་འགྲོའི་གསུང་ཆོས་ཉིན་གསུམ་གྱི་རིང་། ཕྱག་ཆེན་གངྒཱ་མའི་བཀའ་ཁྲིད་ཟབ་ཅིང་རྒྱས་པ་སྩལ་གནང་པ་དེ་དང་། ལོ་མང་སྔོན་ཐེ་ཝན་མཚོ་གླིང་དུ་དད་ལྡན་སློབ་ཚོགས་རྣམས་ལ་གནང་བའི་གངྒཱ་མའི་བཀའ་ཆོས་བསྡུས་པ་ཞིག་བཅས་བཞུགས་པ་ཡི་གེར་ཕབ་ཅིང་ཞུས་ཏེ། བཀའ་ཁྲིད་སྔ་ཕྱི་གཉིས་ལ་རིམ་པ་བཞིན་དུ།《གངྒཱའི་ཆུ་རྒྱུན།》ཞེས་དང་།《མེས་པོའི་ཞལ་ལུང་།》ཞེས་པའི་མཚན་གསོལ་ཏེ་དཀྱུས་གཅིག་ཏུ་བསྒྲིགས་ནས་བཀོད་པ་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་གཉིས་པ།”

ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་གཉིས་པ།

གསུང་འབུམ། པོད། ཝཾ

EPUB PDF

པོད་གཉིས་པ། ཝཾ༽ ༥༽ གནས་ལྔ་པ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ སློབ་དཔོན་དང་སློབ་མའི་མཚན་ཉིད། བསྟེན་ཚུལ། འཆད་ཉན་བཅས་བཤད་པའི་སྐབས། ༢ སོ་ཐར་གྱི་སྡོམ་པ་རབ་ཏུ་དབྱེ་བའི་སྐབས། ༣ བྱང་སེམས་ཀྱི་བསླབ་པ་བརྗོད་པའི་སྐབས། ༤ རིག་འཛིན་གྱི་སྡོམ་པ་སྤྱིར་བཤད་པ་དང་བཅས་པའི་སྐབས་དང་། ༦༽ གནས་དྲུག་པ། ཐོས་པའི་རིམ་པར་ཕྱེ་བ་ལ་སྐབས་བཞི་ལས། ༡ ཐུན་མོང་རིག་པའི་གནས་རྣམས་དང་འཇིག་རྟེན་པའི་ལམ་རྣམ་པར་བཞག་པའི་སྐབས། ༢ ཐེག་པ་ཆེ་ཆུང་ཤེས་བྱ་སྤྱིའི་གནས་རྣམ་པར་བཞག་པའི་སྐབས། ༣ རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམ་པར་བཞག་པའི་སྐབས་བཅས་སོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་དང་པོ།”

ཤེས་བྱ་ཀུན་ཁྱབ་མཛོད། གླེགས་བམ་དང་པོ།

གསུང་འབུམ། པོད། ཨེ

EPUB PDF

པོད་དང་པོ། ཨེ༽ ༡༽ གནས་དང་པོ། གདུལ་ཞིང་སྣོད་བཅུད་ཀྱི་འཇིག་རྟེན་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ ཞིང་ཁམས་སྤྱིར་བསྟན་པ་ཐེག་པ་ཆེན་པོའི་ལུགས་ལྟར་བརྗོད་པའི་སྐབས། ༢ འཇིག་རྟེན་བྱེ་བྲག་ཏུ་བསྟན་པ་ཐེག་དམན་དང་ཐུན་མོང་དུ་བརྗོད་པའི་སྐབས། ༣ དུས་ཀྱི་འཁོར་ལོའི་ལུགས་དམིགས་སུ་བསལ་བ་དང་འཇལ་བྱེད་ཀྱི་ཚད་བརྗོད་པའི་སྐབས། ༤ འཁོར་བ་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་བསྟན་པའི་སྐབས་དང་། ༢༽ གནས་གཉིས་པ། འདུལ་བྱེད་སྟོན་པ་བྱོན་ཚུལ་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ སྟོན་པ་ཉིད་སྔོན་བྱང་ཆུབ་ཏུ་ཇི་ལྟར་གཤེགས་པའི་སྐབས། ༢ སྟོན་པ་མངོན་པར་རྫོགས་པར་འཚང་རྒྱ་བའི་བཞེད་པ་ཐ་དད་པའི་སྐབས། ༣ སྤྲུལ་པའི་སྐུས་ཞིང་འདིར་མཛད་པ་བཅུ་གཉིས་བསྟན་པའི་སྐབས། ༤ འོད་གསལ་རྡོ་རྗེ་རྩེ་མོའི་ལུགས་ཀྱི་སྐུ་དང་ཞིང་ཁམས་ཁྱད་པར་དུ་ཕྱེ་བའི་སྐབས་དང་། ༣༽ གནས་གསུམ་པ། བསྟན་པ་དམ་པའི་ཆོས་ཀྱི་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ བསྟན་པ་དམ་པའི་ཆོས་ངོས་བཟུང་བ། ༢ ལུང་གི་ཆོས་བྱེ་བྲག་ཏུ་དབྱེ་བའི་སྐབས། ༣ བཀའ་ཡི་བསྡུ་བ་རྣམས་བཤད་པའི་སྐབས། ༤ སྔ་འགྱུར་རྙིང་མའི་བབ་ལུགས་བཤད་པའི་སྐབས་དང་། ༤༽ གནས་བཞི་པ། རྒྱལ་བསྟན་འཛམ་བུའི་གླིང་དུ་ཇི་ལྟར་དར་བའི་རིམ་པར་ཕྱེ་བ་ལ་སྐབས་བཞི། ༡ བསྟན་པ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་སྐབས། ༢ གངས་ཅན་ལྗོངས་སུ་བསྟན་རྩ་འདུལ་བ་དང་བཤད་རྒྱུན་གྱི་བྱུང་བ་བརྗོད་པའི་སྐབས། ༣ སྒྲུབ་བརྒྱུད་ཤིང་རྟ་རྣམས་ཀྱི་བྱུང་བ་བརྗོད་པའི་སྐབས། ༤ རིག་གནས་ཞར་བྱུང་དང་བཅས་པའི་བྱུང་བ་བརྗོད་པའི་སྐབས་བཅས་སོ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཨ་ཕོ་དགའ་དགའི་ངོ་མཚར་བའི་མཛད་རྣམ།”

ཨ་ཕོ་དགའ་དགའི་ངོ་མཚར་བའི་མཛད་རྣམ།

PDF

ཨ་ཕོ་དགའ་དགའི་རྣམ་ཐར་འདི་ནི་ང་ཁོང་ལ་དད་འདུན་ཆེ་དྲག་པས་དག་སྣང་རིང་ལུགས་སུ་བྲིས་པ་མིན་པར། ཁོང་སྐུ་འཁྲུངས་སྐབས་སོགས་ལ་དངོས་བྱུང་ངོ་མཚར་བའི་ལོ་རྒྱུས་མང་དྲག་པས་དངོས་སྣང་རིང་ལུགས་སུ་བྲིས་པ་ཞིག་ཡིན། མཛད་རྣམ་འདི་བྲི་སྐབས་ཨ་ཕོ་དགའ་དགའ་ཁོང་མ་ཡུམ་གྱི་སྐུ་ལ་ཚུར་ཕེབས་པ་ནས་བཟུང་གདན་ས་མཚུར་ཕུ་རུ་མ་ཕེབས་བར་གྱི་ངོ་མཚར་བའི་མཛད་རྣམ་ཞིག་ཡིན་ཞིང་། ཡབ་ཡུམ་སྐུ་མཆེད་དང་ཡུལ་མི་རྣམས་ལ་བཅར་འདྲི་བྱས་ནས་ཁོང་རྣམ་པས་ཇི་ལྟར་གསུངས་པ་བཞིན་ཡུལ་སྐད་རང་གི་ཐོག་ནས་བྲིས་ཤིང་གོ་དཀའ་བ་རྣམས་ལ་མཆན་བཀོད་པ་ཡིན། ཡུལ་སྐད་ཀྱི་ཐོག་ནས་བྲིས་པས་ཅུང་གོ་དཀའ་བར་སྣང་ནའང་། ཁོང་རྣམ་པར་བཅར་འདྲི་བྱེད་སྐབས་ཀྱི་གསོན་ཉམས་ལྡན་པའི་སྐད་ཆ་འདི་དག་ལ་རང་བཟོས་བཅོས་སུ་མ་བཟོད་པས་ཐད་ཀར་ཡུལ་སྐད་ཀྱི་ཐོག་ནས་བྲིས་པ་ཡིན་པས་དུས་རབས་ཉེར་གཅིག་གི་སྐབས་སུ་ཕ་ཡུལ་གྱི་སྐད་གཤིས་ཇི་ལྟར་ཡོད་པ་མ་འོངས་པའི་ལྷ་ཐོག་གི་མི་རབས་རྗེས་མ་དག་ལ་དྲན་གསོ་དང་། ད་སྐབས་འཛམ་གླིང་གང་སར་གནས་པའི་ཨ་ཕོ་དགའ་དགའ་ལ་དད་འདུན་ཅན་རྣམས་ཀྱི་མིག་སྔར་ཁོང་འཁྲུངས་ཡུལ་གྱི་ཡུལ་སྐད་ཇི་ལྟར་ཡིན་པ་ཤེས་པའི་དགོས་པའང་ཡོད་པར་འདོད། ཞོར་དུ་ལོ་རྒྱུས་འདིའི་ནང་གི་ལྷ་ཐོག་དགོན་དང་དཀར་ལེགས་དགོན་ནི་དགོན་པ་གཅིག་ཡིན་པར་ཤེས་དགོས།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་ཞལ་གདམས་གཅེས་བཏུས།”

༸སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་ཞལ་གདམས་གཅེས་བཏུས།

EPUB PDF

༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་ཞལ་གདམས་གཅེས་བཏུས་ཞེས་པ་འདི་ནི། མཁན་ཆེན་རིན་པོ་ཆེ་ཉིད་ཀྱིས་མཛད་གནང་བའི་གསུང་རྩོམ་རྒྱ་མཚོ་ལྟ་བུ་ལས་གདམས་པ་གང་གཅེས་གཅེས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཡིན། གཞུང་རྒྱ་ཆེ་བར་ལྟ་ཀློག་མ་ཁོམ་པ་རྣམས་ལ། ཚིག་ཉུང་ལ་གནད་བསྡུས་པ། དོན་གོ་སླ་བ། ཆོད་ཆེ་བ་གདམས་ངག་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔའི་གྲངས་དང་ལྡན་པ། ཉིན་མ་རེར་གདམས་པ་རེ་ཐུགས་ལ་བཟུང་ནས་ལག་ཏུ་ལེན་ཐུབ་པ་བྱུང་ན་ཕན་ཐོག་ཤིན་ཏུ་ཆེ།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཟབ་ཏིག་སྒྲོལ་མ་མཎྜལ།”

ཟབ་ཏིག་སྒྲོལ་མ་མཎྜལ།

EPUB 🎧 PDF 🎧

དགོངས་གཏེར་སྒྲོལ་མའི་ཟབ་ཏིག་ལས་མཎྜལ་ཆོ་ག་ཚོགས་གཉིས་སྙིང་པོ། འདིའི་ནང་ཚིག་བདུན་གསོལ་འདེབས་དང་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་རྒྱལ་དབང་བཅུ་བདུན་པའི་ཞལ་གསུང་མ་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཕྱག་ཆེན་རྒྱ་གཞུང་གི་སྨིན་གྲོལ་ཐོབ་ཡིག །”

ཕྱག་ཆེན་རྒྱ་གཞུང་གི་སྨིན་གྲོལ་ཐོབ་ཡིག །

EPUB PDF

བཀའ་བརྒྱུད་པའི་ལྟ་བ་ཕྱག་རྒྱ་ཆེན་པོ་ནི། འཕགས་ཡུལ་གྲུབ་ཆེན་རྣམས་ཀྱི་དགོངས་པ་ཡིན་ཅིང་། གྲུབ་ཆེན་སོ་སོའི་ལྟ་བ་དང་རྟོགས་པ་ནི་དོ་ཧ་རྡོ་རྗེའི་མགུར་སོགས་སུ་གསལ་ནས་ཡོད་པས། ཀརྨ་པ་ཆོས་གྲགས་རྒྱ་མཚོས། ཕྱག་ཆེན་རྒྱ་གཞུང་ཕྱོགས་བསྒྲིགས་བགྱིས་པ་རེད། ཕྱག་ཆེན་རྒྱ་གཞུང་ལ་ཐོས་བསམ་བསྒོམ་པ་བྱ་བའི་ཐོག་མར། བླ་མ་བརྒྱུད་པའི་རིམ་པ་ལས་བྱུང་བའི་སྨིན་གྲོལ་རྣམས་ཐོབ་དགོས། འདིར་ནི་དྲུང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེས་བླ་མ་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་གནང་བ་གསལ་བར་འཁོད་ཡོད་པས་ན། ཕྱི་རབས་པ་རྣམས་ལ་གོང་མའི་ཕྱག་ལེན་ཤེས་པའི་མིག་ཏུ་འགྱུར་ངེས་པ་ཡིན་ནོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རླངས་འཁོོར་བྱིིན་རློབས་ཀྱིི་ཆོོ་ག །”

རླངས་འཁོོར་བྱིིན་རློབས་ཀྱིི་ཆོོ་ག །

PDF

དེེང་སང་གིི་ཉེེར་སྤྱོོད་རླངས་འཁོོར་ནི། ཚེེ་སྲོོག་དང་ཐད་ཀར་འབྲེེལ་བ་ཡོོད་པ་ཡིན་ཕྱིིར། དཀོན་མཆོོག་གིིས་བྱིིན་གྱིིས་བརླབས་ཏེེ། ཚེེ་རིང་ནད་མེད་ཡོོང་བའི་སྨོོན་ལམ་བཏབ་ན། བསམ་དེོན་ཡིད་བཞིིན་འགྲུབ་པར་འགྱུར་རོ། །

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “རྡོ་རྗེ་འཆང་ཐུང་མའི་འགྲེལ་པ།”

རྡོ་རྗེ་འཆང་ཐུང་མའི་འགྲེལ་པ།

EPUB PDF

རྡོ་རྗེ་འཆང་ཐུང་མ་ཞེས་གྲགས་པ་ནི་ཀུན་མཁྱེན་བན་སྒར་བ་འཇམ་དཔལ་བཟང་པོས་མཛད་ཅིང་། སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་དོན་བརྒྱུད་ཀྱི་གསོལ་འདེབས་གྲགས་ཆེ་ཤོས་དེ་ཡིན། དེ་ལ་གནའ་དེང་གི་མཁས་པ་རྣམས་ཀྱིས་མཛད་པ་དང་གསུངས་པའི་འགྲེལ་པ་མི་ཉུང་བ་བཞུགས་པ་ལས། འདིར་སྐྱོ་བྲག་མཁན་པོ་དགའ་དབང་གིས་མཛད་པའི་འགྲེལ་པ་ཉམས་ལེན་མ་ནི་བཀའ་བརྒྱུད་པའི་ལུགས་ཀྱི་སྒོམ་གྱི་དཀའ་གནད་མང་པོ་ཞིག་གསལ་བ་དང་། འདན་མ་ལེགས་མཐོང་རྣམ་རྒྱལ་ལམ་རྩིས་ཆེ་ལེགས་མཐོང་གིས་མཛད་པའི་བན་སྒར་ཆོས་བཞི་ནི་དེང་རབས་ཀྱི་མིའི་སེམས་ཁམས་དང་འཚམས་པོ་ཡོད་པ་དེས་ད་རེས་འགྲེལ་པ་གཉིས་པོ་འཕྲུལ་དེབ་ཏུ་བཟོས་ནས་སྤེལ་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན། བྱེ་མདོ་གཉིས་ཀྱི་སྐོར།”

གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན། བྱེ་མདོ་གཉིས་ཀྱི་སྐོར།

EPUB PDF

དཔལ་༧རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་བཀའ་བརྒྱུད་དགུན་ཆོས་ཡིག་ཆ་ཕྱོགས་སྒྲིག་ཚོགས་པས། གྲུབ་མཐའ་དྭགས་བརྒྱུད་མཛེས་རྒྱན་ལས་བྱེ་མདོ་གཉིས་ཀྱི་སྐོར། བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའི་རྣམ་གཞག་ཕྱོགས་སྒྲིག་གནང་བ་དེ་ཉིད་ད་ལམ་འཕྲུལ་དེབ་ཐོག་པར་སྐྲུན་ཞུས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཐུབ་པའི་རྒྱུན་ཁྱེར་པདྨའི་སྙིང་པོ།”

ཐུབ་པའི་རྒྱུན་ཁྱེར་པདྨའི་སྙིང་པོ།

PDF JPG

ཇོ་བོ་བཀའ་གདམས་པའི་ཐུགས་དམ་ལྷ་བཞིའི་གྲས་སུ་གཏོགས་པ། སྟོན་པ་ཐུབ་པའི་དབང་པོའི་སྒྲུབ་ཐབས་དཔལ་གྱི་སྙིང་པོ་ལས། རྒྱུན་དུ་ཉམས་ལེན་བྱེད་བདེ་བའི་ཆོ་ག་བསྡུས་པ་འདི་དོན་གཉེར་ཅན་འགས་བསྐུལ་མ་ཞུས་དོན་ལྟར་རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་ལྗགས་རྩོམ་མཛད་པ་ཞིག་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཐུབ་ཆོག་དཔལ་གྱི་སྙིང་པོ་དང་ཐུབ་བསྟོད།”

ཐུབ་ཆོག་དཔལ་གྱི་སྙིང་པོ་དང་ཐུབ་བསྟོད།

EPUB PDF

ཇོ་བོ་བཀའ་གདམས་པའི་ཐུགས་དམ་ལྷ་བཞིའི་གྲས་སུ་གཏོགས་པ། སྟོན་པ་ཐུབ་པའི་དབང་པོའི་སྒྲུབ་ཐབས་དཔལ་གྱི་སྙིང་པོ་དང་། ཐུབ་བསྟོད་ཚོགས་གཉིས་གཏེར་ཆེན་ཞེས་པ་འདི་གཉིས། སྤྱི་ལོ་ ༢༠༢༡ ལོར་མར་རྔོག་དབྱར་ཆོས་ཆེན་མོ་ཐོག་མར་ཚོགས་སྐབས། རྒྱལ་དབང་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་ཆོ་གའི་ས་བོན་ཙམ་མཛད་པ་དེའི་སྟེང་དུ། ད་ལོའི་མར་རྔོག་དབྱར་ཆོས་ཆེན་མོའི་བར་གསེང་རྣམས་སུ་རྒྱལ་དབང་མཆོག་ནས་ཆོ་ག་ཆ་ཚང་བ་རྩོམ་སྒྲིག་བཀའ་དྲིན་བསྐྱངས་ཡོད་ཅིང་། ཐུབ་ཆོག་འདི་ལ་སྔོན་འགྲོ་དང་དངོས་གཞིའི་ཉམས་ལེན་ཐམས་ཅད་ཚང་ཞིང་། དམིགས་རིམ་རྣམས་ཀྱང་ཡིག་ཆུང་དུ་གསལ་བར་མཛད་ཡོད། བསྟོད་པ་ཚོགས་གཉིས་གཏེར་ཆེན་ནི་སློབ་དཔོན་མཱ་ཏྲྀ་ཙེ་ཊའམ་མ་ཁོལ་གྱིས་མཛད་པའི་བསྟོད་པ་བརྒྱ་ལྔ་བཅུ་པའི་དོན་བསྡུས་ལྟ་བུ་ཡིན་ལ། བརྗོད་བྱ་རྗོད་བྱེད་རྣམས་ཀྱང་གོ་སླ་བ་གཙོར་འདོན་གནང་འདུག་པས་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད། ད་རེས་དམ་ཆོས་བང་མཛོད་ནས་རྒྱལ་དབང་མཆོག་གི་བཀའ་དགོངས་ལྟར་ཐུབ་ཆོག་དང་ཐུབ་བསྟོད་སྦྲགས་མ་འདི་ཉིད་འཕྲུལ་དེབ་ཏུ་པར་བསྐྲུན་ཞུས་པ་ཡིན།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “ཆོས་ཀྱི་སྙན་གྲགས། • The Glory of Dharma”

ཆོས་ཀྱི་སྙན་གྲགས། • The Glory of Dharma

༧སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་རགས་བསྡུས།
Brief Accounts of the Lives and Deeds of the Incarnations of the Lord of Refuge Thrangu Rinpoche

PDF

སྒྲུབ་བརྒྱུད་བསྟན་པའི་མཛེས་རྒྱན་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་འགྲོ་བ་སེམས་ཅན་གྱི་དོན་དུ་ད་བར་སྐུའི་འཕྲེང་བ་རིམ་པ་དགུ་བར་བྱོན་ཡོད། དེ་བས་མགོན་གང་གི་རྣམ་ཐར་རྗེས་དྲན་སླད་གདུང་སྲས་བླ་མ་པདྨ་མཆོག་གིས་བརྙན་དེབ་འདིར་༧སྐྱབས་རྗེ་ཁྲ་འགུ་རིན་པོ་ཆེའི་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་སྐུ་ཐང་དང་བཅས་པ་མདོར་བསྡུས་བཀོད་ཡོད་པ་དང་ལྷག་པར་དུ་ཁྲ་འགུ་སྐུ་འཕྲེང་དགུ་པ་ཀརྨ་བློ་གྲོས་རིང་ལུགས་སྨྲ་བའི་སེང་གེ་མཆོག་གི་ཞལ་པར་མང་དག་ཅིག་ཕྱོགས་བསྒྲིགས་བྱས་ཡོད།

ད་དུང་བལྟ་ཀློག • Read More • 閱讀更多
Featured image for “དྭགས་པོའི་བླ་རྣལ་དང་ཚོགས་མཆོད།”

དྭགས་པོའི་བླ་རྣལ་དང་ཚོགས་མཆོད།

EPUB PDF

མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་མོ། ཆོས་རྒྱལ་དྭགས་པོ་ལྷ་རྗེའི་བླ་སྒྲུབ་འདི་ནི་མཁན་ཆེན་ཟླ་བཟང་སྐུ་ཕྲེང་དང་པོ། ངེས་དོན་བསྟན་པ་རབ་རྒྱས་ཀྱི་དག་སྣང་ལས་བྱུང་བའི་དགོངས་པ་གཞིར་བཞག །འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་རྒྱས་བསྡུས་འཚམས་པའི་ཕྱོགས་བསྒྲིགས་མཛད་པ་ཡིན་ལ། ལྷན་ཐབས་ཚོགས་མཆོད་དེ་ནི་ཀརྨ་ཆགས་མེད་སྐུ་ཕྲེང་ལྔ་པས་མཛད་པ་ཡིན། ད་རེས་ 2022 ལོའི་མར་རྔོག་དབྱར་ཆོས་ཆེན་མོ་དེ་དྭགས་པོ་རིན་པོ་ཆེའི་དུས་མཆོད་དང་སྟབས་འགྲིག་པས། རྒྱལ་དབང་བཅུ་བདུན་པ་ཆེན་པོས་རྒྱ་བལ་འབྲུག་གསུམ་གྱི་ཀར་དགོན་རྣམས་ནས་བླ་སྒྲུབ་འདི་ཉིད་ཀྱི་སྒོ་ནས་ཚོགས་མཆོད་འབུལ་དགོས་པའི་བཀའ་ཕེབས་དོན་ལྟར། གུས་འབངས་དམ་ཆོས་བང་མཛོད་ནས་སྒྲུབ་པའི་མཆོད་པར་དམིགས་ཏེ་འཕྲུལ་དེབ་ཏུ་པར་སྐྲུན་ཞུས་པ་དགེའོ། །

ད་དུང་བལྟ་ཀློག • Read More • 閱讀更多